第01版: 4下一版
 
版面导航

第01版

第02版
文件

第03版
综合新闻
 
标题导航
མི་རིགས་ལས་དོན་ནི་མི་སེམས་གཅིག་ཏུ་སྒྲིལ་བའི་ལས་དོན་ཞིག་རེད།
རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་།
“ད་ཆ་དྲོད་ལེན་སྒྲོག་ཙེ་དང་གློག་ཐབ”བེད་སྤྱོད་བྱེད་དགོས་ཀྱི་མི་འདུག
ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་(ལྷོ་ཁའི་དུམ་བུ)དང་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ནགས་བཟོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
གྲོང་ཁྱེར་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གྲོང་ཁུལ་ནང་ཁུལ་གྱི་ས་ཆ་ཁག་ཏུ་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ།
ནུས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གཏོད།
དཔལ་འབྱོར་ནགས་གླིང་བཏབས། ལྗང་མདོག་ལམ་བུར་བསྐྱོད།
ངེད་གྲོང་ཁྱེར་གྱིས་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་ལས་ཀར་སྐུལ་སློང་བཀོད་སྒྲིག་བྱས་པ།
| 山南网首页 |
2024年3月18日 星期
3 上一篇  下一篇 4 放大 缩小 默认
“ད་ཆ་དྲོད་ལེན་སྒྲོག་ཙེ་དང་གློག་ཐབ”བེད་སྤྱོད་བྱེད་དགོས་ཀྱི་མི་འདུག
ལྷུན་རྩེ་རྫོང་གི་ཉི་ནུས་གཅིག་སྡུད་དྲོད་མཁོ་འདོན་རྣམ་གྲངས་སྤྱོད་འགོ་ཚུགས་པ།
ཡེ་ཤེས་བཟང་མོས་བསྒྱུར།
 

ང་ཚོའི་ནང་ལ་དྲོད་ལེན་སྒྲོག་ཙེ་བཏང་དགོས་ཀྱི་མིན་འདུག ད་ཡིན་ན་དགུན་ཁར་རྡོ་སོལ་ཐབ་དང་ལྕགས་ཐབ་སོགས་གཏོང་དགོས་བྱུང་མ་སོང་། དྲོད་མཁོ་འདོན་སྒྲིག་ཆས་ཀྱི་དྲོད་ཚད་མཐོ་པོ་ཆག་ཚད་དེ་མགྱོགས་པོ་འདུག་པས་ཁྱིམ་དུ་ལོག་མ་ཐག་སྟོད་གོས་ཕུད་ནས་བསྡད་ན་འགྲིག་གི་འདུག་ཅེས་ལྷུན་རྩེ་རྫོང་སྡེ་ཚོགས་རྫོང་ཨུད་ཀྱི་ཚེ་རིང་ལྷ་མོས་གསར་འགོད་པར་དགའ་ཚོར་ངང་བཤད།

ལྷུན་རྩེ་རྫོང་ནི་བོད་ཀྱི་ས་བབ་མཐོ་བའི་རྫོང་གྲོང་ཞིག་ཡིན་ཞིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཟིན་པ་དང་གནམ་གཤིས་གྲང་མོ་ཡོད། དེ་སྔ་ལྷུན་རྩེ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྡོ་སོལ་ཐབ་དང་གློག་ཐབ་སོགས་ལ་བརྟེན་ནས་དྲོད་ལེན་གྱི་ཡོད་པས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་རྩ་མང་དག་ཞིག་ཡོད་པ་མ་ཟད། གློག་རིན་ཡང་མཐོ་པོ་འགྲོ་གི་ཡོད།

