第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
སྟག་ལུང་ཚོང་འདུས་ཉིན་དང་པོར་ཚོང་ བྲིན་ཚད་སྒོར་ཁྲི་105ལྷག་ཟིནཔ།
ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ལེགས་འཕེལ་བྱུང་བ།
སེམས་ནུས་གཅིག་སྒྲིལ་འབུར་དུ་ཐོན་པར་བྱས་ནས་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱེད་པ།
རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཞབས་ཞུ་ཚོགས་པས་ལྷོ་ཁའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་འགོ་ཚུགས་པ།
ཨེན་གསེར་སྡེ་ཁུལ་གྱི་འཕོ་འགྱུར།
གྲོང་གསེབ་དར་རྒྱས་ལས་དོན་ཁྲོད།
| 山南网首页 |
2023年8月11日 星期
3 上一篇  下一篇 4 放大 缩小 默认
ཨེན་གསེར་སྡེ་ཁུལ་གྱི་འཕོ་འགྱུར།
 

“ སྡེ་ཁུལ་གྱི་རྣམ་པ་གསར་རྐྱང་དང་མང་ཚོགས་ཀྱི་རིག་གནས་སྣ་མང་ཕུན་སུམ་ཚོགས་པར་གྱུར་བའི་སྐབས། སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་ཨེན་གསེར་སྡེ་ཁུལ་དུ་སྐྱོད་ཙ་ན་གཙང་སྦྲ་དོད་པའི་གཞུང་ལམ་དང་། གྲལ་སྟར་འགྲིག་པའི་བོད་ཁྱིམ་སྒོ་ར། ཐང་ཆེན་སྟེང་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་བཅས་མཐོང་རྒྱུ་ཡོད།”

ཨེན་གསེར་སྡེ་ཁུལ་གྱི་དགུང་ལོ་72ལ་ཕེབས་པའི་ཏང་ཡོན་རྒན་གྲས་ཆོས་རྒྱལ་ནི་གྲོང་ཚོའི་འགྱུར་ལྡོག་དངོས་སུ་བདེན་དཔང་ཐུབ་མཁན་ཡིན། ཁོང་གིས། དེ་སྔ་གྲོང་ཚོའི་ནང་གི་ཁོར་ཡུག་འཕྲོད་བསྟེན་ཧ་ཅང་ཡག་པོ་མེད་པ་དང་ལམ་བར་དུ་གད་སྙིགས་གང་བྱུང་དུ་བོར་བའི་སྣང་ཚུལ་རྟག་ཏུ་མཐོང་རྒྱུ་ཡོད། ད་ཆ་ང་ཚོས་གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་འོག་སྡོད་ཁང་དང་མི་སྒེར། གྲོང་ཚོ་བཅས་ཀྱི་གཙང་སྦྲ་ཡག་པོ་བྱེད་ཀྱི་ཡོད་པས་ཚང་མའི་འཚོ་བའང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་གི་ཡོད་ཅེས་བཤད།

སྡེ་ཁུལ་གྱི་འགྱུར་ལྡོག་གླེང་ཙ་ན། མང་ཚོགས་ཚང་མས་མཐེ་བོང་བསྒྲེངས་ནས། ད་ཆ་ཁོར་ཡུག་སྔོན་མ་ལས་ཡག་ཏུ་ཕྱིན་ཡོད། ཆབས་ཅིག དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་ཀྱི་འབྲེལ་མཐུད་ནུས་ལྡན་སྔར་བས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ། ཨེན་གསེར་སྡེ་ཁུལ་གྱིས་གྲོང་གསེབ་ཀྱི་རྨང་གཞིའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་སྡོད་ཁང་བདེ་འཇགས་འགན་ལེན་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) བཏང་བས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བློ་ཡིད་ཚིམ་ཚད་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

