ཟླ་8ཚེས་8ཉིན། གྲོང་ཁྱེར་ཡོངས་ཀྱི“དམངས་ཡོངས་ཀྱི་ལུས་སྦྱོང་གཟའ་འཁོར”ཞེས་པའི་ལུས་སྦྱོང་ཞབས་བྲོའི་འགྲན་བསྡུར་ཆེ་མོ་དེ་གྲོང་ཁྱེར་ལུས་རྩལ་ཐང་གི་ལུས་རྩལ་རྒྱན་ཤོག་ལྟེ་གནས་སུ་འགོ་ཚུགས། ལུས་སྦྱོང་རུ་ཁག་16གིས“ཞབས་བྲོའི”སྒྱུ་རྩལ་དང་འཁྲུག་ཆ་དོད་པའི་རོལ་དབྱངས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་དང་། དགའ་སྤྲོའི་སྟངས་སྟབས་ལ་བརྟེན་ནས་དུས་རབས་ཀྱི་འཕེལ་རྒྱས་ལ་བསྟོད་དབྱངས་ཕུལ།