2022ལོར། ལྷུན་རྩེ་རྫོང་གིས་རྫོང་དེའི་གནས་ཚུལ་དང་དམངས་འདུན་ཟུང་འབྲེལ་བྱས་ཏེ་བརྟག་ཞིབ་གཏིང་ཟབ་དང་། མཐིལ་རྟོགས་ཞིབ་ཚགས། བསམ་ཕྱོགས་ལེགས་སྒྲིག་བཅས་བྱས་ནས་རྫོང་གྲོང་གི་གཅིག་སྡུད་དྲོད་མཁོ་འདོན་རྣམ་གྲངས་འཛུགས་སྐྲུན་གྱི་ཇུས་གཞི་བཟོས་པ་རེད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) 2023ལོའི་ཟླ་11ཚེས་1ཉིན། ལྷུན་རྩེ་རྫོང་གི་ཉི་ནུས་གཅིག་སྡུད་དྲོད་མཁོ་འདོན་རྣམ་གྲངས་དེ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། དེ་ནི་ལྷུན་རྩེ་རྫོང་དུ་ཉི་འོད་ནུས་པ་སྤྱད་ནས་དགུན་དུས་སུ་གཅིག་སྡུད་ཐོག་དྲོད་མཁོ་འདོན་བྱེད་ཐེངས་ཐོག་མ་དེ་ཡིན་པ་རེད། དྲོད་མཁོ་འདོན་རྣམ་གྲངས་ཀྱི་སྤྱིའི་ས་ཁྱོན་ལ་སྨི་ངོས་གྲུ་ཁྲི་20.3ཟིན་པ་དེས་གྲོང་ཁུལ་གྱི་མི་7000ཙམ་ལ་དྲོད་མཁོ་འདོན་ཐུབ་ནས་རྫོང་གྲོང་གི་ཁོར་ཡུག་ལེགས་སུ་ནུས་ལྡན་གཏོང་བ་དང་། ནུས་རྒྱུའི་ཟད་གྲོན་ཆུང་དུ་གཏོང་བ། དྲོད་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་གཏོང་བ་བཅས་བྱུང་ནས་གྲོང་མིའི་རྒྱུན་གཏན་གྱི་འཚོ་བར་སྟབས་བདེ་བསྐྲུན་ཡོད་པ་རེད།

ད་ཆ་ལྷུན་རྩེ་རྫོང་ཁུལ་གྱི་གྲོང་མིའི་སྒོ་རའི་ནང་མེ་ཤིང་དང་རྡོ་སོལ་སོགས་མཐོང་རྒྱུ་མེད། དྲོད་མཁོ་འདོན་སྒྲིག་ཆས་ཀྱིས་སྲོལ་རྒྱུན་སོལ་ཐབ་ཀྱི་ཚབ་བྱས་པ་ལས་ཁང་པའི་ནང་གཙང་སྦྲ་དོད་པོ་ཆགས་པ་དང་། གཅིག་སྡུད་དྲོད་མཁོ་འདོན་སྒྲིག་ཆས་འདི་ཉིད་མཛེས་སྡུག་ལྡན་པའི་རྫོང་གྲོང་བསྐྲུན་པའི“ཚད་ལྡན་སྒྲིག་སྦྱོར་”ཤིག་ཏུ་གྱུར་ཡོད་པ་རེད།

ལྷུན་རྩེ་རྫོང་གི་ལས་བྱེད་པ་ཀུན་དགའ་སྒྲོལ་མའི་ཁྱིམ་དུ་བསྐྱོད་ཚེ། ཁང་པའི་ཕྱི་རོལ་གྱི་གྲང་ངར་དང་མི་འདྲ་བར། ནང་དུ་འཛུལ་མ་ཐག་ཚ་སོབ་སོབ་ཞིག་ཡོད། ཀུན་དགའ་སྒྲོལ་མས། དེ་སྔོན་རྡོ་སོལ་ཐབ་གཏོང་དུས་ཁང་པའི་ནང་དུ་རྡུལ་ནག་གིས་ཁེངས་ཀྱི་འདུག ད་ཆ་གཙང་ལ་བདེ་འཇགས་ལྡན་པའི་དྲོད་རླངས་སྒྲིག་སྦྱོར་བྱས་པས་དབྱང་གཅིག་ཐན་འགྱུར་གྱི་དུག་ཕོག་ཉེན་ཡོད་པའི་སེམས་ཁྲལ་བྱེད་དགོས་མིན་འདུག་ལ་ཁང་པའི་ནང་དྲོ་སོབ་སོབ་འདུག་པས། རྒན་རྒོན་དང་ཕྲུ་གུ་གཅིག་པུ་ཁྱིམ་དུ་བསྡད་ཀྱང་སེམས་ཁྲལ་མི་འདུག་ཅེས་བཤད།

