འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་30ཉིན་ནས་ཚེས་31ཉིན་བར། གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ལྷོ་ཁ་གྲོང་ཁྱེར་ཞིང་འབྲོག་ཁུལ་གྱི་གྲོང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་སྲོལ་ཡིག(འཆར་ཟིན)》དང《ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་དོ་དམ་སྲོལ་ཡིག(འཆར་ཟིན)》གསན་པ་དང་དེར་གྲོས་ཞིབ་བྱས་པ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གྲོས་ཞིབ་བསམ་འཆར་སྙན་ཞུ། ཞིབ་བཤེར་བྱས་འབྲས་སྙན་ཞུ། རྗེས་སྙེག་ཞིབ་བཤེར་སྙན་ཞུ། ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)བྱེད་སྒོའི་གནས་ཚུལ་སྙན་ཞུ། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་ཆེད་དོན་ལས་ཀའི་སྙན་ཞུ་བཅས་གསན་ནས་གྲོས་ཞིབ་བྱས་པ་རེད།
ཚོགས་འདུར་ཕེབས་དགོས་ངེས་ཀྱི་གྲུབ་ཆའི་མི་གྲངས་44ཡོད་པ་ནས་དོན་དགོངས་དང་ནད་དགོངས་ཞུས་པའི་མི་14ཡོད་ཅིང་། དངོས་སུ་ཕེབས་པ་མི་30ཡོད་པ་དེ་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད་པ་རེད།
ཝང་ཏེ་ཝུན་གྱིས་བསམ་བློའི་ཁྲིད་སྟོན་མཐའ་འཁྱོངས་དང་དོན་སྙིང་གལ་ཆེན་སྟངས་འཛིན་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཆབ་སྲིད་ཀྱི་རང་རྟོགས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་“ཡིག་འབྲུ་12”ཀྱི་སྤྱིའི་བླང་བྱ་དང་། རྩ་བའི་ལས་འགན། “སྐད་ཆ་ཚིག་ལྔའི་”ཞིབ་ཕྲའི་དམིགས་འབེན། གཙོ་གནད་ཐག་གཅོད་བྱེད་དགོས་པའི་“ཕྱོགས་དྲུག་”ཐད་ཀྱི་མངོན་གསལ་དོད་པོའི་གནད་དོན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བརྗོད་བྱ་གཙོ་བོའི་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ཐོག་ཕན་འབྲས་དངོས་ཐོབ་པར་འགན་ལེན་ཏན་ཏིག་བྱ་དགོས། སྤུས་ཚད་ཨང་དང་པོར་འཇོག་རྒྱུ་དང་གྲུབ་འབྲས་གཞན་སྒྱུར་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་ཁག་ཁྱོན་ཡོངས་དང་ནུས་ལྡན་ངང་དོན་འཁྱོལ་བྱེད་དགོས། གཙོ་གནད་བྱ་ཐབས་ཁག་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་དང་། ཞིབ་བཤེར་དང་བཅོས་སྒྲིག་ཟུང་འབྲེལ། གཏོར་འཛུགས་གཅིག་གྱུར་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གཏན་འཁེལ་བྱ་སྤྱོད་དོན་འཁྱོལ་ཐུབ་པ་དང་། རང་འདེམས་བྱ་སྤྱོད་ལ་ཁྱད་ཆོས་ལྡན་པ་བྱེད་དགོས། བློ་གཅིག་སེམས་གཅིག་གིས་རང་འགན་འཁྲི་སྒྲུབ་དང་། ཕན་འབྲས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། འགན་འཁྲི་བརྒྱུད་འདྲེན་དང་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་བའི་དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྕི་བ། བླང་བྱ་མཐོ་བ་བཅས་ཡིན་པས། ལས་དོན་འདི་ཉིད་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ཏན་ཏིག་སྒྲུབ་པ། སྔ་ཙམ་ཇུས་འགོད་དང་སྔོན་ལ་བཀོད་སྒྲིག་བྱེད་པ། བརྗོད་བྱ་གཙོ་བོའི་སློབ་གསོ་དེ་སློབ་སྦྱོང་དང་བསམ་གཞིག་བྱེད་པའི་བརྒྱུད་རིམ་ལ་བརྩི་བ། ལག་ལེན་དང་བྱ་སྤྱོད་ཀྱི་བརྒྱུད་རིམ་ལ་བརྩི་བ་བཅས་བྱས་ནས་བརྗོད་བྱ་གཙོ་བོའི་སློབ་གསོའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཚོགས་འདུའི་རིང་ཝང་ཏེ་ཝུན་གྱིས་ད་དུང་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་32པ་དང་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཟླ་8ཚེས་31ཉིན་གྱི་ཕྱི་དྲོ་ཁྲིམས་འཛུགས་སྐོར་ལ་ཆེད་དོན་འཆད་ཁྲིད་འཚོགས་པ་རེད།བསོད་ནམས་བསྟན་པས་བསྒྱུར།