འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། ཞིང་ལས་གྲོང་གསེབ་པུའུ་གཞུང་དོན་ཐིང་དང་ནོར་སྲིད་པུའུ་གཞུང་དོན་ཐིང་གིས་བཀྲམས་པའི་རྒྱལ་ཁབ་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་གྱི་ངོས་འཛིན་མིང་ཐོ་ཐོག་མའི་ནང་། རང་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བེའུ་མདའ་ཤང་(གཡག)དང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་(ནས) ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་(ཇ) ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་(བོད་ཕག) ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང་(གཡག)བཅས་ཚུད་འདུག
གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཐོན་ལས་མཉམ་བསྲེས་གཞི་རྟེན་གཏོད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱ་ཆེད། ཞིང་ལས་གྲོང་གསེབ་པུའུ་དང་ནོར་སྲིད་པུའུ་ཡིས་2018ལོ་ནས་བཟུང་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་ཁག་ཅིག་བསྐྲུན་རྒྱུའི་ཆོག་མཆན་སྤྲད་ཡོད་པ་མ་ཟད། ལས་ཀའི་ཕན་འབྲས་དཔྱད་དཔོག་དང་། ངོས་འཛིན་རེ་ཞུ། ཞིང་ཆེན་རིམ་པའི་འོས་སྦྱོར་དང་དཔྱད་ཡིག་གོ་བསྡུར་སོགས་ཀྱི་འགྲོ་ལུགས་བརྒྱུད། 2018ལོ་ནས་2021ལོ་བར་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་བསྐྲུན་ཕྱོགས་ལ་ངོས་འཛིན་གྱི་ལས་དོན་སྤེལ་ནས་རྒྱལ་ཁབ་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་གྱི་མིང་ཐོ་ཐོག་མ་དེ་གཏན་འཁེལ་བྱས་ཡོད་པ་རེད།
གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། རང་ལྗོངས་སུ་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་23འཛུགས་གཏོད་བྱེད་པའི་རྣམ་གྲངས་རེ་ཞུ་བདེ་བླག་བྱུང་ཞིང་། ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་ཁྱོན་སྒོར་དུང་ཕྱུར་1.11དོན་འཁྱོལ་བྱུང་ཡོད་པ་རེད། གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་མཉམ་འབྲེལ་ཐོག་མུ་མཐུད་ནས་ཞིང་ལས་གྲོང་གསེབ་པུའུ་དང་
(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ནོར་སྲིད་པུའུ་ཡི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ས་ཁུལ་ལམ་གྲོང་ཁྱེར་ཁག་གིས་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་འཛུགས་གཏོད་རེ་ཞུ་དང་ངོས་འཛིན་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཁྱད་ལྡན་ཡུལ་ཟོག་གི་ཐོན་ལས་གོང་འཕེལ་ཡག་པོ་གཏོང་རྒྱུར་དམིགས་ཐོག གྲོང་གསེབ་ཀྱི་ཐོན་ཁུངས་དང་ཞིང་ལས་ཀྱི་བྱེད་ནུས་མི་འདྲ་བ་གསར་སྤེལ་བྱ་རྒྱུ་ཡིན་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་དང་གྲོང་གསེབ་ཀྱི་སྣེ་མང་རིན་ཐང་བསྔོག་འདོན་ཡག་པོ་བྱས་ཏེ། ཐོན་ལས་དང་པོ་དང་། ཐོན་ལས་གཉིས་པ། ཐོན་ལས་གསུམ་པ་བཅས་ཕན་ཚུན་མཉམ་འདྲེས་འཕེལ་རྒྱས་ལ་ཕྱོགས་ནས་ཕན་འབྲས་བརྩོན་ལེན་དང་། སྣེ་ཁྲིད་ཡག་པ། ལས་རིགས་སྦྲེལ་ལམ་དར་བ། ལན་པར་འཛུགས་གཏོད་བཅས་བརྒྱུད། གྲོང་གསེབ་ཐོན་ལས་ཀྱི་སྦྲེལ་ལམ་རིམ་སྤོར་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དང་། ས་ཁོངས་སོ་སོའི་འགན་འཁྲི་ནན་དུ་འཁུར་བཅུག་སྟེ། དྲིལ་བསྒྲགས་འོས་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ་གྱི་མིག་དཔེའི་སྣེ་ཁྲིད་དང་འཕྲོ་སྐྱེད་ཁྲིད་སྐུལ་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུ་ཡིན་པ་རེད། བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།