第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2023年7月10日 星期
3 上一篇  下一篇 4 放大 缩小 默认
ཡར་ཀླུང་ བསྡུས་འཕྲིན།
 

ཉེ་དུས། གོང་དཀར་རྫོང་གིས་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་འགན་སྲུང་ལས་དོན་གྱི་ཚོགས་འདུ་སྐོང་འཚོགས་བྱས་པ།

ཉེ་ཆར། ལྷོ་བྲག་རྫོང་གིས་རྣམ་གྲངས་གཞུང་ལས་ཁང་གི་དང་བླངས་པའི་དཔྱད་དཔོག་ཚོགས་འདུ་འཚོགས་པ།

ཉེ་དུས། མཚོ་སྨད་རྫོང་གིས་རྫོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་འཚོགས་པ།

ཉེ་དུས། རྒྱ་ཚྭ་རྫོང་མེ་འགོག་མེ་གསོད་རུ་ཆེན་གྱིས་མེ་འགོག་མེ་གསོད་ས་ཚིགས་ཀྱི་སྒོ་དབྱེའི་བྱེད་སྒོ་སྤེལ་བ།

ཉེ་དུས། སྣེ་གདོང་ཆུས་ཀྱིས་སྤྱོད་ཚུལ་ཁྱབ་ཁོངས་ནང་འགན་ཡག་པོ་མི་འཁུར་མཁན་དང་ཉི་མ་གང་འཁྱོལ་སོགས་ཀྱི་བྱེད་སྤྱོད་ཡོད་པའི་གནད་དོན་ལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ཉེ་ཆར། ལྷུན་རྩེ་རྫོང་གིས་ཏང་ཡོན་གྱི་ཆབ་སྲིད་སློབ་གསོའི་གསོ་སྦྱོང་དང་ཏང་དོན་ལས་སྒྲུབ་པའི་གསོ་སྦྱོང་བྱས་པ།

ཉེ་དུས། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་ལྷོ་ཁ་གྲོང་ཁྱེར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞབས་ཞུའི་གྲོན་བསྡུའི་དོ་དམ་བྱ་ཐབས་ཀྱི་དཔང་ཉན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུས། ལྷོ་ཁ་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འཇོག་གནས་ཀྱི་ཞབས་ཞུའི་གྲོན་བསྡུའི་དོ་དམ་བྱ་ཐབས་བརྡ་ཁྱབ་བཏང་བ་དང་འབྲེལ། ལས་རིགས་ཁག་གི་བསམ་འཆར་ཉན་པ་རེད།

ཉེ་དུས། ངེད་གྲོང་ཁྱེར་གྱིས་ཆོས་ལུགས་ལས་རིགས་ཀྱི་འདུ་ཤེས་གསུམ་གྱི་སློབ་གསོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཅིག་སྡུད་སྒྲོག་འགྲེལ་བྱས་ཤིང་། རང་སྐྱོང་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་རིགས་གཞུང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་མཚོ་སྐྱིད་གདན་ཞུ་བྱས་ནས་སློབ་འཁྲིད་བྱས་པ་རེད།

ཉེ་དུས། གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་ཧྥུང་ཆའོ་ཉམས་མྱོང་ང་ཡིས་གླེང་ཞེས་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་ཐེངས་གཉིས་པའི་ཧྥུང་ཆའོ་རྣམ་པའི་སྤྱི་བདེ་ཅུད་འཛུཌ་གཏོད་ཀྱི་འགྲན་བསྡུར་བྱས་པ།

བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:社会焦点
གོང་འོག་དཔུང་པ་མཉམ་གཤིབ་ཀྱིས། དམངས་ཕྱུག་གྲོང་དར་ཕུགས་འདུན་བཏོད།
ཡར་ཀླུང་ བསྡུས་འཕྲིན།
ཏང་འཛུགས་སྐྱོང་གིས་ཆུ་བེད་ལས་དོན་སླར་ཡང་སྐས་རིམ་ གསར་པ་ཞིག་ཏུ་སླེབས་པར་ཁྲིད་སྟོན་བྱས་པ།