第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཝང་ཅུན་ཀྲེང་གིས་2023ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོར་མཆན་བཀོད་མཛུབ་སྟོན་གནང་བ།
གྲོང་ཁྱེར་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།
རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོ་ཆུང་གཉིས་པས་མཁའ་འགྲུལ་ཁུལ་གསར་དུ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་བ།
གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱི་2023ལོའི་ཚང་འཛོམས་ཚོགས་འདུ་དང་བསམ་པའི་དཔལ་ཡོན་འཛུགས་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།
| 山南网首页 |
2023年9月15日 星期
3 上一篇  下一篇 4 放大 缩小 默认
གྲོང་ཁྱེར་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་ཡོངས་ཀྱི་2023ལོའི་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གཞུང་དོན་ཐིང་གི《ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་མཐར་ཕྱིན་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གནས་ཚུལ་སྙན་ཞུའི》དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《2023ལོའི་ལྷོ་ཁ་གྲོང་ཁྱེར་གྱི་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལས་དོན་ཇུས་གཞི》སྒྲོག་སྦྱངས་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཉི་མ་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་སྒྲོལ་མ་གཡང་འཛོམས་དང་། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ལིའུ་ཧྥ་ལིན་ཚོགས་འདུར་ཞུགས་པ་རེད།

ཉི་མ་བསྟན་འཛིན་གྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དེ་ནི་གོང་རིམ་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་ངང་སྒྲུབ་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་ལ་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པ། ཉམས་མྱོང་ལ་ཕྱོགས་སྡོམ་དང་བྱ་ཐབས་ལེགས་བསྡུ་བྱེད་པའི་ཐད་ཁྱོན་ཡོངས་ནས་རང་བཤེར་བྱེད་པ་ཞིག་ཀྱང་ཡིན་ལ། གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་དང་། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ལྷོ་ཁ་དང་། ཁྲིམས་སྐྱོང་ལྷོ་ཁ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བཅས་བྱ་རྒྱུའི་ནང་གནས་བླང་བྱ་ཡང་ཡིན་པས། བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་སློབ་སྟོན་གྱི་ལས་ཀ་ལེགས་པར་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། གཙོ་གནད་ལ་དམ་པོར་དམིགས་པ་དང་། གནད་དོན་ལ་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ། གནད་དོན་གྱི་ཞན་ཆ་གང་མགྱོགས་གསབ་པ། བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ། དག་ཐེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། འགན་འཁྲིའི་སྒྲིག་ཁྲིམས་ནན་དུ་གཏོང་བ། ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ། བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ནན་པོ་བྱེད་པ། གྲུབ་འབྲས་བཀོལ་སྤྱོད་ལ་སྣང་ཆེན་བཅས་བྱས་ནས་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་ཀྱི་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བདེ་བླག་ངང་སྤེལ་ཐུབ་པ་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་དང་བརྟག་ཞིབ་ཚོགས་ཆུང་གིས་ལས་ཀའི་ཇུས་གཞིའི་བླང་བྱ་ལྟར་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་ཁག་ལེགས་སྒྲུབ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་ངོ་། །

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉周刊
ཝང་ཅུན་ཀྲེང་གིས་2023ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོར་མཆན་བཀོད་མཛུབ་སྟོན་གནང་བ།
གྲོང་ཁྱེར་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།
རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོ་ཆུང་གཉིས་པས་མཁའ་འགྲུལ་ཁུལ་གསར་དུ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་བ།
གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱི་2023ལོའི་ཚང་འཛོམས་ཚོགས་འདུ་དང་བསམ་པའི་དཔལ་ཡོན་འཛུགས་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།