第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ངེད་གྲོང་ཁྱེར་གྱིས་ཕྱོགས་མང་པོ་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་ཐབས་བྱས་པ།
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གླུ་དབྱངས་ལེན།
སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ།
ཆོས་སྡེ་འོག་གྲོང་ཚོར་འོས་འགན་སྨན་བཅོས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།
དུས་རབས་གསར་པ། རྒྱང་ལམ་གསར་པ། རླབས་ཆེན་བྱ་གཞག་གསར་པ།
ཏང་གི་གསུང་སྒྲ་ཁྱིམ་ཚང་ཀུན་ལ་བསྒྲགས།
| 山南网首页 |
2023年7月28日 星期
3 上一篇  下一篇 4 放大 缩小 默认
བརྒྱད་གཅིག་གོང་དུ། གྲོང་ཁྱེར་གཉིས་བཀུར་གཞུང་ལས་ཁང་གིས།
ཆོས་སྡེ་འོག་གྲོང་ཚོར་འོས་འགན་སྨན་བཅོས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཁྱེར་གཉིས་བཀུར་གཞུང་ལས་ཁང་གིས་སྐམ་དམག་954སྨན་ཁང་དང་མཉམ་འབྲེལ་ཐོག་སྣེ་གདོང་ཆུས་ཡར་སྟོད་ཤང་ཆོས་སྡེ་འོག་གྲོང་ཚོར་དམག་ཞབས་ཐིམས་པའི་དམག་མིའི་ནང་མི་དང་མང་ཚོགས་ལ་སྨན་རིན་མི་དགོས་པར་འོས་འགན་སྨན་བཅོས་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།  བྱེད་སྒོའི་ས་ཡུལ་དངོས་སུ། ནད་གཞི་ལྟ་བར་ཡོང་མཁན་མང་ཚོགས་རྒྱུན་མི་ཆད་པ་དང་། སྨན་དོན་དང་བླངས་པས་དམག་ཞབས་ཐིམས་པའི་དམག་མིའི་ནང་མི་དང་མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བའི་ཤེས་བྱར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ་ཁྲག་ཤེད་མཐོ་བ་དང་སྙིང་ཀླད་ཁྲག་རྩའི་ནད་སོགས་རྒྱུན་མཐོང་ནད་ཀྱི་སྔོན་འགོག་དང་སྨན་བེད་སྤྱོད་བྱེད་པའི་ཤེས་བྱའི་ཐད་དྲིལ་བསྒྲགས་བྱས་པ་མ་ཟད། དགོས་མཁོ་ཡོད་པའི་མང་ཚོགས་ལ་སྨན་སྤྲད་པ་དང་ཁོང་ཚོར་ཚན་རིག་དང་མཐུན་པའི་ངང་སྨན་སྤྱོད་པ་དང་ལུགས་མཐུན་ངང་བཟའ་བཏུང་སྤྱོད་རྒྱུ་དང་ (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)འཚོ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་པར་ཁྲིད་སྟོན་བྱས་པ་རེད།

བྱེད་སྒོའི་ནང་ད་དུང་སྐྲ་བཞར་བའི་དམངས་ཕན་ཞབས་ཞུ་སྤེལ་བ་དང་། འཐབ་འཛིང་པ་ཚོས་རིན་ཐང་སྒོར་15000རེ་བའི་ཆམས་སྨན་དང་། བཤལ་འགོག་སྨན། ཁྲག་ཤེད་མཐོ་བ་སོགས་ཀྱི་རྒྱུན་སྤྱོད་སྨན་འཁྱེར་ནས་དགོས་མཁོ་ཡོད་པའི་གྲོང་མི་བརྒྱ་ཙམ་ལ་སྤྲད་པར་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་རེད།

གྲོང་མི་དངོས་གྲུབ་ཀྱིས། དེ་རིང་དམག་མིའི་སྨན་པ་ཚོ་ང་ཚོའི་གྲོང་ཚོར་ཕེབས་ནས་དམག་ཞབས་ཐིམས་པའི་དམག་མིའི་ཁྱིམ་མིར་ནད་བརྟག་པ་དང་སྨན་སྤྲོད་པ། ད་དུང་མང་ཚོགས་ལ་སྐྲ་བཞར་རོགས་གནང་བས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

སྐམ་དམག་954སྨན་ཁང་མིག་ནད་ཚན་ཁག་གི་སྨན་པ་ཀྲང་ཁྲའོ་པིན་གྱིས། ད་ཆ་གཞི་རིམ་དུ་སྐྱ་གྲིབ་ཕོག་པའི་མང་ཚོགས་མང་པོ་ཡོད་པས་གཞི་རིམ་གྱི་མི་སེར་ལ་ང་ཚོའི་སྨན་དོན་མི་སྣ་དེ་བས་དགོས་མཁོ་ཆེན་པོ་ཡོད། ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་བརྒྱུད་སྨན་བཅོས་བྱེད་པར་ཡོང་མཁན་དམག་ཞབས་ཐིམས་པའི་དམག་མིའི་ནང་མི་དང་མང་ཚོགས་ཚང་མས་སྒོ་འགྲམ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱུང་བར་ངའི་ངོས་ནས་བཤད་ན་དོན་སྙིང་ཆེན་པོ་རེད་བསམ་གྱི་འདུག་ཅེས་བཤད།

གྲོང་ཁྱེར་དམག་ཞབས་འཐིམས་པའི་མི་དོན་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཟླ་བ་ཚེ་རིང་གིས། ད་ཐེངས་བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་ངེད་གྲོང་ཁྱེར་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་དམག་གིས་དམངས་ལ་གཅེས་པ་དང་།དམངས་ཀྱིས་དམག་ལ་བཀུར་བའི་དམག་དམངས་མཐུན་སྒྲིལ་གྱི་མཛའ་གཅུག་འབྲེལ་བ་ཟབ་གཏོང་གི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་རྒྱུ་དེ་རེད་ཅེས་བཤད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:专版
ངེད་གྲོང་ཁྱེར་གྱིས་ཕྱོགས་མང་པོ་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་ཐབས་བྱས་པ།
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གླུ་དབྱངས་ལེན།
སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ།
ཆོས་སྡེ་འོག་གྲོང་ཚོར་འོས་འགན་སྨན་བཅོས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།
དུས་རབས་གསར་པ། རྒྱང་ལམ་གསར་པ། རླབས་ཆེན་བྱ་གཞག་གསར་པ།
ཏང་གི་གསུང་སྒྲ་ཁྱིམ་ཚང་ཀུན་ལ་བསྒྲགས།