འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན་དུ། ངེད་གྲོང་ཁྱེར་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་འགུལ་ངང་ལས་དོན་སྤེལ་བ་དང་། དུས་ཚོད་དམ་འཛིན་བྱེད་པ། ཆུ་ཚད་དེ་བས་མཐོ་བའི་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བར་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞབས་ཞུ་ཅན་དང་། སྟབས་བདེ་ཅན། ནུས་ཆེ་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་པས། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་ཅིང་། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་དུད་ཚང་ཁྲི་4.8ཟིན་པ་དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་958ཟིན་པ་དེ། ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ་10.96དང་བརྒྱ་ཆ་9.92ཁག་སོ་སོར་འཕར་ཡོད་པ་རེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ངེད་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་ལེགས་གཏོང་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཁོངས་གཏོགས་སུ་ཆེད་དོན་ཚོགས་ཆུང་7བཙུགས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་གཏོང་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ། ཁྱོན་མ་དངུལ་སྒོར་ཁྲི་5000བཏང་བའི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱི་མཆན་འགོད་དབང་ཆ་རྫོང(གྲོང་ཁྱེར་དང་ཆུས)ཁག་ལ་སྤྲད་པ། རྣམ་གྲངས་སྔོན་གྲབས་མཆན་འགོད་འགྲོ་ལུགས་སྒྲུབ་དབང་རྩ་དོན་ཐོག་ནས་དུས་གཅིག་ལ་གཤམ་དུ་སྤྲད་པ། འོས་འཚམ་ལྷུག་གཏོང་གི་འཕེལ་རྒྱས་ཁོར་ཡུག་སྔར་བས་བཏོད་དེ་གཞི་རིམ་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད།
དེ་དང་ཆབས་ཅིག་ངེད་གྲོང་ཁྱེར་གྱིས་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་དང་ཚོང་དོན་གྱི་ལམ་ལུགས་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ནས་ལག་ཁྱེར་ཉུང་གཏོང་གིས་སྒྲུབ་པ་དང་། སྟབས་བདེའི་ངང་སྒྲུབ་པ། དྲ་ཐོག་ནས་སྒྲུབ་པ། ཕྱོགས་བསྡུས་སྐར་ཁུང་ནས་སྒྲུབ་པ་སོགས་དམངས་དང་ཁེ་ལས་ལ་ཕན་པའི་བྱེད་ཐབས་དོན་འཁྱོལ་དང“འཁྲོལ་འཛིན་དང་ལག་ཁྱེར་ལོག་དབྱེ”དང་། སྟབས་བསྡུས་ཐོ་སུབ། རིག་ནུས་གཞི་གཅིག་ཅན་གྱི་འཕྲུལ་ཆས་མཆན་འགོད། དངུལ་ཁང་དང་དྲ་ཚིགས་ཀྱིས་ཚབ་གཉེར་སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་བྱས་ཡོད། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་སྲིད་དོན་ཞབས་ཞུའི་དོན་ཚན་ཁྲི་5.24བདག་སྤྲོད་བྱས་པ་དང་ཐག་གཅོད་ཚད་བརྒྱ་ཆ་98ཟིན་ནས་སྲིད་གཞུང་གི་ཞབས་ཞུའི་ལས་ཕྱོད་སྔར་ལས་ལྷག་པའི་སྒོ་ནས་མངོན་པར་བྱས་ཡོད།
ཚོང་འགུགས་མ་འདྲེན་དང་ཁྲལ་རིན་གཉིས་གཅོག་ཐད་ལོ་སྟོད་དུ་ངེད་གྲོང་ཁྱེར་གྱིས་ཆབ་སྲིད་དང་དངུལ་རྩའི་ཁེ་ལས་འབྲེལ་མཐུད་ཀྱི་ཚོགས་འདུ་ཐེངས་20སྒྲིག་འཛུགས་བྱས་ནས་འཚོགས་པ་དང་། ཡིད་རྟོན་དངུལ་འབོར་སྒོར་དུང་ཕྱུར་21.15ཟིན་པ། ཚོང་འགུགས་འོས་སྦྱོར་བྱེད་སྒོ་སྣ་ཚོགས་ཐེངས་17ལ་ཞུགས་པ་དང་སྤེལ་བ། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ནོར་སྲིད་དང་ཁྲལ་དོན་སོགས་འབྲེལ་ཡོད་ཚན་པས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་པ། ཁྲལ་རིན་གཉིས་གཅོག་དང་དེ་བཞིན་ཁྲལ་སློག་དང་། ཁྲལ་འགྱངས། གྲོན་དངུལ་དུས་འགྱངས་བཅས་བྱས་པའི་དངུལ་གྲངས་སྒོར་ཁྲི་8137མང་དུ་བཏང་ནས་ཁེ་ལས་ཕྲན་ཚེགས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་མགྱོགས་མྱུར་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།