第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།
ཇ་དང་ཆང་། ཚྭ། མངར་ཆ་བཅས་དང་རྒན་རྒོན་གྱི་བདེ་ཐང་།
ཁྱད་ལྡན་ཐོན་ལས་གསེར་གྱི་ལྡེ་མིག་གིས། གྲོང་གསེབ་དར་རྒྱས་སྒོ་འཕར་ཡངས་པོར་ཕྱེ།
| 山南网首页 |
2023年7月10日 星期
3 上一篇  下一篇 4 放大 缩小 默认
ཇ་དང་ཆང་། ཚྭ། མངར་ཆ་བཅས་དང་རྒན་རྒོན་གྱི་བདེ་ཐང་།
 

ཇ། ཇ་ལ་སྤྲོ་སྣང་འཕེལ་བ་དང་སྙིང་ཤུགས་གསོ་བ། གཅིན་པ་གཏོང་བདེ་བ་སོགས་ཀྱི་ནུས་པ་ལྡན་ལ། ཇ་བཏུང་ན་ངལ་དུབ་སེལ་བ་དང་དྲན་ཤེས་གསོ་ཐུབ་པ་མ་ཟད། དལ་བའི་རང་བཞིན་གྱི་མཁལ་ནད་དང་མཆིན་ནད། གློ་བའི་འདུས་འདྲིལ་གཅོང་ནད། ཁྲག་རྩ་མཉེན་པོ་ཆགས་པ་སོགས་ལ་ཕན་ནུས་ངེས་ཅན་ཡོད། ཇ་བཏུང་ན་དགེ་མཚན་མང་པོ་ཡོད་ནའང་ཚད་ལས་བརྒལ་ཏེ་འཐུང་རྒྱུ་མེད། ལྷག་པར་དུ་ནད་པ་ལ་ལས་ཇ་བཏུང་ན་གནོད་འཚེ་ཡོད་དེ། དཔེར་ན། དབང་རྩ་ཉམས་པ་དང་འཇུ་བྱེད་མ་ལག་གི་སྨུག་པོའི་ནད་ཕོག་མྱོང་ཡོད་པའི་ནད་པས་ཇ་འཐུང་རྒྱུ་མེད། གཞན་ཡང་ཁྲག་ཤེད་མཐོ་བ་དང་སྙིང་ནད་ཡོད་མཁན་ནད་པས་ཀྱང་ཇ་མང་པོ་བཏུང་མི་ཉན་ཏེ། ཇ་བཏུང་ན་སྙིང་འཕར་ཚད་ཇེ་དྲག་ཏུ་འགྲོ་བ་མ་ཟད་སྙིང་འཕར་ཚད་མི་སྙོམ་པའི་གནས་ཚུལ་ཐོན་སྲིད།

ཆང་། རྒན་རྒོན་ཚོས་རྒུན་འབྲུམ་ཆང་དང་ཤང་པིན། ཡང་ན་སིལ་ཆང་ཉུང་ཙམ་བཏུང་ན་རྩ་དཀར་གསོ་ཞིང་ཁྲག་རྩ་བསང་བ་དང་། ལྟོའི་དང་ག་ཇེ་ཆེར་འགྲོ་བ། ཟས་འཇུ་བ། ཤུགས་བསྐྱེད་པ་བཅས་ཀྱི་ཕན་ནུས་ཡོད། འོན་ཀྱང་དུས་རྒྱུན་ཆང་མང་པོ་འཐུང་བའམ་ལྷག་པར་དུ་ཨ་རག་དཀར་པོ་མང་པོ་བཏུང་ན། ནད་གཞི་མི་ཉུང་བ་ཞིག་ཐོན་སྲིད།

ཚྭ། ཁྲག་ཤེད་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད། སྤྱིར་བཏང་བྱས་ན་རྒན་རྒོན་རྣམས་ཀྱིས་ཉིན་རེའི་ལྟོ་ཆས་ཀྱི་ཚྭ་ཚོད་འཛིན་ནན་པོ་བྱེད་དགོས། ཉིན་རེར་ཚྭ་ཁེ་5ལས་བརྒལ་རྒྱུ་མེད་ལ། ཚྭ་མང་པོ་འདུས་པའི་ཅང་ཡིའུ་དང་ཚལ་བསྙལ་མ་སོཊ་ལ་དེ་བས་ཚོད་འཛིན་བྱེད་དགོས།

ཀ་ར། ཀ་ར་དང་མངར་ཟས་ཅུང་ཙམ་བཟས་ན་རྒན་རྒོན་གྱི་བདེ་ཐང་ལ་ཕན་ཐོགས་ཡོད་པ་ལས་གནོད་པ་མེད། འོན་ཀྱང་གཅིན་སྙི་ཟགས་ཁུའི་ནད་ཕོག་ཡོད་པའི་མིས་མངར་ཆ་གཏན་ནས་ཟ་རྒྱུ་མེད། སྙིང་ནད་དང་ཤ་རྒྱགས་པ་ཡོད་མཁན་གྱིས་ཀྱང་མངར་ཟས་ཉུང་ཙམ་ཟ་དགོས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:社会焦点
ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།
ཇ་དང་ཆང་། ཚྭ། མངར་ཆ་བཅས་དང་རྒན་རྒོན་གྱི་བདེ་ཐང་།
ཁྱད་ལྡན་ཐོན་ལས་གསེར་གྱི་ལྡེ་མིག་གིས། གྲོང་གསེབ་དར་རྒྱས་སྒོ་འཕར་ཡངས་པོར་ཕྱེ།