རང་རྒྱལ་གྱི་ས་བབ་ཧ་ཅང་མཐོ་བའི་རླུང་གློག་གསར་སྤེལ་ལག་རྩལ་ཞིབ་འཇུག་དང་ཚན་རྩལ་དཔེ་སྟོན་རྣམ་གྲངས་ཐོག་མ་དེ་ཡིན་ལ། བོད་ཀྱི་གློག་དྲ་ཨ་མ་དང་སྦྲེལ་བའི་རླུང་གློག་རྣམ་གྲངས་ཡིན་པའི་བོད་ལྗོངས་མཚོ་སྨད་གྲི་གུའི་རླུང་གློག་གི་དུས་ཐེངས་གཉིས་པ་དེ་སྔོན་དཔག་ལྟར་ན། འདི་ལོའི་ཟླ་9པའི་ཟླ་མཇུག་ཏུ་གློག་དྲ་ཨ་མ་དང་སྦྲེལ་ནས་གློག་གཏོང་རྒྱུ་རེད།
འབྲི་ཆུའི་འགག་གསུམ་བོད་ལྗོངས་ལྷོ་ཁ་མཚོ་སྨད་གྲི་གུའི་རླུང་གློག་འཛུགས་ས་དེ་དུས་ཐེངས་གཉིས་ལ་དབྱེ་ཡོད་ཅིང་། དུས་ཐེངས་དང་པོའི་ལས་གྲྭའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་22ཟིན་པ་དང་2021ལོའི་ཟླ་12པར་འཕྲུལ་ཚན་ཆ་ཚང་ནས་གློག་བཏང་ཡོད་ཅིང་། མིག་སྔའི་བར་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ྭ་དུང་ཕྱུར་1དང་ས་ཡ་4ལས་བརྒལ་ཡོད་པ་རེད། དུས་ཐེངས་གཉིས་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་50.6ཟིན་རྒྱུ་དང་། ལོ་གཅིག་ལྷག་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད་ཟླ་9ཚེས་30ཉིན་ཁྱོན་ཡོངས་ནས་གློག་གཏོང་རྒྱུ་ཡིན་པ་རེད།
བོད་ལྗོངས་མཚོ་སྨད་གྲི་གུ་རླུང་གློག་རྣམ་གྲངས་ཀྱི་དུས་ཐེངས་དང་པོ་དང་གཉིས་པའི་གློག་དྲ་དྲ་སྦྲེལ་ཐུབ་རྗེས་སྔོན་དཔག་བྱས་ན་ལོའི་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་2.6ལྷག་ཙམ་ཟིན་པ་དེ། དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཀྲོན་ཁྲི་21.63ཉུང་དུ་ཕྱིན་པ་དང་རྡོ་སོལ་ཀྲོན་ཁྲི་7.93གྲོན་ཆུང་ཐུབ་ཀྱི་ཡོད། བོད་ལྗོངས་མཚོ་སྨད་གྲི་གུའི་རླུང་གློག་རྣམ་གྲངས་སྐྲུན་ཟིན་ནས་གློག་གཏོང་འགོ་ཚུགས་པ་དེས། ས་བབ་མཐོ་བའི་ས་ཁུལ་གྱི་“རྟེན་གཞི་ཅན་དང་། གཞི་ཁྱོན་ཅན། གཅིག་སྡུད་ཡུག་སྦྲེལ”བཅས་ཀྱི་རླུང་གློག་གསར་སྤེལ་བྱ་རྒྱུར་རྨང་གཞི་བཏིང་ནས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་རླུང་ཤུགས་གློག་གཏོང་གསར་སྤེལ་འཛུགས་སྐྲུན་གྱི་ལས་རིགས་ལ་སྟོང་ཆ་གསབ་ཡོད་པ་རེད།གྲི་གུའི་རླུང་གློག་གི་དུས་ཐེངས་གསུམ་པའི་འཆར་འགོད་དེ་རིཌ་པས་ཁུངས་སྐྱེལ་བྱེད་བཞིན་ཡོད་ཅིང་། འབྱུང་འགྱུར་མཚོ་སྨད་གྲི་གུ་རླུང་གློག་རྣམ་གྲངས་དེ་ཆན་ཝ་ཁྲི་བརྒྱ་ལས་བརྒལ་བའི་ནུས་རྒྱུ་གཙང་མའི་རྟེན་གཞི་ཞིག་ཏུ་བསྐྲུན་ནས་བོད་ཀྱི་གློག་དྲར་ནུས་རྒྱུ་གཙང་མ་དེ་བས་མང་བ་མཁོ་འདོན་བྱ་རྩིས་ཡོད་པ་རེད། (པར་ལེན་མཁན། བློ་བཟང་མགོན་པོ)
☜ རྩ་གཉིས་ཨང་རྟཊ་བཤེར་ནས་ལྷོ་ཁའི་འགྲེམས་བསྒྲགས་འཕྲིན་སྟེགས་ལ་དོ་ཁུར་མཛོད།
☜ རྩ་གཉིས་ཨང་རྟཌ་བཤེར་ནས་གཟའ་རེའི་པར་རིས་ལེཌ་བཏུས་ལ་གཟིཌ་དང་།