འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་9ཉིན་གྱི་སྔ་དྲོ། ལྷོ་ཁའི་འཐུས་མི་ཚོགས་པའི་ཚོགས་གཙོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཞུས་ཁྲེང་ཚང་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ངེད་གྲོང་ཁྱེར་གྱི་འཐུས་མི་ཚོས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་མཉམ་དུ་གྲོས་ཞིབ་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཞུས་ཁྲེང་ཚང་གིས་མཛུབ་སྟོན་གནང་དོན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་གཏན་འཁེལ་གཉིས་ལ་སྲུང་སྐྱོང་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཡོད་པ་རེད།
འདས་ཟིན་པའི་ལོ་གཅིག་ནང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཏང་ཨུད་ཀྱི་འཛུགས་གཏོད་བཞིར་སྐུལ་འདེད་ཤུགས་ཆེན་བཏང་ནས་མདུན་གྲལ་དུ་སྐྱོད་པ་བཞིའི་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ལྟེ་བའི་ལས་དོན་ཧུར་ཐག་བསྒྲུབས་ཏེ། ཁྲིམས་འཛུགས་དང་། ལྟ་སྐུལ། གཏན་འབེབས། གོ་གནས་བསྐོ་འཐེན་སོགས་ཀྱི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པས་ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པས། ངས་སྙན་སྒྲོན་དེར་ཡོངས་སུ་མོས་མཐུན་ཞུ་རྒྱུ་དང་། ནན་ཏན་ངང་དོན་འཁྱོལ་མཐར་ཕྱིན་ཡོང་བར་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན།
ཞུས་ཁྲེང་ཚང་གིས་བསྟན་དོན། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། དམངས་ཆེད་ཁྲིམས་འཛིན་དང་གཞུང་དྲང་ཁྲིམས་འཛིན་མཐའ་འཁྱོངས་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པས། ངས་སྙན་སྒྲོན་དེར་ཡོངས་སུ་མོས་མཐུན་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན།
ཞུས་ཁྲེང་ཚང་གིས་བླང་བྱ་བཏོན་དོན། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་ཁོངས་གཏོགས་ཀྱིས་གཞི་རིམ་ལས་བྱེད་པའི་བྱང་ཚད་དང་ལས་སྒོའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཁྲིམས་སྐྱོང་འདུ་ཤེས་དང་སྲིད་ཇུས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་བཏང་སྟེ། བཅའ་ཁྲིམས་ལ་འཕྱུགས་མེད་ངང་གོ་བ་ལེན་པ་དང་། བཅའ་ཁྲིམས་ཡང་དག་ངང་སྤྱོད་པ། ལས་སྒོའི་ནུས་པའི་བྱང་ཚད་མཐོ་རུ་གཏོང་བ། རང་འགུལ་ངང་དུས་བབ་གསར་པ་དང་བླང་བྱ་གསར་པ་དང་འཚམ་པ་བཅས་བྱས་ནས་ཁྲིམས་འཛིན་དྲང་གཞག་དང་སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་སྲུང་སྐྱོང་ཏན་ཏིག་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་པ་གོང་འོག་གི་ཁྲིམས་ཁང་དབར་གྱི་འདྲི་གཅོད་དོ་དམ་ཚན་པའི་དབར་གྱི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་འདྲི་གཅོད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་པ་བཅས་སོ།། བདེ་དཔལ་གྱིས་བསྒྱུར།བསོད་བསྟན་དང་བསོད་དོན། ཡེ་བཟང་བཅས་ཀྱིས་ཞུས།