འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། ངེད་གྲོང་ཁྱེར་གྱི་འཐབ་ཕྱོགས་གཅིག་གྱུར་མི་སྣའི“འདུ་ཤེས་གསུམ”གྱི་སློབ་གསོ་དང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི”དུས་ཐེངས་དང་པོའི་རྒྱལ་དོན་སློབ་གསོ་མ་སྤེལ་གོང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་འཛིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་།
བསམ་ཡས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཅིག་ལྕོགས་ཕུན་ཚོགས་བཀྲ་ཤིས་ཚོགས་འདུར་ཞུགས་པ་རེད།
བསྟན་འཛིན་གྱིས་རྒྱལ་དོན་སློབ་གསོའི་བྱེད་སྒོ་སྤེལ་བ་ནི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ཏེ་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་“འདུ་ཤེས་གསུམ”གྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”གི་ཞིབ་ཕྲའི་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱས་ནས་བོད་དང་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཕན་ཚུན་སྤེལ་རེས་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད་ཡིན་པས། རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་མི་སྣས་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློ་གཅིག་གྱུར་བྱས་ནས་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་རྒྱག་དགོས། ཁྱོན་ཡོངས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་སྔར་ལས་ལྷག་པ་བྱེད་དགོས། སྒྲིག་ཁྲིམས་ལ་བརྩི་སྲུང་ཞུས་ནས་གཟུགས་བརྙན་བཟང་པོ་གང་ལེགས་མངོན་པ་བྱེད་དགོས། ཉམས་མྱོང་དང་ལྡོག་འདྲེན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་ནས་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱས་ཏེ་སློབ་གསོའི་བྱེད་སྒོའི་གྲུབ་འབྲས་དེ“རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་བཞི་”དང“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་དྲུག”གི་ཞིབ་ཕྲའི་བྱ་ཐབས་དང་བསམ་ཕྱོགས་ཐོག་འཁྱོལ་བ་བྱས་ཐོག་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་བཀའ་སློབ་གནང་ངོ་།
བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར། བསོད་བསྟན་གྱི་ཞུས།