ཉེ་བའི་ལོ་ཤས་ཚུན། ཨེན་གསེར་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ། “ཏང་ཡོན་གྱིས་ཁོར་ཡུག་འཕྲོད་བསྟེན་ལམ་བུ་རྩིས་སྤྲོད་བྱས་ཏེ། ཏང་འཛུགས་སྐྱོང་དང་དང་བླངས་ཞབས་ཞུ་སྣོལ་སྦྲེལ་”དང“ཏང་ཡོན་དང་བཅོས་སྒྲིག་ལས་ཀ་ཟུང་འབྲེལ”གྱི་ལས་ཀའི་དཔེ་གཞི་ཞིག་ཆགས་པ་བྱས་ནས་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱུངཞིང་། ལམ་དང་། སྒོ་ར། སྡོད་ཁང་བཅས་ཀྱི་རྒྱབ་མདུན་གྱི་འཚོ་བའི་གད་སྙིགས་ཁྱོན་ཡོངས་ནས་གཙང་སེལ་དང་། ཆུ་ཡུར་ནང་གི་སྙིགས་རོ་མེད་པ་བཟོ་བ། “དུད་ཚང་གཅིག་ལ་སྡོད་ཁང་མང་བ”དང“སྒེར་གྱིས་སྡོད་ཁང་གང་བྱུང་དུ་རྒྱག་པ་དང་འཛུགས་སྐྲུན་བྱེད་པ་སོགས་བཤིག་པ། “གཟའ་ཟླ་བ་གཙང་སྦྲའི་ཉིན་མོ་”དང་ཟུང་འབྲེལ་གྱིས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སྲང་ལམ་ལ་གཙང་སྦྲ་བྱས་ཏེ། ཏང་ཡོན་གྱིས་སྣེ་ཁྲིད་པ་དང་མང་ཚོགས་ཀྱིས་ཞུགས་པའི་ལས་ཀའི་ལམ་ལུགས་ཤིག་ཆགས་ཡོད་པ་རེད།

ཨེན་གསེར་སྡེ་ཁུལ་གྱི་གྲོང་གསེབ་ཆེད་བསྐོས་ལས་བྱེད་པ་བྱམས་པ་རྒྱ་མཚོས་བརྗོད་དོན། དེ་སྔོན་གད་སྙིགས་གང་བྱུང་དུ་བོར་བའི་སྣང་ཚུལ་གང་སར་མཐོང་རྒྱུ་ཡོད། འོན་ཀྱང་གད་སྙིགས་རིགས་དབྱེའི་མ་ལག་བཙུགས་པ་ནས་བཟུང་། དེང་སང་གྲོང་མི་ཚོས་རང་འགུལ་ངང་གད་སྙིགས་རིགས་དབྱེ་ནས་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་གཅིག་གྱུར་ཐོག་བསྡུ་རུབ་དང་ཐག་གཅོད་བྱེད་ཀྱི་ཡོད།

2022ལོའི་ཟླ་5པར། སྡེ་ཁུལ་གྱིས་ད་དུང་སྐར་བསགས་བརྗེ་སྒྱུར་ལྟེ་གནས་བཙུགས་ནས་གཟའ་འཁོར་རེའི་གད་སྙིགས་གཙང་སེལ་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་ཟོག་རོ་ཚུར་བསྡུ་བྱེད་པ་དང་འབྲེལ་སྡེ་ཁུལ་མང་ཚོགས་ལ་གད་སྙིགས་རིགས་དབྱེའི་ཤེས་བྱ་ཁྱབ་གདལ་བཏང་ནས“རིགས་དབྱེ་ན་སྐར་གསོག་ཐུབ་པ་དང་། སྐར་བསགས་ནས་ཅ་དངོས་བརྗེ་ལེན། བརྗེ་རེས་ཐུབ་ན་ཕན་པ་ཐོབ་པའི་”རྩ་དོན་ལྟར་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་བརྗེ་ཡི་ཡོད་པ་རེད།

ང་ཚོའི་སྡེ་ཁུལ་གྱིས་ད་དུང་མི་སྣ་བཀོད་སྒྲིག་བྱས་ནས་གད་སྙིགས་རིགས་དབྱེ་བྱེད་ཀྱི་ཡོད། བྱམས་པ་རྒྱ་མཚོས་གསར་འགོད་པར། སྐར་བསགས་བརྗེ་སྒྱུར་ས་ཚིགས་བཙུགས་ནས་ད་བར་ལོ་གཅིག་ཙམ་རིང་། མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་དང་གད་སྙིགས་རིགས་དབྱེའི་འདུ་ཤེས་མངོན་གསལ་དོད་པོས་གོང་མཐོར་ཕྱིན་ཡོད་ཅེས་བཤད།

