འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཏང་ཡོན་ལས་བྱེད་པས་ཆང་བཏུངས་ནས་རླངས་འཁོར་གཏོང་བ་དང་ར་བཟི་ནས་རླངས་འཁོར་གཏོང་བའི་འགྲིམ་འགྲུལ་ཁྲིམས་འགལ་དོན་རྐྱེན་མཐའ་གཅིག་ཏུ་གཏན་འགོག་བྱ་ཆེད། ཉིན་ཤས་གོང་། ཟངས་རི་རྫོང་ཆུ་འཁོར་ས་གྲོང་ཚོས་གྲོང་སྡོད་ལས་བྱེད་པ་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་ཡོངས་ཞུགས་པའི་ཆང་བཏུངས་ནས་རླངས་འཁོར་གཏོང་བ་དང་ར་བཟི་ནས་རླངས་འཁོར་གཏོང་བའི་ཆེད་དོན་ཉེན་བརྡའི་སློབ་གསོའི་ཚོགས་འདུ་འཚོགས་པ་མ་ཟད། “བསླབ་བྱ་དང་ལེན་དང་། རང་འགན་གཙང་སྒྲུབ་ཡག་དག མི་ལུས་བདེ་འཇགས་འགན་ལེན”སོགས་ཇི་ལྟར་བྱེད་པའི་གནད་དོན་ལ་དམིགས་ཏེ་གྲོས་བསྡུར་སྤེལ་རེས་བྱས་པ་རེད།
ཆུ་འཁོར་ས་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཏོའུ་ཁྲང་ཧྥུང་གིས། ད་ཐེངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་འཚོགས་པ་བརྒྱུད་མི་ཚང་མས་ཉེན་སྟོན་གྱོད་དཔེ་ནས་བསླབ་བྱ་དང་ལེན་གང་ལེགས་ཐུབ་པ་དང་། ཆང་བཏུངས་ནས་རླངས་་འཁོར་གཏོང་བ་དང་ར་བཟི་ནས་རླངས་འཁོར་གཏོང་བའི་མཇུག་འབྲས་ངན་པར་ངོས་འཛིན་ཐུབ་ནས། ཏང་ཡོན་ལས་བྱེད་པའི་ཆང་བཏུངས་རྗེས་རླངས་འཁོར་གཏོང་མི་རུང་བའི་བསམ་བློའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། སྟེས་དབང་གི་བསམ་བློ་དོར་བ། རྒྱུན་དུ་རིགས་པ་དྭངས་གསལ། སྣེ་ཁྲིད་དེ་སྒྲིག་འཁུར་ཁྲིམས་སྲུང་བཅས་ཀྱིས་མང་ཚོགས་ལ་གདོང་ལེན་དཔེ་བཟང་གི་ནུས་པ་ཐོན་ཏེ། ཆང་བཏུངས་ནས་རླངས་འཁོར་གཏོང་བ་དང་ར་བཟི་ནས་རླངས་འཁོར་གཏོང་མི་རུང་བའི་འདུ་ཤེས་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་གྱུར་ཡོད་ཅེས་བརྗོད།