འདི་ནི་སྒྲོག་འགྲེལ་པས་ཞིང་ནང་མུ་ཁར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
ཞིང་ནང་མུ་ཁར། སྒྲོག་འགྲེལ་པས་སྟོད་གོས་ཕུ་མེད་དམར་པོ་ཞིག་གྱོན་ཏེ། མང་ཚོགས་ཚོས་གོ་བདེ་བའི་སྐད་ཆའི་ལམ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་མཆིས། སྡེ་ཁུལ་དང་གཞི་རིམ་ཏང་ཡོན་ལས་བྱེད་པས་མང་ཚོགས་ཚོའི་ཁྱིམ་དུ་བསྐྱོད་དེ། ཉེ་འཁོར་གྱི་མི་དང་བྱ་བ་དཔེ་རུ་དྲངས་ནས་གཏམ་རྒྱུད་ཆུང་ངུས་གནས་ལུགས་ཆེན་པོ་གསལ་བའི་སྒྲོག་འགྲེལ་བྱེད་བཞིན་མཆིས། ཁེ་ལས་ནང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་ལས་བཟོ་པ་ཚོས་སྤུས་མཐོའི་གོང་འཕེལ་ཆེད་ལེགས་སྐྱེས་འབུལ་རྒྱུར་ལྕག་སྐུལ་ཐེབས་བཞིན་མཆིས།
ཞིང་ནང་མུ་ཁ་ནས་སྡེ་ཁུལ་བྱེད་སྒོ་ཁང་གི་བར་དང་། ཤང་གྲོང་ནས་ཁེ་ལས་ཀྱི་བར། འཕྱོངས་རྒྱས་རྫོང་གི་རྐང་འཛིན་སྒྲོག་འགྲེལ་པ་ཚོས་ (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) མང་ཚོགས་དང་དོན་དངོས་གནས་ཚུལ་ལ་བསྟུན་ཏེ། མང་ཚོགས་ཚོས་ཉན་སྤྲོ་ལ་གོ་བདེ་བའི་ལམ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སེམས་ལ་འཇགས་པ་དང་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
འཕྱོངས་རྒྱས་གྲོང་རྡལ་དཔལ་རི་སྡེ་ཁུལ་དུ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་སྒྲོག་འགྲེལ་བྱེད་སྒོའི་ནང་། ཡུལ་མི་ཚོས་བློ་རྩ་གཅིག་སྒྲིམ་སྒོ་ནས་སྒྲོག་འགྲེལ་ཉན་བཞིན་འདུག སྒྲོག་འགྲེལ་ཚོགས་འདུ་འཚོགས་སར། ལྷ་ཡུལ་ཤང་སྦས་སྣ་གྲོང་ཚོའི་གཞི་རིམ་ཞིང་འབྲོག་རྐང་འཛིན་སྒྲོག་འགྲེལ་པ་ལྷ་འབྲུག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ངེས་དོན་དང་ཏང་གི་གཟིགས་སྐྱོང་སྲིད་ཇུས་ཁག་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སོཊ་ཀྱི་ནང་དོན་ལ་མཐའ་བསྐོར་ཏེ། དོན་དངོས་དང་ཟུང་འབྲེལ་སྒོས། མང་ཚོགས་ཉེ་འཁོར་གྱི་བྱ་བ་གླེང་ཞོར། སྡེ་ཁུལ་མང་ཚོཊ་ཚོར་སེམས་ལ་ཟུག་པའི་སྒྲོག་འགྲེལ་སློབ་ཚན་འཆད་འཁྲིད་བྱས་ཡོད།
དཔལ་རི་སྡེ་ཁུལ་ཏང་ཨུད་ཧྲུའུ་ཅི་ཕུར་བུ་བཀྲ་ཤིས་ཀྱིས་བརྗོད་དོན། གཞི་རིམ་གྱི་སྒྲོག་འགྲེལ་པ་ཞིག་ཡིན་པའི་ངོས་ནས། དེ་རིང་ངས་སྒྲོག་འགྲེལ་བྱ་ཐབས་གསར་པ་ཁ་ཤས་ཤིག་རྟོགས་བྱུང་། གོམ་སྟབས་རྗེས་མར། རང་ཉིད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མང་ཚོགས་ཚོར་སྒྲོག་འགྲེལ་སྔར་བས་ཡག་པ་བྱས་ཐོག ཞིང་འབྲོག་མང་ཚོགས་ཚོས་ཁེ་ཕན་གང་ནས་བྱུང་བ་དང་། ཁེ་ཕན་གང་ན་ཡོད་པ། དྲིན་ལན་སུ་ལ་འཇལ་དགོས་པ་བཅས་ཀྱི་ཕྱོགས་ལ་སློབ་གསོ་ཁྲིད་སྟོན་ཡག་པོ་བྱ་རྒྱུ་ཡིན།