གད་སྙིགས་རིགས་དབྱེ་ནི་དམངས་འཚོ་དང་འབྲེལ་བའི་དོན་ཆུང་ཞིག་ཡིན་ལ་ལྗང་མདོག་འཕེལ་རྒྱས་ཀྱི་དོན་ཆེན་ཞིག་ཀྱང་རེད། གསར་འགོད་པ་སྐར་བསགས་བརྗེ་སྒྱུར་ལྟེ་གནས་སུ་ཡོང་ནས་བསྐྱར་བསགས་པའི་སྐར་མ་དང་མཁོ་དངོས་བརྗེ་བར་ཡོང་མཁན་སྡེ་ཁུལ་མང་ཚོགས་བསོད་ནམས་ཕུན་ཚོགས་མཐོང་སྐབས་ཁོང་གིས་གོས་འཁྲུའི་འདག་ཁུ་དང་གཙང་ཤོག་སྒམ་ཆུང་གཅིག་བླངས།

ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར། སྐར་བསགས་ལྟེ་གནས་སུ་་སྦི་རག་ཤེལ་དམ་དང་ལྕགས་ཀྲིན། དེ་བཞིན་བེད་མེད་དངོས་རྫས་དང་ལྕགས་རིགས་སོགས་གད་སྙིགས་ཀྲོན་10ལྷག་ཙམ་ཚུར་བསྡུ་བྱས་ནས་མང་ཚོགས་ལ་རིན་ཐང་སྒོར་ཁྲི་1.6རེ་བའི་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་བརྗེས་ཐུབ་ཀྱི་ཡོད་པ་རེད།

སྡེ་ཁུལ་གྱི་ཀྲུའུ་རེན་གཞོན་པ་མཁན་རབ་ནོར་བུས་བརྗོད་དོན། དེ་སྔོན། ང་ཚོའི་གྲོང་ཚོའི་ནང་གད་སྙིགས་དང་། ཁྱིམ་བྱ། སྒོ་ཕྱུགས་བཅས་ཀྱི་ལུད་གང་སར་བོར་བ་མཐོང་རྒྱུ་ཡོད། ད་ཆ་སྔོན་མ་དང་མི་འདྲ་བར། ས་ཆ་གང་དུ་ཕྱིན་ཀྱང་དཀར་གཙང་དོད་པ་ཞིག་ཡོད་ལ། ཚང་མས་རང་འགུལ་ངང་ཁོར་ཡུག་འཕྲོད་བསྟེན་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། ང་ཚོའི་གྲོང་ཚོ་སྔར་བས་མཛེས་སྡུག་དང་ལྡན་པ་ཞིག་ཏུ་གྱུར་ཡོད་ལ་སྡོད་སའི་ཁང་པ་ཡང་སྔར་བས་བདེ་ཞིང་སྐྱིད་སྣང་དོད་དུ་སོང་ཡོད།

ཨེན་གསེར་སྡེ་ཁུལ་གྱིས་དུས་ཚོད་སྐར་ཆ་ཙམ་ལས་མེད་ཀྱང་བརྩོན་ལེན་བྱེད་པའི་ངར་ཤུགས་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་སེམས་ཤུགས་ཐོག་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ནང་ཞུགས་ཏེ་སྡེ་ཁུལ་མང་ཚོགས་ལ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས་པ་ལས་བྱུང་བའི་ཕན་འབྲས་དང་འགྱུར་ལྡོག་དངོས་མཐོང་ཐུབ་པ་བྱས་ཡོད།

བྱམས་པ་རྒྱ་མཚོས་གསར་འགོད་པར་བརྗོད་དོན། གོམ་སྟབས་རྗེས་མར། ང་ཚོས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྡོད་མལ་ཁོར་ཡུག་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་གྲོང་ཚོའི་ཁོར་ཡུག་དེ་ཕྱི་མཛེས་པ་ནས་ནང་མཛེས་པ་དང་། རེ་ཞིག་མཛེས་པ་ནས་རྒྱུན་མཐུད་མཛེས་པའི་བར་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་བཏང་ནས་རྒྱ་ཆེའི་སྡེ་ཁུལ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:全民运动专版
སྟག་ལུང་ཚོང་འདུས་ཉིན་དང་པོར་ཚོང་ བྲིན་ཚད་སྒོར་ཁྲི་105ལྷག་ཟིནཔ།
ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ལེགས་འཕེལ་བྱུང་བ།
སེམས་ནུས་གཅིག་སྒྲིལ་འབུར་དུ་ཐོན་པར་བྱས་ནས་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱེད་པ།
རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཞབས་ཞུ་ཚོགས་པས་ལྷོ་ཁའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་འགོ་ཚུགས་པ།
ཨེན་གསེར་སྡེ་ཁུལ་གྱི་འཕོ་འགྱུར།
གྲོང་གསེབ་དར་རྒྱས་ལས་དོན་ཁྲོད།