第02版:文件 上一版3  4下一版
 
版面导航

第01版
头版

第02版
文件

第03版
重要新闻
 
标题导航
སྲིད་གཞུང་ལས་དོན་སྙན་སྒྲོན་སྐོར་གྱི་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པའི་གྲོས་ཆོད།
ལྷོ་ཁ་གྲོང་ཁྱེར་གྱི་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞིའི་སྐོར་གྱི་ལྷོ་ཁ་ག@
ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་དྲུག་པའི@
ལྷོ་ཁ་གྲོང་ཁྱེར་གྱི་2023ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2024ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་ད@
ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་དྲུག་པའི་གྲོས་ཆོད།
| 山南网首页 |
2024年1月5日 星期
3 上一篇  下一篇 4 放大 缩小 默认
ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་དྲུག་པའི་གྲོས་ཆོད།
(2023ལོའི་ཟླ་12ཚེས་31ཉིན་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ)
 
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་དྲུག་པས་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་བཞིན་ཀྲུའུ་རེན་ཝང་ཏེ་ཝུན་གྱིས་གནང་བའི་ལས་དོན་སྙན་སྒྲོན་གསན་ནས་གྲོས་ཞིབ་བྱས་པ་རེད། ཚོགས་འདུས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། སྙན་སྒྲོན་ནང་བཏོན་པའི་2024ལོའི་ལས་འགན་གཙོ་བོ་དང་ལས་ཀའི་བཀོད་སྒྲིག་ལ་མོས་མཐུན་གནང་སྟེ་སྙན་སྒྲོན་ལ་ཆོག་མཆན་སྤྲོད་པའི་གཏན་འབེབས་བྱས་པ་རེད།ཚོགས་འདུའི་ཐོག་བླང་བྱ་བཏོན་པར། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་འཐུས་ཚང་དང་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་ལ་གནང་བའི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་གྲོས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱུན་མཐུད། གཏན་འཁེལ་གཉིས་ལ་འགྱུར་མེད་སྲུང་སྐྱོབ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་བྱས་ཏེ། དོན་ཆེན་བཞི་ལ་དམ་པོར་དམིགས་པ་དང་། འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བཞི། དེ་བཞིན་ལྷོ་ཁས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དྲུག་གི་དམིགས་ཚད་ལས་འགན་བཅས་ལ་སྟོབས་ཤུགས་སྒྲིལ་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་ཧུར་ཐག ཁྲིམས་བཞིན་ཁྲིམས་འཛུགས་དབང་ཆ་དང་། ལྟ་སྐུལ་དབང་ཆ། གཏན་འབེབས་དབང་ཆ། བསྐོ་འཐེན་དབང་ཆ་བཅས་ལག་བསྟར། འཐུས་མིའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པ་བཅས་ཀྱི་ཐོག་ནས། ཏང་དང་མི་དམངས་བློ་ཡིད་ཚིམས་པའི་ཆབ་སྲིད་ལས་ཁུངས་དང་། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས། ལས་དོན་ལས་ཁུངས། འཐུས་མིའི་ལས་ཁུངས་བཅས་འཛུགས་སྐྱོང་ཧུར་ཐག་བརྒྱུད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་སྔར་བས་མང་བ་འབུལ་དགོས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:文件
   第03版:重要新闻
   第04版:视觉山南