第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།
ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་རྣམ་གྲངས་ ལས་འགོ་འཛུགས་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ།
ཝང་ཏེ་ཝུན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྐོང་འཚོགས་གནང་བ།
མཛོ་གཡག་དོར་སྦྲེལ་ནས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཞིང་ལས།
བའེ་ཡུན་ཧྥུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ ལ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་བ།
| 山南网首页 |
2023年9月6日 星期
3 上一篇  下一篇 4 放大 缩小 默认
ཝང་ཏེ་ཝུན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྐོང་འཚོགས་གནང་བ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པའི་གཏན་འབེབས་སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་འདི་ཉིད་ངེད་གྲོང་ཁྱེར་དུ་ཕྱོགས་ཡོངས་ནས་ལག་བསྟར་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ཀྲུའུ་རེན་ཝང་ཏེ་ཝུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་། གྲོང་ཨུད་རྒྱུན་ཨུ། རྒྱུན་ལས་གྲོང་སྤྱི་གཞོན་པ་མུའུ་ཡུང་ཝུན་དང་། གྲོང་ཁྱེར་མི་དམངས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲེན་བའེ་ཚུན་དང་བསོད་ནམས་རྡོ་རྗེ། ཉིའུ་ཁུན། ཀྲའོ་ཐན་ཝུའུ། འཇིགས་མེད་དང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་སྒྲོལ་མ་གཡང་འཛོམས། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལིའུ་ཧྥ་ལིན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཝང་ཏེ་ཝུན་གྱིས་བླང་བྱ་བཏོན་གནང་དོན། འགན་འཁྲི་དོན་འཁྱོལ་ལ་དམ་ཟབ་དམིགས་ཏེ། སྒོ་ཀུན་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱེད་དགོས། སྲིད་གཞུང་གི་ཁྲེམས་ཀྱིས་གཏན་འབེབས་བྱས་པའི་འགན་འཁྲི་དང་། ཁྲིམས་འཛིན་ཁྲིམས་སྒྱུར་གྱི་འགན་འཁྲི། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འགན་འཁྲི། མཉམ་འཛིན་མཉམ་སྡོམ་གྱི་འགན་འཁྲི་བཅས་དོན་འཁྱོལ་ནན་ཏན་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པ་བྱེད་དགོས། དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་མི་སེམས་ལ་ཟུག་པ་བྱེད་དགོས། རིམ་ཁག་མི་དམངས་འཐུས་ཚོགས་དང་འཐུས་མི་ཚོའི་ནུས་པ་འདོན་སྤེལ་བྱས་ཏེ། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཚང་མས་འཁུར་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་རྣམ་པ་བཟང་པོ་གཏོད་དགོས། རང་རྟོགས་རང་འགུལ་དང་ལྟ་སྐུལ་ཞིབ་བཤེར་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་འདི་ཉིད་གྲོང་ཁྱེར་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཁོངས་གཏོགས་སུ་དོན་ཐོག་ཏུ་འཁྱོངས་བ་བྱེད་དགོས།

ཚོགས་འདུའི་ཐོག ཚོགས་ཞུགས་མི་སྣས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་ལ་མཐའ་བསྐོར་ནས་བསམ་གྲོས་སྤེལ་རེས་བྱས་པ་རེད། བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉周刊