དེ་མིན། སྐོར་སྐྱོད་སྒྲོག་འགྲེལ་གྱི་ཡིད་དབང་འགུགས་ཤུགས་དང་སེམས་ལ་ཟུག་ཤུགས་ཆེ་རུ་གཏོང་ཆེད། འཕྱོངས་རྒྱས་རྫོང་གིས་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་རྒྱུན་པར་སྤེལ་ཏེ། གཞི་རིམ་མང་ཚོགས་ཚོར་རིག་རྩལ་དང་སྒྲོག་འགྲེལ་སྣོལ་སྦྲེལ་གྱི་སྟོན་མོ་བཤམས་བཞིན་ཡོད། དེའང་ཞབས་བྲོ་དང་། གླུ་དབྱངས། དགོད་བྲོའི་གཏམ་གླེང་སོགས་བརྒྱུད། ཏང་ལ་དྲིན་ཚོར་སེམས་པ་འཆང་ལུགས་དང་མེས་རྒྱལ་རླབས་པོ་ཆེར་བསྔགས་བརྗོད་བྱེད་ལུགས་རིག་རྩལ་བརྩམས་ཆོས་ནང་མངོན་མཚོན་ཐུབ་པ་བྱས་ཏེ། འཕྱོངས་རྒྱས་ཀྱི་བུ་ཕྲུག་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་དུས་རབས་དབྱངས་རྟ་ཆེས་ཆེར་དཀྲོལ།
མིག་སྔའི་བར། འཕྱོངས་རྒྱས་རྫོང་གི་ཤང་གྲོང་རྡལ་ཁག་དང་གྲོང་ཚོ་ཡུལ་ལྷན་ཁག་ཏུ་སྐོར་སྐྱོད་སྣོལ་སྦྲེལ་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཐེངས་62ཟིན་ཞིང་། མང་ཚོགས་ཞུགས་ཚད་མི་ཐེངས་5900ལྷག་ཟིན་ཡོད་པ་དང་། རིག་རྩལ་དང་རིགས་གཞུང་སྣོལ་མའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཐེངས་21ཟིན་ཞིང་། མང་ཚོགས་ཞུགས་ཚད་མི་ཐེངས་2800ལྷག་ཟིན་ཡོད་པ་རེད། ཆབས་ཅིག བོད་ལྗོངས་ས་གཞི་ཆེ་མོ་ཁེ་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ནང་། ཤ་གསོས་ཤང་འཇུ་གྲོང་ཚོའི་རྐང་འཛིན་སྒྲོག་འགྲེལ་པ་ཟླ་བས་ཁེ་ལས་ཀྱི་ལས་བཟོ་པ་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་འདུག གསོན་ཉམས་དོད་པའི་སྒྲོག་འགྲེལ་ཐབས་ལམ་དང་སེམས་ལ་ཟུག་པའི་སྒྲོག་འགྲེལ་ནང་དོན་ལ་ལས་བཟོ་པ་ཚོའི་མོས་སེམས་ཆེན་པོ་ཐོབ།
ས་གཞི་ཆེན་པོ་ཀུང་སིའི་ལས་བཟོ་པ་ཡེ་ཤེས་ཀྱིས་བརྗོད་དོན། ད་གིན་ཟླ་བ་ལགས་ཀྱི་སྒྲོག་འགྲེལ་ཉན་པ་ཡིན། སེམས་ལ་ཟུག་པོ་ཞེ་དྲགས་བྱུང་། དེ་སྔོན་ལས་ཀ་གཏན་འཇགས་ཤིག་མེད་པས། ཞིང་ལས་ཞོར་ལ་ཡོང་འབབ་ཙག་ཙིག་བསགས་ནས་ཁྱིམ་གྱི་རྒན་གཞོན་ལ་ལྟ་རྟོག་བྱེད་དགོས་ཀྱི་ཡོད། ལོ་གཉིས་གོང་། ལས་མི་བསྡུ་བའི་འདུ་ཚོགས་ཤིག་ལས་རང་ཉིད་ས་གཞི་ཆེན་པོ་ཀུང་སིའི་ནང་གི་ལས་ཀར་ཞུགས་ཐུབ་བྱུང་། ད་ལྟའི་ཆར། ཡོང་འབབ་གཏན་འཇགས་ཡོད་པས། འཚོ་བར་སེམས་ཁྲལ་དེ་ཙམ་མི་འདུག འདི་དག་ནི་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ཡག་པོ་དང་ཁ་བྲལ་ཐབས་མེད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་འགག་རྩ་ནི་དོན་འཁྱོལ་ཆད་ལུས་མེད་པ་བྱ་རྒྱུ་དེ་ཡིན་གཤིས། ཤེས་དཔལ་ལག་ལེན་དུ་བསྟར་རྒྱུ་ནི་གཞི་རྟེན་ལ་སེམས་སོ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཐུབ་ཕྱིར། འཕྱོངས་རྒྱས་རྫོང་གིས་རྫོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་དང་། རིམ་ཁག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་སོའོ། ས་ཚིགས་བཅས་དང་། སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན་གྱི་དྲ་ཐོག་སློབ་སྦྱོང་སྟེགས་བུ། རྫོང་དང་ཤང་། གྲོང་ཚོ་བཅས་ཀྱི་འཕྲལ་སྡོམ་རྒྱང་བསྒྲགས་མ་ལག