ན་གཞོན་བཟའ་ཚོ་ཚེ་རིང་ལྷ་མོའི་ཁྱིམ་དུ་གསར་འགོད་པས་དྲོད་རླངས་ཀྱི་འགྲམ་དུ་སྐྱེ་དངོས་འདྲ་མིན་སྣ་ཚོགས་བཏབ་ཡོད་པ་མཐོང་། ཚེ་རིང་ལྷ་མོས། ངའི་བཟའ་ཟླ་ནི་ལྡུམ་རའི་ཆེད་ལས་ལག་རྩལ་པ་ཞིག་ཡིན་པས་རྩི་ཤིང་མེ་ཏོག་འདེབས་འཛུགས་ལ་ཤིན་ཏུ་དགའ་པོ་ཡོད། དེ་སྔོན་སྟོན་དགུན་དུས་སུ་ཁྱིམ་གྱི་རྩི་ཤིང་དང་མེ་ཏོག་མང་དག་ཞིག་འཁྱགས་ཤི་ཐེབས་པའམ་ཡང་ན་སྐྱེ་ཚུལ་ཡག་པོ་མེད། ད་ལྟ་གཅིག་སྡུད་དྲོད་མཁོ་འདོན་བྱས་རྗེས། ཁྱིམ་དུ་རྩི་ཤིང་ཚང་མ་སྐྱེས་ཚར་ཡག་པོ་འདུག་པས་ཁང་པའི་ནང་ལ་སྡོད་སྐབས་སེམས་པ་ཡང་སྐྱིད་པོ་འདུག་ཅེས་བརྗོད།

ལྷུན་རྩེ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་ཟླ་བས། ང་ཚོའི་ཞབས་ཞུ་ལྟེ་གནས་ཀྱི་ཁང་པའི་རྒྱ་ཁྱོན་ཆེ་ལ་ཉི་མ་ཕོག་གི་མེད་པས། དེ་སྔོན་དགུན་ཁའི་དུས་སུ་ལས་བྱེད་མི་སྣ་མི་རེ་ངོ་རེའི་རྐང་པའི་འགྲམ་དུ་དྲོད་གློག་རེ་བཞག་དགོས་ཀྱི་ཡོད། སྐབས་རེ་གློག་ཤུགས་མི་འདང་བའི་རྐྱེན་གྱིས་གློག་མེད་པར་སྡོད་ཀྱི་ཡོད། ད་ཆ་ང་ཚོར་གཅིག་སྡུད་དྲོད་མཁོ་འདོན་བྱས་ཡོད་པས། ང་ཚོའི་རྫོང་གི་ཞབས་ཞུའི་ཚོམས་ཆེན་ནང་དུ་དགུན་ཁ་ཡང་ཚ་སོབ་སོབ་ཡོད། འདི་གར་ཡོང་མཁན་མང་ཚོགས་ཚོས་ཀྱང་ཉི་ནུས་དྲོད་རླངས་འདིར་བསྔགས་བརྗོད་བྱེད་ཀྱི་འདུག་ཅེས་བཤད།

གཅིག་སྡུད་ཐོག་དྲོད་མཁོ་འདོན་བྱས་པ་དེས་རྫོང་གྲོང་གི་གྲོང་མིའི་དགུན་དུས་ཀྱི་རྡོ་སོལ་དང་རིགས་ཁག་གི་གློག་ཆས་ལས་བྱུང་བའི་བདེ་འཇགས་ཀྱི་རྐྱེན་རྩ་སེལ་བ་མ་ཟད། མ་གནས་དམའ་ལ་ཐཱན་ཉུང་དང་དྭངས་གཙང་གི་དྲོད་མཁོ་འདོན་ཡང་ཐུབ་ཡོད་པ་རེད།

