第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
法治园地

第03版
综合新闻
 
标题导航
རྒྱལ་ཁབ་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་གྱི་ཐོག་མའི་མིང་ཐོའི་ནང་རང་ལྗོངས་ཀྱི་ཤང་གྲོང་རྡལ་5ཚུད་པ།
ལོ་སྟོད་དུ་ངེད་གྲོང་ཁྱེར་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་བ།
ལྟོ་ཟ་རྒྱུ་མང་དྲག་ན་གནོད་པ་ཆེན་པོ་ཡོད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་པ།
ཁང་པ་གསར་པར་སྤོས། འཚོ་བ་གསར་པ་སྐྱེལ།
| 山南网首页 |
2023年9月4日 星期
3 上一篇  下一篇 4 放大 缩小 默认
ལོ་སྟོད་དུ་ངེད་གྲོང་ཁྱེར་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོའི་ལོ་སྟོད་དུ། ངེད་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་113.68ལེགས་གྲུབ་ཟིན་ནས་དུས་མཚུངས་ལས་7.9%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་28.39ཟིན་ནས་དུས་མཚུངས་ལས་8.5%འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7784ཟིན་ནས་དུས་མཚུངས་ལས་8.3%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24240ཟིན་ནས་དུས་མཚུངས་ལས་5%འཕར་བ། གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་དུས་མཚུངས་ལས་0.5%འཕར་བ་དང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་མུ་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་། ངེད་གྲོང་ཁྱེར་གྱིས་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་

(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ནང་མཁོ་མུ་མཐུད་རྒྱ་ཆེར་གཏོང་བ་དང་། དེང་རབས་ཀྱི་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། ཁྲོམ་རའི་གདེང་ཚོད་ཆེ་རུ་ཤུགས་ཆེན་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་པ་རེད།

གྲོང་ཁྱེར་ཡོངས་ཀྱིས“མ་དངུལ་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ལོའི”བྱེད་སྒོ་ཏན་ཏིག་སྤེལ་ཞིང་། ལོ་སྟོད་དུ་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་རྣམ་གྲངས་53དོན་འཁྱོལ་བྱས་པ་དང་། གཙོ་གནད་རྣམ་གྲངས་573ལས་འགོ་ཚུགས་པ་དང་ཡང་བསྐྱར་ཚུགས་པ། S5མྱུར་བགྲོད་བགྲོད་ལམ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ། གོང་དཀར་གནམ་ཐང་གི་ལམ་བུ་གཉིས་པ་དང་གོང་དཀར་གནམ་ཐང་གི་T1/T2གནམ་ཐང་བབས་ཚུགས་སྒྱུར་བཀོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་མུ་མཐུད་བཏོན་ནས་འཛད་སྤྱོད་སྒོར་ཁྲི་5500ཙམ་ལ་སྐུལ་ཁྲིད་བྱས་པ་དང་།“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ལོ་སྟོད་དུ་སྲིད་དོན་ཞབས་ཞུའི་དོན་ཚན་ཁག་ཁྲི་5.24བདག་སྤྲོད་བྱས་པ་དང་ཐག་གཅོད་བྱེད་ཚད་98%ཟིན་པ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་19.63ཟིན་པ། མ་དངུལ་སྒོར་དུང་ཕྱུར་4.16བཏང་ནས་བོད་སྐྱོར་རྣམ་གྲངས་113ལག་བསྟར་བྱས་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

ལོ་སྟོད་དུ་ངེད་གྲོང་ཁྱེར་གྱིས་དམངས་འཚོའི་བདེ་རྩ་མུ་མཐུད་ཆེ་རུ་བཏང་ནས་ལས་ཞུགས་ལས་གཏོད་ཀྱི་གདན་ཞུའི་འདུ་ཚོགས་སྣ་ཚོགས་ཐེངས་44འཚོགས་པ་དང་། མཐོ་སློབ་སློབ་ཐོན་སློབ་མར་ཁ་གསབ་མ་དངུལ་སྒོར་ཁྲི་3175.76སྤྲད་པ་དང་མཐོ་སློབ་སློབ་ཐོན་སློབ་མ་106བོད་སྐྱོར་ཞིང་ཆེན་གསུམ་གྱི་ཁེ་ལས་དང་བྱ་གཞག་ཚན་པར་ལས་ཞུགས་ཐུབ་པ་རེད། སློབ་མའི་ལོ་འཁོར་གྱི་སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་གྱི་ཆ་སྙོམས་ཚད་གཞི་སླར་ཡང་སྒོར་90མཐོ་རུ་བཏང་བ་དང་། ས་བབ་མཐོ་བའི་སློབ་གྲྭ་318ལ་དྲོད་རླངས་མཁོ་འདོན་བྱས་པ་རེད། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོའི(གྲོང་ལྷན)འཕྲོད་བསྟེན་ཁང་497ལ་སྨན་བཅོས་འགན་བཅོལ་དྲ་སྦྲེལ་ནས་ཐད་ཀར་རྩིས་རྒྱག་རྒྱུ་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་པར་མུ་མཐུད་སྐུལ་འདེད་བཏང་བ་དང་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་20.6སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་གྲངས་169འཛུགས་སྐྲུན་ཐད་སྤྱད་པ་རེད། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་2023ལོར་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་ཚོ་48ཚང་མ་ལས་འགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་བཏང་སྟེ། གྲོང་གསེབ་ཀྱི་དུད་ཚང་5935ཡི་མི་ཕྱུགས་ལོགས་སུ་ཕྱེ་བ་དང་དུད་ཚང་954ཡི་གསང་སྤྱོད་སྒྱུར་བཀོད་བྱས་ཡོད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:法治园地
   第03版:综合新闻
   第04版:公益广告
རྒྱལ་ཁབ་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་གྱི་ཐོག་མའི་མིང་ཐོའི་ནང་རང་ལྗོངས་ཀྱི་ཤང་གྲོང་རྡལ་5ཚུད་པ།
ལོ་སྟོད་དུ་ངེད་གྲོང་ཁྱེར་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་བ།
ལྟོ་ཟ་རྒྱུ་མང་དྲག་ན་གནོད་པ་ཆེན་པོ་ཡོད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་པ།
ཁང་པ་གསར་པར་སྤོས། འཚོ་བ་གསར་པ་སྐྱེལ།