རིག་གནས་དངུལ་ཁང་ལ་འབོད་པའི་དྲ་ཐོག་ཤེས་དཔལ་སྐར་གསོག་ལས་སྟེགས། སྲིད་ཇུས་དང་རིགས་གཞུང་སྒྲོག་འགྲེལ་དང་བླངས་ཞབས་ཞུའི་རུ་ཁག་དང་གཞི་རིམ་རྐང་འཛིན་སྒྲོག་འགྲེལ་པ་ཚོ་བཅས་བརྒྱུད། ཕྱོགས་འཐུས་ཤིང་ཁྱབ་ཆེ་བའི་སྒོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་ཡོད་པ་རེད། དུས་མཚུངས། རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ངེས་བྱ་དང་། དྲི་བ་དྲིས་ལན། མ་རྩོམ་གྱེར་ཀློག ཕུལ་བྱུང་བརྩམས་ཆོས་སྣེ་ཁྲིད་སློབ་སྦྱོང་། སྒྲོག་འགྲེལ་ཐུང་ངུའི་བརྙན་ཕབ་བཅས་ཀྱི་ལེ་ཚན་བཏོད་ནས་འགྲེམས་བསྒྲགས་བྱས་པས། དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་ཁྱབ་རྒྱ་དང་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་སོང་ཡོད། མིག་སྔར། འཕྱོངས་རྒྱས་རྫོང་གི་རིམ་ཁག་ཚན་པས་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཐེངས་260ཟིན་ཞིང་། མང་ཚོགས་ཞུགས་ཚད་མི་ཐེངས་9500ལྷག་ཟིན་པ་དང་། འཕྲལ་སྡོམ་རྒྱང་བསྒྲགས་དང་འགུལ་སྐྱོད་སྒྲ་སྒམ་སྤྱད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་ནང་དོན་གློད་ཐེངས་190ལྷག་ཟིན་ཞིང་། གློད་གཏོང་དུས་ཡུན་སྐར་མ་8600ལྷག་ཟིན་པ་དང་། མི་ཐེངས་ཁྲི་1.52ལྷག་ལ་ཁྱབ་ཡོད། མཉམ་འདྲེས་སྨྱན་སྦྱོར་གྱི་ཐོན་རྫས་38བཏོན་ནས་འགྲེམས་བསྒྲགས་བྱས་པར། དྲ་ཐོག་ནས་ལྟ་ཀློག་བྱེད་མཁན་མི་ཐེངས་ཁྲི་15.8ཟིན་ཡོད་པ་རེད།
རྫོང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཞོང་ཆི་ཧྥན་གྱིས་བརྗོད་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་བསྐོང་འཚོགས་བྱས་ཚུན། འཕྱོངས་རྒྱས་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་རྒྱུ་འདི་མིག་སྔ་དང་རྗེས་སོའི་དུས་ཚིགས་ཤིག་རིང་གི་དོན་ཆེན་ཞིག་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཡོད། གོམ་སྟབས་རྗེས་མར། ང་ཚོས་མིག་སྔར་སྤེལ་བཞིན་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཐོག གཞི་རིམ་རྐང་འཛིན་སྒྲོག་འགྲེལ་པས་མང་ཚོགས་གནས་སར་སྣོལ་སྦྲེལ་སྐོར་སྐྱོད་སྒྲོག་འགྲེལ་དང་། དྲ་ཐོག་ནས་སྒྲ་དང་བརྙན་གྱི་སྒྲོག་འགྲེལ་སོགས་ཀྱི་ཐབས་ལམ་སྤྱད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཀུན་གྱིས་རྟོགས་པ་དང་མི་སེམས་ལ་ཟུག་རྒྱུར་འགན་ལེན་བྱ་རྒྱུ་ཡིན།