第01版:头版 4下一版
 
版面导航

第01版
头版

第02版
文件

第03版
重要新闻
 
标题导航
རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཐོ་འགོད་ལས་དོན་ཟླ་1ཚེས་1ཉིན་ནས་བཟུང་འགོ་ཚུགས་པ།
འབད་འབུངས་མདུན་སྐྱོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
བཞོན་མར་བརྟེན་ནས་མང་ཚོགས་ལ་ཡོང་འབབ་བཏོད་པ།
རྒན་རྒོན་ལ་ དྲོ་སྐྱིད་སྦྱིན།
ངེད་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཐོ་འགོད་ལས་དོན་སྤེལ་འགོ་ཚུགས་པ།
| 山南网首页 |
2024年1月5日 星期
下一篇 4 放大 缩小 默认
རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཐོ་འགོད་ལས་དོན་ཟླ་1ཚེས་1ཉིན་ནས་བཟུང་འགོ་ཚུགས་པ།
 

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཐོ་འགོད་ལས་དོན་ཟླ་1ཚེས་1ཉིན་ནས་བཟུང་དངོས་སུ་འགོ་ཚུགས་ཤིང་། རྒྱལ་ཡོངས་ཀྱི་ཡོངས་བཤེར་མཛུབ་ཁྲིད་པ་དང་ཡོངས་བཤེར་བ་ཁྲི་210ཙམ་ཁེ་ལས་ཀྱི་ཚོང་དུད་དང་ཁྲོམ་གཞུང་དང་སྲང་ལམ་དུ་བཅར་འདྲིར་བསྐྱོད་ནས་དུས་ཡུན་ཟླ་4ཙམ་གྱི་དུས་ཚོད་ནང་ཡོངས་བཤེར་ཁུལ་ཆུང་ཁྲི་116ལ་གྲངས་གཞི་འཚོལ་བསྡུ་དང་ཐོ་འགོད་རྒྱུ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཁང་དབྱི་ཡིས། ད་ཐེངས་ཡོངས་བཤེར་བྱེད་རིང་རང་རྒྱལ་གྱི་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པའི་འཕེལ་རྒྱས་ཀྱི་གཞི་ཁྱོན་དང་། བཀོད་སྒྲིག ཕན་འབྲས་བཅས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་དང་། རིགས་ཁག་གི་ཚན་པའི་གཞི་རྩའི་གནས་ཚུལ་མཐིལ་རྟོགས། མ་འཇོག་དང་ཐོན་འབོར་ལ་ཐེངས་དང་པོར་སྤྱི་འདོམས་བརྟག་དཔྱད། རྒྱལ་དམངས་དཔལ་འབྱོར་ལས་རིགས་དབར་གྱི་དཔལ་འབྱོར་གྱི་འབྲེལ་བ་ཁོང་དུ་ཆུད་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་གཏོང་། དེ་བཞིན་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ། སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་སོགས་ཀྱི་འཕེལ་རིམ་གསར་པ་ཇི་མ་ཇི་བཞིན་མཚོན་པར་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

“སྟོབས་ཤུགས་གཅིག་སྒྲིལ་གྱིས་2024ལོར་རྒྱལ་ཡོངས་ཀྱི་ཡོངས་བཤེར་བྱ་ཡུལ་ཁྲི་སྟོང་མང་པོར་དུས་ཐུང་ནང་ཡུལ་དངོས་སུ་ཐོ་འགོད་ཀྱི་ལས་དོན་ལེགས་སྒྲུབ་བྱ་ཆེད། ཡོངས་བཤེར་ཇུས་གཞིའི་བླང་བྱ་གཞིར་བཟུང་། 2023ལོར་ང་ཚོས་རྒྱལ་ཡོངས་ཀྱི་ཡོངས་བཤེར་མཛུབ་ཁྲིད་པ་དང་ཡོངས་བཤེར་བ་ཁྲི་210ཙམ་སྒྲིག་འཛུགས་བྱས་ནས་ཡོངས་བཤེར་ཁུལ་དབྱེ་འབྱེད་དང་ས་བཀྲ་འབྲི་བ་དང་། ‘ལེབ་བཤེར་རྣམ་པའི’དུད་ཚང་དུ་བསྐྱོད་ནས་གཙང་བཤེར་བྱེད་པ། དོགས་བཤེར་ཆད་གསབ། གྲངས་གཞི་ཞིབ་བཤེར་རྩིས་ལེན་སོགས་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་ཚན་པར་གཙང་བཤེར་གྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པས། གཅིག་གྱུར་དང་ཆ་ཚང་བའི་ཡོངས་བཤེར་མིང་ཐོ་གྲུབ་ནས་ཡོངས་བཤེར་ཐོ་འགོད་ལས་དོན་བདེ་བླག་ངང་སྒྲུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་ཁང་དབྱི་ཡིས་བཤད་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:文件
   第03版:重要新闻
   第04版:视觉山南
རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཐོ་འགོད་ལས་དོན་ཟླ་1ཚེས་1ཉིན་ནས་བཟུང་འགོ་ཚུགས་པ།
འབད་འབུངས་མདུན་སྐྱོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
བཞོན་མར་བརྟེན་ནས་མང་ཚོགས་ལ་ཡོང་འབབ་བཏོད་པ།
རྒན་རྒོན་ལ་ དྲོ་སྐྱིད་སྦྱིན།
ངེད་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཐོ་འགོད་ལས་དོན་སྤེལ་འགོ་ཚུགས་པ།