第04版:专版 上一版3
 
版面导航

第01版
头版

第02版
专版

第03版
专版
 
标题导航
| 山南网首页 |
2024年1月1日 星期
下一篇 4 放大 缩小 默认
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་30ཉིན་གྱི་སྔ་དྲོ། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བཅས་གསན་པ་རེད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཞུས་ཁྲེང་ཚང་ཚོགས་འདུར་ཞུགས་གནང་བ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཝང་ཏེ་ཝུན་དང་། བག་གྲོ། ཧྲན་ཆང་། ཝང་ཡུན་ཆིང་། པའེ་ཡུན་ཧྥུང་། བསྟན་འཛིན། ལི་ཡ་ཞང་། བཀྲ་ཤིས་ཕུན་ཚོགས། ཧྥུང་ཞའོ་དབྱི། ཕན་ཀང་ཕིང་། ལིའུ་ཧྲེང་ཡུས། ཨན་ཤིན་གོ། ཀྲང་ཝུའེ་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཞུགས།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཧྲེན་པའེ་ཚུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།

བསོད་ནམས་རྡོ་རྗེ་དང་། ཀྲའོ་ཐན་ཝུ། འཇིགས་མེད། བུ་ཏོག པ་སངས་དངོས་གྲུབ། གྲའེ་ཁུན། ཚེ་རིང་། ཀྲེན་ཁྲོན་ཅིང་། ཕུན་ཚོགས། ལིའུ་ཙུང་ཁྲང་། བློ་བཟང་བཀྲ་ཤིས། འཕྲིན་ལས་དབྱངས་ཅན། ཏེང་ཅན་ཅུན། ལུའོ་ཐན་ཧྭ། ཟླ་བ་ཚེ་རིང་། སུན་ཧོང་ཀྲང་། དུང་ཨན་ཞོལ། སངས་རྒྱས་ཆོས་འཕེལ། སྒྲོལ་མ་གཡང་འཛོམས། ལིའུ་ཧྥ་ལིན། དེ་བཞིན་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཞུགས་ཡོད་པ་རེད།

ཚོགས་འདུར་ཕེབས་དགོས་པའི་འཐུས་མི་244ཡོད་པ་ནས་དངོས་སུ་ཕེབས་པའི་འཐུས་མི་216ཡོད་པ་དེ་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཏེ་ཝུན་གྱིས་ཚོགས་ཆེན་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ་རེད།

ཝང་ཏེ་ཝུན་གྱིས་སྙན་སྒྲོན་ནང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་བཟུང་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། དངོས་གཉེར་གོ་ཆོད་ཀྱི་ཚད་གཞི་བརྟན་པོ་བཟོས་ནས་ཁྲིམས་སྲོལ་གྱི་མཁོ་སྤྲོད་ཁྱད་ཆོས་མངོན་གསལ་དོད་པ། ལྟེ་བ་དང་སྤྱི་ཡོངས་ཀྱི་དགོས་མཁོ་བརྟན་དུ་བཏང་ནས་ལྟ་སྐུལ་ལས་དོན་གྱི་ཕན་འབྲས་ཆེ་རུ་བཏང་བ། ཁྲིམས་ལྟར་དོན་སྙིང་ལ་སྐུལ་མ་བཏང་ནས་ཚན་རིག་དང་མཐུན་པའི་ངང་གོ་གནས་བསྐོ་འཐེན་བྱ་རྒྱུའི་གཏན་འབེབས་བྱས་པ། མི་དམངས་དམངས་གཙོའི་ངོ་བོ་བརྟན་དུ་བཏང་ནས་འཐུས་མིས་འགན་འཁྲི་སྒྲུབ་རྒྱུར་གསོན་ཤུགས་ཀྱི་ཁེངས་པ། མདུན་གྲལ་དུ་བརྟན་པོར་བསྐྱོད་རྒྱུའི་བླང་བྱའི་ཐོག་ནས་རང་ངོས་ལེགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་ཕྱོགས་དྲུག་ཐད་ནས་2023ལོའི་ལས་དོན་ལ་ཕྱིར་དྲན་གནང་བ་རེད།

