第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
རྒྱལ་ཡོངས་ཀྱི་ཁག་གསུམ་པའི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་ཤང(གྲོང་རྡལ)གི་མིང་ཐོའི་ནང་ཚུད་པ།
ཝང་ཅུན་ཀྲེང་གིས་2023ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོར་མཆན་བཀོད་མཛུབ་སྟོན་གནང་བ།
གྲོང་ཁྱེར་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།
གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱི་2023ལོའི་ཚང་འཛོམས་ཚོགས་འདུ་དང་བསམ་པའི་ དཔལ་ཡོན་འཛུགས་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།
རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོ་ཆུང་གཉིས་པས་མཁའ་འགྲུལ་ཁུལ་གསར་དུ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་བ།
| 山南网首页 |
2023年9月15日 星期
3 上一篇  下一篇 4 放大 缩小 默认
རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོ་ཆུང་གཉིས་པས་མཁའ་འགྲུལ་ཁུལ་གསར་དུ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་བ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་11ཉིན། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོ་ཆུང་གཉིས་པའི་ཙུའུ་ཀྲང་སྒྲོལ་དཀར་དང་། ཙུའུ་ཀྲང་གཞོན་པ་ཡུས་ཡང་རྣམ་གཉིས་ཀྱིས་རུ་སྣེ་ཁྲིད་དེ་མཁའ་འགྲུལ་ཁུལ་གསར་དུ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་བར་ཕེབས་པ་དང་འབྲེལ། རེས་འཁོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་ལྟ་བཤེར་ལས་ལན་ཆ་བྱུང་བའི་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་བཏང་ཡོད་པ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་བག་གྲོས་རྟོག་ཞིབ་རིང་ཕེབས་རོགས་ཞུས་པ་རེད།

སྒྲོལ་དཀར་དང་བཅས་པས་མཁའ་འགྲུལ་ཁུལ་གསར་གྱི་བཙོག་ཆུ་ཐག་གཅོད་བྱེད་སར་ཟབ་འཇུག་གནང་སྟེ། གཙོ་གནད་ཐོག་གཞི་གཅིག་ཅན་གྱི་བཙོག་ཆུ་ཐག་གཅོད་དང་འབྲེལ་བའི་གནས་ཚུལ་ལ་རྒྱུས་མངའ་གནང་བ་དང་། ས་ཡུལ་དངོས་ནས་ལྟ་བཤེར་ལས་ལན་ཆ་བྱས་པའི་གནད་དོན་བཅོས་སྒྲིག་ལས་ཀའི་མྱུར་ཚད་ལ་ཞིབ་བཤེར་སྒོས། རྣམ་གྲངས་འཛུགས་སྐྲུན་ཁྲོད་ལྷག་བསྡད་པའི་དཀའ་ཁག་གནད་དོན་ལ་བློ་འདྲི་ཞིབ་ཕྲ་གནང་བ་མ་ཟད། བཅོས་སྒྲིག་ལ་དམ་འཛིན་དང་ཐོན་སྐྱེད་བདེ་འཇགས་ལས་དོན་ལ་ཞིབ་ཕྲའི་བླང་བྱ་བཏོན་གནང་ཡོད་པ་རེད། སྒྲོལ་དཀར་གྱིས། ལྷོ་ཁ་གྲོང་ཁྱེར་གྱིས་བསམ་བློའི་ངོས་འཛིན་མཐོར་གཏོང་བྱས་ཐོག ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཆབ་སྲིད་རང་བཞིན་དང་། སྒམ་ནན་རང་བཞིན། གལ་ཆེའི་རང་བཞིན་བཅས་ལ་ངོས་འཛིན་ཡག་པོས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་བཅོས་སྒྲིག་གི་བྱ་ཐབས་ཁག་གི་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་། མང་ཚོགས་ཀྱི་རེ་འབོད་ཐག་གཅོད་ཡག་པོ་བྱས་ཏེ་དུས་ཐོག་ཏུ་མང་ཚོགས་ཀྱིས་དོ་ཁུར་བྱ་ཡུལ་ལ་ལན་ཆ་ཡག་པོ་སྤྲོད་དགོས། དུས་མཚུངས། གཅིག་ཤེས་ཀུན་གྲོལ་ཐུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གནད་དོན་འཚོལ་ཞིབ་གྱི་ལམ་སྲོལ་འཐུས་ཚང་འཛུགས་སྐྱོང་བྱས་ཐོག སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་མཐོར་འདེགས་ཟམ་མི་ཆད་པ་བྱས་ནས་མང་ཚོགས་ཀྱི་སྐྱིད་ཚོར་དང་ཐོབ་ཚོར་སྔར་བས་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་ཡོད་པ་རེད། བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉周刊