ལྷུན་རྩེ་རྫོང་ཉི་ནུས་གཅིག་སྡུད་དྲོད་མཁོ་འདོན་སྲུང་སྐྱོང་ས་ཚིགས་ཀྱི་ཀྲེན་ཀྲང་མེ་ཙེ་ཡིས། དྲོད་གསོག་ཆུ་རྫིང་གི་རྒྱ་ཁྱོན་ལ་སྨི་ཤོ་གཟུགས་ཁྲི་280ཡོད་པ་དང་། དྲོད་ཚད་མཐོ་ཤོས་སྐབས་སུ་ཏུའུ་80ཟིན་གྱི་ཡོད། དྲོད་གསོག་ཆུ་རྫིང་ཁེངས་པའི་གནས་ཚུལ་འོག གནམ་གཤིས་ཡག་པོ་མེད་པ་དང་ཉི་དྲོད་མེད་རུང་དྲོད་གསོག་ཆུ་རྫིང་དེས་རྫོང་གྲོང་ཁུལ་དུ་ཉིན་7ནས་8བར་དྲོད་མཁོ་འདོན་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

ལྷུན་རྩེ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུད་ཀྱི་ཅུད་ཀྲང་ལིའུ་ཅི་ཡུས་ཀྱིས། གཅིག་སྡུད་ཐོག་དྲོད་མཁོ་འདོན་བྱ་རྒྱུ་འགན་ལེན་བྱ་ཆེད། ཁོང་ཚོས་ཆེད་མངགས་ཕྱོགས་གསུམ་པ་གདན་དྲངས་ནས་ཆུ་ཚོད་24རིང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་པ་དང་མངོན་མེད་རྐྱེན་རྩ་དུས་ཐོག་ཏུ་ཐག་གཅོད་བྱས་ནས་གཅིག་སྡུད་ཐོག་དྲོད་མཁོ་འདོན་བྱེད་པའི་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས་ཡོད་ལུགས་གསལ་བཤད་བྱས།

གཅིག་སྡུད་དྲོད་མཁོ་འདོན་གྱི་དམངས་འཚོའི་ལས་གཞི་འདི་ཉིད་ལག་བསྟར་བྱས་པ་ལས་རྫོང་ཡོངས་ཀྱི་ལས་བྱེད་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་དེ་བས་ཇེ་ཆེར་གྱུར་པ་དང་། དམངས་ལ་ཞབས་འདེགས་ཞུ་བའི་སེམས་ཤུགས་འཕེལ་བ། གཞི་རིམ་དུ་གཞི་ཚུགས་ནས་བློ་རྩ་དེ་བས་བརྟན་པོས་ལྷུན་རྩེའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུའི་ཆོད་སེམས་བརྟན་དུ་ཕྱིན་ཡོད་པ་རེད།

བསོད་བསྟན་དང་བསོད་དོན་གྱིས་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:
   第02版:文件
   第03版:综合新闻
   第04版:解读
མི་རིགས་ལས་དོན་ནི་མི་སེམས་གཅིག་ཏུ་སྒྲིལ་བའི་ལས་དོན་ཞིག་རེད།
རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་།
“ད་ཆ་དྲོད་ལེན་སྒྲོག་ཙེ་དང་གློག་ཐབ”བེད་སྤྱོད་བྱེད་དགོས་ཀྱི་མི་འདུག
ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་(ལྷོ་ཁའི་དུམ་བུ)དང་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ནགས་བཟོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
གྲོང་ཁྱེར་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གྲོང་ཁུལ་ནང་ཁུལ་གྱི་ས་ཆ་ཁག་ཏུ་འཕྲོད་བསྟེན་གྲོང་ཁྱེར་གཏོད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ།
ནུས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གཏོད།
དཔལ་འབྱོར་ནགས་གླིང་བཏབས། ལྗང་མདོག་ལམ་བུར་བསྐྱོད།
ངེད་གྲོང་ཁྱེར་གྱིས་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་ལས་ཀར་སྐུལ་སློང་བཀོད་སྒྲིག་བྱས་པ།