ཝང་ཏེ་ཝུན་གྱིས་སྙན་སྒྲོན་ནང་གསུངས་དོན། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བཙུགས་ནས་ལོ་70འཁོར་བ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་ཀྱི་གལ་ཆེའི་ལོ་ཞིག་ཡིན་ལ། སྐབས་འདིའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔ་འཛིན་རྒྱུན་མཐུད་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཁག་ཡག་པོ་སྒྲུབ་པར་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཅིག་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནས་ཁྲིམས་སྐྱོང་ལག་ལེན་བསྟར་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཁྲིམས་གཏན་འཁེལ་བའི་འགན་ནུས་ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པ། གསུམ་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་རིམ་ཁག་འཐུས་མིའི་གཙོ་གཟུགས་ཀྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱེད་དགོས་པ། བཞི་ནས་རྨང་རྩ་གཉིས་བརྟན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས།

གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་སྒྲོལ་མ་གཡང་འཛོམས་ཀྱིས་སྙན་སྒྲོན་ནང་ཕྱོགས་དྲུག་ཐད་ནས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་2023ལོའི་ལས་དོན་ལ་ཕྱིར་དྲན་གནང་ཞིང་། ཁོང་གིས་2024ལོར་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་འཛིན་ཞབས་ཞུ་འགན་ལེན་གྱི“དོན་ཆེན་བཞི”དང་། “འཛུགས་གཏོད་བཞི”ལྷོ་ཁས་“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་དྲུག”བཅས་ཀྱི་འགན་འཁྲི་དང་ངེས་གནས་སྔར་བས་འཕྱུགས་མེད་ངང་འཚོལ་རྒྱུ་དང་། ལས་ཀའི་བྱེད་ཐབས་ཏན་ཏིག་སྤྱོད་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་འདྲི་གཅོད་འགན་ནུས་སྔར་བས་ཡག་པོ་འདོན་རྒྱུར་སྐུལ་འདེད་གཏོང་རྒྱུ། ལྟེ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གཏུག་བཤེར་ཞབས་ཞུ་ལེགས་སུ་གཏོང་བ། ཁྲིམས་འཛིན་སྤྱི་རྟོན་ལེགས་སུ་གཏོང་རྒྱུ་བཅས་ཀྱི་ཐད་མུ་མཐུད་ཤུགས་བརྒྱབ་ནས་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ལིའུ་ཧྥ་ལིན་གྱིས་སྙན་སྒྲོན་ནང་ཕྱོགས་ལྔའི་ཐད་ནས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་2023ལོའི་ལས་དོན་ལ་ཕྱིར་དྲན་གནང་ཞིང་། ཁོང་གིས་སྙན་སྒྲོན་ནང་2024ལོར་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། བོད་ཀྱི་ལས་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྤུས་ཚད་དང་ཕན་འབྲས་མཐོ་བའི་ཞིབ་དཔྱོད་ཀྱི་འགན་འཁྲི་བསྒྲུབས་ནས་ཏང་དང་མི་དམངས་ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་དཀྲིས་པའི་འགན་འཁྲི་དེ་བས་ལྕི་བ་འཁུར་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ལྷོ་ཁ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས་ཞེས་ནན་བཤད་གནང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་འཐུས་མི་མ་ཡིན་པའི་ལྷོ་ཁར་བཅའ་སྡོད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གཞན་དག་བཅས་དང་། གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་སྲིད་གྲོས་ཨུ་ཡོན་དང་ཟུར་ཞུགས་མི་སྣ། གྲོང་ཨུད་ཀྱི་འབྲེལ་ཡོད་སྡེ་ཚན་དང་གྲོང་ཁྱེར(ཀྲུང་དབྱང་། ལྗོངས)ཐད་གཏོགས་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ། རྫོང་(ཆུས་དང་གྲོང་ཁྱེར)ཁག་གི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་བློ་མཐུན། དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

བསོད་ནམས་བསྟན་པས་བསྒྱུར། བདེ་བསོད་ཡེས་ཞུས།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:专版
   第04版:专版
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
ལྷོ་ཁ་གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ།