ཉིན་ཤས་བསྟུད་མར། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པ་དང་སྲིད་གྲོས་སྐབས་གཉིས་པའི་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་གྱི་འཐུས་མི་དང་ཨུ་ཡོན་ཚོས་ཐོན་ལས་འཕེལ་རྒྱས་དང་། གྲོང་ཁྱེར་སྤུས་ཚད་མཐོར་འདེགས།དམངས་འཚོ་ལེགས་གཏོང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད། གྲོང་གསེབ་དར་རྒྱས་སོགས་ལ་དམིགས་ཏེ། འགན་ནུས་ལག་བསྟར་ནན་ཏན་དང་ཐབས་འདོན་ཇུས་འབུལ་ཧུར་ཐག བློ་རིག་དང་སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་ཐོག་ནས་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་འདི་ཉིད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་རྒྱུར་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཡོད་པ་རེད།