འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་1ཉིན། ངེད་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དུད་ཚང་དུ་ཐོ་འགོད་བྱེད་འགོ་ཚུགས་པའི་མཛད་སྒོ་དེ་ཧྲེན་ལི་དུས་རབས་ཐང་ཆེན་དུ་འཚོགས་པ་རེད།
མཛད་སྒོའི་ཐོག་ཡོངས་ཁྱབ་ཞིབ་བཤེར་བྱེད་མཁན་འཐུས་མིས་དམ་བཅའ་བཞག་པ་དང་། ཁེ་ལས་ཀྱི་འཐུས་མིས་གཏམ་བཤད་བྱས་པ་རེད། གྲོང་ཁྱེར་དང་ཆུས་ཀྱི་ཡོངས་ཁྱབ་ཞིབ་བཤེར་མི་སྣས་དྲིལ་བསྒྲགས་ཤོག་བྱང་དང་། དྲིལ་བསྒྲགས་དངོས་པོ་སྤྲོད་པ། ངོ་ཐུག་གདོང་འཕྲད་ཀྱིས་བློ་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་དམིགས་ཡུལ་དང་དོན་སྙིང་གསལ་འགྲེལ་བྱས་པ་རེད། མཛད་སྒོ་མཇུག་འགྲིལ་རྗེས་ཡོངས་བཤེར་པས་ད་དུང་ལྷོ་ཁའི་དབྱིན་ཐའེ་ཚོང་ལས་དོ་དམ་ཚད་ཡོད་ཀུང་སིར་བསྐྱོད་དེ་དུད་ཚང་དུ་ཐོ་འགོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་ས་གནས་ས་ཐོག་གི་ཐོ་འགོད་ལས་དོན་དེ་2024ལོའི་ཟླ་1ཚེས་1ཉིན་ནས་དངོས་སུ་སྤེལ་འགོ་ཚུགས་ཤིང་། གྲོང་ཁྱེར་ཡོངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་པ་800ལྷག་ཙམ་གྱིས་དེང་རབས་ཆ་འཕྲིན་ལག་རྩལ་དང་སྲོལ་རྒྱུན་བརྟག་དཔྱད་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་གྲོང་ཁྱེར་ཡོངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ཁུལ་ཆུང་703དུ་བསྐྱོད་དེ་དུད་ཚང་དུ་ཐོ་འགོད་བྱ་རྒྱུ་ཡིན་པ་རེད།