འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།སྤྱི་ཚེས་23ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུད་ཚོགས་འདུ་སྐོང་འཚོགས་གནང་ནས། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་གྲོས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 2023ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་སྒྲིག་བཤེར་ལྟ་བཤེར་ལས་ཀའི་གནས་ཚུལ་དང་། གྲོང་ཁྱེར་སྒྲིག་ཨུད་སྐབས་གཉིས་པའི་ཚང་གྲོས་ཐེངས་བཞི་པའི་གྲ་སྒྲིག་གནས་ཚུལ་སྙན་ཞུ་གསན་པ་དང་། རུལ་རྒོལ་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ་རེད།
ཞུས་ཁྲེང་ཚང་གིས་གསུངས་དོན། འདས་པའི་ལོ་གཅིག་རིང་། གྲོང་ཨུད་ཀྱིས་སྣེ་ཁྲིད་དེ་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་དང་། “སྲུང་སྐྱོང་གཉིས་”ཀྱི་ཆབ་སྲིད་མཐོ་ཚད་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། བྱེད་པོའི་འགན་འཁྲི་རང་འགུལ་ངང་འཁུར་བ་དང་། ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་བྱས་ཐོག་ངེད་གྲོང་ཁྱེར་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་ཕན་འབྲས་དངོས་ཐོབ་པ་བྱས་ཡོད།
ཞུས་ཁྲེང་ཚང་གིས་བླང་བྱ་བཏོན་གནང་དོན། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲང་ཡུང་ཙེ་དང་ཝང་ཞ་ཡི་དུག་རྒྱུན་གྱི་ཤུགས་རྐྱེན་གཙང་སེལ་མཐའ་གཅིག་ཏུ་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) བྱས་ནས་ཉེན་བརྡ་རྒྱུན་སྒྲོག་དང་། བསླབ་བྱ་ལེན་པ། ཟུར་བསྟན་ལེབ་མཐོང་། སྤྱོད་གཙང་གི་ཉེན་ཁའི་གནས་ཁྱོན་ཡོངས་ནས་འཚོལ་བ། རང་ངོས་སུ་གནས་པའི་གནད་དོན་དག་ཐེར་ཡོ་བསྲང་ནན་པོ་བཅས་བྱས་ཏེ་སྤྱོད་གཙང་རང་གཅུན་དང་རང་གཅུན་ནན་པོ་ཏན་ཏིག་བྱ་དགོས། སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་། ནང་མི་དང་བུ་ཕྲུག ཁག་བགོས་དོ་དམ་ཁྱབ་ཁོངས། ལས་རིགས་ཀྱི་ལས་བྱེད་པ། ཉེ་འགྲམ་གྱི་ལས་དོན་མི་སྣ་བཅས་ལ་དོ་དམ་ནན་པོ་བྱས་ཏེ་དྭངས་གཙང་གི་བློ་མཐུན་དབར་གྱི་འབྲེལ་བ་དང་། སྒྲིག་ལམ་ནན་སྲུང་གི་གོང་འོག་དབར་གྱི་འབྲེལ་བ། སྤྱོད་གཙང་གཅིག་གྱུར་གྱི་ཆབ་སྲིད་ཀྱི་འབྲེལ་བ་གསར་པ་བཅས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་བརྟན་པོ་བཙུགས་ནས་ཐོག་མཐའ་བར་གསུམ་དུ་དབང་ཆར་འཇིགས་བཀུར་གྱི་བསམ་པ་མཐའ་འཁྱོངས་ཀྱིས་དྲང་གཞག་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་བྱེད་དགོས།
ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་། སྣེ་ཁྲིད་དེ་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ། ཐོག་མཐའ་བར་གསུམ་དུ་རྩ་ཁྲིམས་དང་ཁྲིམས་ལུགས་ལ་འཇིགས་བཀུར་གྱི་བསམ་པ་འཆང་བ། བཅའ་ཁྲིམས་ཀྱི་དམར་ཐིག་ལ་རེག་མི་ཆོག་པ། བཅའ་ཁྲིམས་ཀྱི་གཞི་ཐིག་ལས་བརྒལ་མི་ཆོག་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ། ཁ་ཤུགས་ཀྱིས་ཁྲིམས་ཚབ་དང་། དབང་ཤུགས་ཀྱིས་ཁྲིམས་གནོན། ཉེར་ཕྱོགས་ཀྱིས་ཁྲིམས་འགལ་བཅས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ལོ་མཇུག་དང་ལོ་འགོར་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གཙོ་གནད་ཐོག་གཞུང་ལམ་འགྲིམ་འགྲུལ་དང་། མེ་ཟོན་བདེ་འཇགས། སློབ་གྲྭའི་བདེ་འཇགས། མི་ཚོགས་འདུ་ས། ཨར་ལས་ལས་ཡུལ། ས་གཤིས་གནོད་འཚེ་སོགས་ཁྱབ་ཁོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་ཡག་པོ་བསྒྲུབས་ནས་ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་དང་རིགས་ཁག་གི་ཉེན་ཁའི་མངོན་མེད་རྐྱེན་རྩ་སྣ་ཚོགས་གྲལ་བཤེར་དམ་ཚགས་བྱེད་དགོས་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲིམས་འགལ་བཟོ་སྐྲུན་ལ་བཅོས་སྒྲིག་ནན་པོ་བཅས་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།
ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་དང་བདེ་དཔལ་གྱིས་ཞུས།