第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
རྒྱལ་ཡོངས་ཀྱི་ཁག་གསུམ་པའི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་ཤང(གྲོང་རྡལ)གི་མིང་ཐོའི་ནང་ཚུད་པ།
ཝང་ཅུན་ཀྲེང་གིས་2023ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོར་མཆན་བཀོད་མཛུབ་སྟོན་གནང་བ།
གྲོང་ཁྱེར་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།
གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱི་2023ལོའི་ཚང་འཛོམས་ཚོགས་འདུ་དང་བསམ་པའི་ དཔལ་ཡོན་འཛུགས་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།
རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོ་ཆུང་གཉིས་པས་མཁའ་འགྲུལ་ཁུལ་གསར་དུ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་བ།
| 山南网首页 |
2023年9月15日 星期
3 上一篇 放大 缩小 默认
གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱི་2023ལོའི་ཚང་འཛོམས་ཚོགས་འདུ་དང་བསམ་པའི་ དཔལ་ཡོན་འཛུགས་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱི་2023ལོའི་ཚང་འཛོམས་ཚོགས་འདུ་དང་བསམ་པའི་དཔལ་ཡོན་འཛུགས་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་དང་། རང་སྐྱོང་ལྗོངས་ཤེས་དཔལ་སྲོལ་གཏོད་ཨུ་ལྷན་གྱི་2023ལོའི་ཚང་འཛོམས་ཚོགས་འདུའི་དགོངས་དོན། ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཧྲན་ཆང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

གྲོང་ཨུད་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་ཕན་ཀང་ཕིང་གིས་གཙོ་སྐྱོང་གནང་བ་དང་། གྲོང་སྤྱི་གཞོན་པ་ལིའུ་ཙུང་ཁྲང་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཨན་ཞོལ་ཚོགས་འདུར་ཞུགས་པ་རེད།

ཧྲན་ཆང་གིས་ནན་བཤད་གནང་དོན། གཙོ་རྐང་ལ་དམ་པོར་དམིགས་ནས་སློབ་སྦྱོང་དང་ལག་བསྟར་དམ་འཛིན་ཡག་པོ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ། སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་སྐྱོང་གི་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་པ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་བྱེད་སྒོ་ཟམ་མི་ཆད་པར་སྤེལ་དགོས་པ། ཆོས་ལུགས་ཀྱི་དགེ་མཚན་མེད་པའི་ཤུགས་རྐྱེན་མུ་མཐུད་ཆུང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས། ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བསམ་བློའི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། གཞི་རིམ་གྱི་རྨང་གཞི་བཅས་སྔར་བས་བརྟན་དུ་གཏོང་དགོས་པ་དང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་བྱང་ཚད་། ཡ་རབས་བྱང་ཚད། སྤྱི་ཚོགས་ཧྲིལ་པོའི་ཤེས་དཔལ་བྱང་ཚད་བཅས་མཐོ་རུ་གཏོང་དགོས། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་ཕན་འབྲས་ལེགས་སུ་གཏོང་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་བྱ་རྒྱུ་དེ་ཤེས་དཔལ་སྐྱེད་སྲིང་དང་། ཤེས་དཔལ་ལག་ལེན། ཤེས་དཔལ་གསར་གཏོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། སྒྲིག་འཛུགས་ཞིབ་ཚགས་དང་སྐུལ་སྤེལ་ཏན་ཏིག་བཏང་སྟེ། བསམ་པའི་དཔལ་ཡོན་འཛུགས་གཏོད་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་དང་ཕན་འབྲས་དངོས་ཐོན་པ་བྱ་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་འགན་འཁྲི་ཏན་ཏིག་སྒྲུབ་དགོས། རིམ་པ་ཁགདང་་སྡེ་ཚན་ཁག་གིས་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ནས་བསམ་པའི་དཔལ་ཡོན་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་འགན་འཁྲི་ཐོག་མཐའ་བར་གསུམ་དུ་སེམས་ལ་བཅངས་པ་དང་། ཕྲག་ཐོག་ཏུ་འཁུར་བ། ལག་ལེན་ཁྲོད་འཁྱོལ་བ་བཅས་བྱས་ནས་བསམ་པའི་དཔལ་ཡོན་འཛུགས་གཏོད་ལ་ཕན་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་འགན་ལེན་བྱེད་དགོས།

ཕན་ཀང་ཕིང་གིས་གཙོ་སྐྱོང་གནང་སྐབས་གང་མགྱོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་མཐོ་ཚད་ཐོག་ནས་བསམ་པའི་དཔལ་ཡོན་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་གཙོ་རྐང་ལ་དམིགས་པ་དང་། བྱེད་ཐབས་གསར་གཏོད། དངོས་ཕན་དོན་གཉེར་བཅས་བྱས་ནས་ངེད་གྲོང་ཁྱེར་གྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་བཏང་སྟེ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ལས་དོན་དང་། གཙོ་གནད་ལས་དོན། ལས་སྒོའི་ལས་དོན་བཅས་དུས་མཉམ་འཆར་འགོད་དང་། བཀོད་སྒྲིག ཞིབ་བཤེར། དཔྱད་ཞིབ་བཅས་བྱས་ནས། དམིགས་ཚད་ཁ་གསལ་དང་། འགན་འཁྲི་ནན་པོ། བྱ་ཐབས་ཞིབ་ཕྲ་བཅས་ཡོང་བ་བྱས་ཐོག་བསམ་པའི་དཔལ་ཡོན་འཛུགས་གཏོད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། ལས་ཀའི་ཕན་འབྲས་འགན་ལེན་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་གྱིས་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་གནད་དོན་ལ་ཁྲིད་ཕྱོགས་དང་ཕན་འབྲས་ལ་ཁྲིད་ཕྱོགས་མཐའ་འཁྱོངས་ཀྱིས་ཤེས་དཔལ་སྐྱེད་སྲིང་དང་། ཤེས་དཔལ་འཛུགས་གཏོད། ཤེས་དཔལ་ལག་ལེན་བཅས་སྔར་བས་དོན་འཁྱོལ་དང་མི་སེམས་ལ་ཟུག་པ། ཕན་འབྲས་སྔར་བས་ཆེ་བ་ཐོན་པ་བཅས་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ བླང་བྱ་བཏོན་གནང་ངོ་། །

ཚོགས་འདུའི་ཐོག་ཚོགས་ཞུགས་དབུ་ཁྲིད་ཚོས་བྱ་དགའ་ཐོབ་པའི་ཚན་པ་དང་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་གནང་བ་དང་། རྫོང(གྲོང་ཁྱེར་དང་ཆུས)དང་། མི་སྒེར། དཔེ་མཚོན་དཔེ་བཟང་བཅས་ཀྱི་འཐུས་མི་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

བསོད་ནམས་བསྟན་པས་བསྒྱུར།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉周刊
རྒྱལ་ཡོངས་ཀྱི་ཁག་གསུམ་པའི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་ཤང(གྲོང་རྡལ)གི་མིང་ཐོའི་ནང་ཚུད་པ།
ཝང་ཅུན་ཀྲེང་གིས་2023ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོར་མཆན་བཀོད་མཛུབ་སྟོན་གནང་བ།
གྲོང་ཁྱེར་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།
གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱི་2023ལོའི་ཚང་འཛོམས་ཚོགས་འདུ་དང་བསམ་པའི་ དཔལ་ཡོན་འཛུགས་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།
རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོ་ཆུང་གཉིས་པས་མཁའ་འགྲུལ་ཁུལ་གསར་དུ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་བ།