第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2023年8月11日 星期
3 上一篇  下一篇 4 放大 缩小 默认
无标题
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཞབས་ཞུ་ཚོགས་པས་ལྷོ་ཁའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཧྲན་ལི་དུས་རབས་ཐང་ཆེན་དུ་འགོ་ཚུགས་པ་རེད།

གུང་གཞོན་སྡེ་ཚོགས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་ལིའུ་ཨའེ་ཕིང་དང་། སྡེ་ཚོགས་ལྗོངས་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཉི་མ་བསྟན་འཛིན་བཅས་བྱེད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལིའུ་ཨའེ་ཕིང་གིས་བླང་བྱ་བཏོན་དོན། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཚོས་བྱས་རྗེས་ཧུར་ཐག་འཇོག་པ་དང་ཇུས་འདོན་ཤུགས་ཆེ་བྱས་ཏེ་ཉེན་སེལ་རྒུད་སྐྱོབ་དང་། ནད་བཅོས་སྲོག་སྐྱོབ་བྱེད་པ། རྩེར་སོན་གྱི་ལག་རྩལ་དང་། སྔོན་ཐོན་གྱི་འདུ་ཤེས། ནུས་ལྡན་གྱི་བྱ་ཐབས་བཅས་མཐའ་མཚམས་མི་དམངས་ལ་བརྒྱུད་སྤྲོད་བྱེད་པ་དང་མཐའ་མཚམས་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་གཏན་འཁེལ་བྱས་པའི་ལས་འགན་ཁག་ནན་ཏན་ངང་ལེགས་སྒྲུབ་བྱས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་ཤུགས་ཡོད་རྒུ་འདོན་དགོས།

ཀྲོའུ་དབྱི་ཧྥུང་གིས་གསུངས་དོན། དུས་ཡུན་རིང་པོའི་ནང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་ལག་ལེན་བསྟར་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཁ་གཏད་བོད་སྐྱོར་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་མ་དངུལ་བོད་སྐྱོར་དང་ལས་ཞུགས་བོད་སྐྱོར་སོགས་གསར་གཏོད་ཀྱིས་བོད་ཀྱི་དོན་ཆེན་བཞི་དང་འཛུགས་གཏོད་བཞིར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

ཉི་མ་བསྟན་འཛིན་གྱིས་གྲོང་ཨུད་དང་ཧྲུའུ་ཅི་ཞུས་ཁྲེང་ཚང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཞབས་ཞུ་ཚོགས་པ་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་གནང་བ་དང་། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་ལྷོ་ཁའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་། ཁོང་གིས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་བཞིན་ལྷོ་ཁའི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར། བོད་སྐྱོར་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞོན་ནུ་ཤེས་ལྡན་པ་དེ་བས་མང་བས་ལྷོ་ཁར་གཞི་ཚུགས་པ་དང་། ལྷོ་ཁར་ལེགས་སྐྱེས་འབུལ་བ། ལྷོ་ཁ་འཛུགས་སྐྲུན་བཅས་བྱ་རྒྱུའི་སྒྲིག་འཛུགས་དང་སྐུལ་སློང་བྱ་རྒྱུ་དང་། ཨུ་ཡོན་ཚོས་རང་སོ་སོའི་དགེ་མཚན་འདོན་སྤེལ་བྱས་ཏེ་སྲིད་ཇུས་སྒྲོག་འགྲེལ་དང་སྤྱི་ཚོགས་ཀྱི་ཞབས་ཞུ་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། ཁྱོན་ཡོངས་དང་རིམ་པ་མང་བའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། ལྷོ་ཁས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་འཕེལ་རྒྱས་སྔོན་སྐྱོད་ཁུལ་གཏོད་རྒྱུར་རོགས་རམ་བྱས་ཏེ་རྒྱལ་ཡོངས་དང་ལྗོངས་ཡོངས་དང་མཉམ་དུ་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་དང་ཐུན་མོང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུའི་རེ་བ་བཏོན་གནང་བ་རེད།

འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོ་བདེ་ཐང་ཟམ་པའི་སྨན་རྫས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་དང་པེ་ཅིང་ཀྲི་ཅན་ཁྲོང་ཁེ་ཚན་རྩལ་ཚད་ཡོད་ཀུང་སི། ཧོ་ནན་ལིན་རུའེ་སྨན་བཟོ་མ་རྐང་ཚད་ཡོད་ཀུང་སི། ཅེ་ཨེན་གསར་གཏོད་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི་བཅས་ཀྱིས་ངེད་གྲོང་ཁྱེར་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ལ་སྨན་རྫས་དང་བཟའ་བཅའ། སློབ་སྦྱོང་གི་ཡོ་ཆས་སོགས་སྤྲད་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:全民运动专版
སེམས་ནུས་གཅིག་སྒྲིལ་འབུར་དུ་ཐོན་པར་བྱས་ནས་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱེད་པ།
ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ལེགས་འཕེལ་བྱུང་བ།