第04版:全民运动专版 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2023年8月11日 星期
3 上一篇  下一篇 4 放大 缩小 默认
རང་ལྗོངས་ཀྱིས་དམངས་ཡོངས་ཀྱི་ལུས་སྦྱོང་ཞབས་འདེགས་མ་ལག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ།
ན་ནིང་ནས་བཟུང་ཁ་གསབ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་རེ་འདུན་ཞུས་ཏེ་གཤམ་ལ་སྤྲད་པ།
 

ཟླ་8ཚེས་8ཉིན་ནི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”ཐེངས་15པ་རེད། 2023ལོའི་བོད་རང་སྐྱོང་ལྗོངས་ཀྱི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”དང“དམངས་ཡོངས་ཀྱི་ལུས་སྦྱོང་ཉམས་ལེན་ཟླ་བའི”འགོ་ཚུགས་མཛད་སྒོ་ལྷ་ས་གྲོང་ཁྱེར་རྟ་རྒྱུག་ཐང་དུ་འཚོགས་པ་རེད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ། (བོད་ལྗོངས་ཉིན་རེའི་ཚགས་པར་ལས་བཏུས)

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་དམངས་ཡོངས་ཀྱི་ལུས་སྦྱོང་ལས་དོན་གྱི་མཉམ་ཞུགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ན་ནིང་ནས་བཟུང་། རང་ལྗོངས་ཀྱིས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བར་དམིགས་ནས། རང་ལྗོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཞབས་འདེགས་མ་ལག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་དམངས་ཡོངས་ཀྱི་ལུས་སྦྱོང་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་བ་རེད། ན་ནིང་ནས་བཟུང་། རང་ལྗོངས་ཀྱིས་རིམ་པ་ཁག་དང་རིགས་ཁག་གི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སའི་སྒྲིག་ཆས་ཀྱི་ཁ་གསབ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་རེ་འདུན་ཞུས་ཏེ་གཤམ་ལ་སྤྲད་ནས་སྡེ་ཁུལ་དང་། ཤང་དང་གྲོང་རྡལ་གྱི་སྤྱི་པའི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་སྐུལ་འདེད་བཏང་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་། ས་བབ་མཐོ་ས། ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་བཅས་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།

རང་ལྗོངས་ཀྱིས་དམངས་ཡོངས་ཀྱི་ལུས་སྦྱོང་འཕེལ་རྒྱས་ཀྱི་ལས་སྟེགས་ནུས་ཤུགས་ཡོད་རྒུས་སྐྲུན་པ་དང་། ལུས་སྦྱོང་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ལུས་སྦྱོང་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། རང་ལྗོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་པའི་ཞབས་འདེགས་མ་ལག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

2022ལོའི་ལོ་མཇུག་བར་རང་ལྗོངས་སུ་རིམ་པ་ཁག་དང་རིགས་ཁག་གི་ལུས་རྩལ་ཐང་ཁྱོན་བསྡོམས་8640ཡོད་པ་དང་མི་རེའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་1.78ཟིན་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱིས་རང་ངོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་དང་རྟ་རྒྱུག་དུས་ཆེན་སོགས་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་བྱེད་སྒོ་སྣ་ཚོགས་སྤེལ་བ། ལྗོངས་ཡོངས་ཀྱི་སྤྱི་པའི་ལུས་རྩལ་ཁང་42ལ་རིན་པ་མི་དགོས་པའམ་ཡང་ན་རིན་གོང་དམའ་བའི་སྒོ་དབྱེའི་ཁ་གསབ་དངུལ་སྒོར་ཁྲི་3099རེ་འདུན་ཞུས་པ། སྤྱི་པའི་ལུས་རྩལ་ཐང་དང་ཁང་གི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། མིག་སྔར་ལྗོངས་ཡོངས་སུ་ལུས་རྩལ་ཐང་དང་ཁང་19ཡི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལེགས་སྒྲུབ་བྱས་ཡོད།

ཚན་རིག་དང་མཐུན་པའི་སྒོ་ནས་མང་ཚོགས་ཀྱི་ལུས་སྦྱོང་ལ་མཛུབ་ཁྲིད་བྱེད་པའི་ཐད། 2023ལོར་དམངས་ཡོངས་ཀྱི་ལུས་སྦྱོང་དང་བླངས་ཞབས་ཞུ“དྲུག་སྤེལ”དང“མཁོ་འདོན་གསུམ”གྱི་ལུས་རྩལ་གཞི་རིམ་དུ་སྤེལ་བའི་བྱེད་སྒོར་ཕུལ་བྱུང་གི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ་མི་ཐེངས་120འདེམས་གཏོང་བྱས་པ་དང་། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ་དང་སྡེ་ཁུལ་43ལ་ཕིང་ཕང་སྤོ་ལོ་སོགས་རྣམ་གྲངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་གི་རྩལ་ནུས་མཛུབ་ཁྲིད་བྱས་པ་རེད། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལུས་རྩལ་ཁྲིད་སྟོན་པའི་དང་བླངས་ཞབས་འདེགས་བྱེད་སྒོ་སྟེ་དམངས་ཡོངས་ཀྱི་ལུས་སྦྱོང་དང་བླངས་ཞབས་འདེགས་ཀྱི་བྱེད་སྒོ་སློབ་གྲྭར་སྤེལ་བ་མ་ཟད་སྒོར་ཁྲི་34རི་བའི་ལུས་སྦྱོང་ཡོ་བྱད་ཞལ་འདེབས་བརྒྱབ་ཡོད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:全民运动专版
དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ།
ལུས་རྩལ་དང་བདེ་ཐང་།
རང་ལྗོངས་ཀྱིས་དམངས་ཡོངས་ཀྱི་ལུས་སྦྱོང་ཞབས་འདེགས་མ་ལག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ།