འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།སྤྱི་ཚེས་23ཉིན། ངེད་གྲོང་ཁྱེར་གྱིས་2024ལོའི་སྤྱི་དབང་མིན་པའི་དཔལ་འབྱོར་ཁྲོམ་རའི་གཙོ་གཟུགས་ཀྱིས་དུས་ཆེན་གསུམ་གྱི་འཚམས་འདྲིའི་བཞུགས་མོལ་འཚོགས་པ།
བཞུཊ་མོལ་ཚོཊ་འདུའི་ཐོག གྲོང་སྤྱི་གཞོན་པ་ཕུན་ཚོཊ་ཀྱིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་ཁྲོམ་རའི་གཙོ་གཟུཊ་ཀྱི་ཚོང་དུད་50ཡི་འཐུས་མིར་དུས་ཆེན་གྱི་འཚམས་འདྲི་བྱས་པ་རེད།
ཕུན་ཚོགས་ཀྱིས་བླང་བྱ་བཏོན་གནང་དོན། རྒྱ་ཆེའི་སྤྱི་དབང་མིན་པའི་དཔལ་འབྱོར་ཁྲོམ་རའི་གཙོ་གཟུགས་ཀྱིས་རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བའི་མཐོ་ཚད། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། སྒོ་དབྱེའི་རྣམ་པའི་དཔལ་འབྱོར་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བའི་མཐོ་ཚད། ལྷོ་ཁའི་འཐབ་ཇུས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་སྐར་ཁུང་དུས་སྐབས་བཅས་ལ་དམ་པོར་དམིགས་ནས་རང་ངོས་ཀྱི་འཕེལ་རྒྱས་དེ་ངེད་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་བྱས་ཏེ་ལྷོ་ཁའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད།ཡེ་ཤེས་བཟང་མོས་བསྒྱུར། བསོད་བདེས་ཞུས།