དོན་ཚན་ཆིག་སྟོང་ང་སྔ་པ།ཁྱོ་ཤུག་གི་གནས་བབ་འདྲ་མཉམ། གཉེན་སྒྲིག་ཁྱིམ་ཚང་ནང་ཁྱོ་ཤུག་གི་གནས་བབ་འདྲ་མཉམ་ཡིན།
དོན་ཚན་ཆིག་སྟོང་ང་དྲུག་པ། ཁྱོ་ཤུག་གཉིས་ཀར་རང་རང་སོ་སོའི་རུས་མིང་སྤྱོད་དབང་ཡོད།
དོན་ཚན་ཆིག་ང་བདུན་པ། ཁྱི་ཤུག་གི་མི་ལུས་རང་དབང་དབང་ཆ། ཁྱོ་ཤུག་གཉིས་ཀར་ཐོན་སྐྱེད་དང་། ལས་ཀ སློབ་སྦྱོང་། སྤྱི་ཚོགས་ཀྱི་བྱེད་སྒོ་བཅས་སུ་ཞུགས་པའི་རང་དབང་ཡོད། ཕྱོགས་གཅིག་གིས་ཅིག་ཤོས་ལ་ཚོད་འཛིན་ནས་ཐེ་གཏོགས་བྱས་མི་ཆོག
དོན་ཚན་ཆིག་སྟོང་ང་བརྒྱད་པ། ཕ་མས་ལོ་ན་མ་སོན་པའི་བུ་ཕྲུག་གསོ་སྐྱོང་དང། སློབ་གསོ། སྲུང་སྐྱོབ་བཅས་བྱེད་པའི་ཁེ་དབང་དང་འོས་འགན། ཁྱོ་ཤུག་ཕྱོགས་གཉིས་ཀར་འདྲ་མཉམ་ངང་ལོ་ན་མ་སོན་པའི་བུ་ཕྲུག་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོབ་བཅས་བྱེད་པའི་ཁེ་དབང་ཡོད། ལོ་ན་མ་སོན་པའི་བུ་ཕྲུག་གསོ་སྐྱོང་དང། སློབ་གསོ། སྲུང་སྐྱོང་བཅས་བྱེད་པའི་འོས་འགན་མཉམ་དུ་འཁུར་དགོས།
དོན་ཚན་ཆིག་སྟོང་ང་དགུ་པ། ཁྱོ་ཤུག་ཕན་ཚུན་གསོ་སྐྱོང་བྱེད་པའི་འོས་འགན། ཁྱོ་ཤུག་གཉིས་ཀར་ཕན་ཚུན་གསོ་སྐྱོང་བྱེད་པའི་འོས་འགན་ཡོད། གསོ་དགོས་པའི་ཕྱོགས་དེས་ཅིག་ཤོས་ཀྱིས་གསོ་འགན་མ་ཁུར་ན་དེར་གསོ་རྟེན་སྤྲོད་རོགས་ཞུབ་དབང་ཡོད།
དོན་ཚན་ཆིག་སྟོང་དྲུག་ཅུ་པ། ཁྱོ་ཤུགས་ཕྱོགས་གཉིས་ཀའི་ཁྱིམ་དོན་ཚབ་སྒྲུབ་བྱེད་དབང་ཚོད་འཛིན། ཁྱོ་ཤུག་ཕྱོགས་གཅིག་གིས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོའི་དབང་གིས་སྤེལ་བའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད། ཁྱོ་ཤུགས་ཕྱོགས་གཉིས་ཀར་ནུས་པ་ཐོན་པ་ཡིན། འོན་ཀྱང་ཁྱོ་ཤུག་ཕྱོགས་གཅིག་དང་བལྟོས་བཅས་ཀྱི་མིར་ཁ་དན་གཞན་བཞག་ཡོད་པ་ཕུད།
ཁྱོ་ཤུག་བར་ཕྱོགས་གཅིག་གིས་ལག་བསྟར་བྱས་ཆོག་པའི་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་ཁོངས་ལ་ཚོད་འཛིན་བྱ་རྒྱུ་ལས་སེམས་བཟང་གི་བལྟོས་བཅས་མི་འགྲན་རྒོལ་བྱ་ཆོག
དོན་ཚན་ཆིག་སྟོང་རེ་གཅིག་པ། ཁྱོ་ཤུག་གཉིས་ཀྱི་རྒྱུ་ནོར་ཤུལ་འཛིན་བྱེད་དབང་། ཁྱོ་ཤུག་གཉིས་ཀར་ཕན་ཚུན་རྒྱུ་ནོར་ཤུལ་འཛིན་བྱེད་དབང་ཡོད།
དོན་ཚན་ཆིག་སྟོང་རེ་གཉིས་པ། ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར། ཁྱོ་ཤུག་གཉིས་ཀྱིས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་གཤམ་གསལ་རྒྱུ་ནོར་དག་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་ན། ཁྱོ་ཤུག་ཐུན་མོང་ལ་དབང་བ་སྟེ།
(གཅིག) གླ་ཕོགས་དང་། བྱ་དགའི་དངུལ། ངལ་ལས་ཀྱི་གླ་ཆ་བཅས་དང་།
(གཉིས) ཐོན་སྐྱེད་དང་། གཉེར་སྐྱོང་། མ་དངུལ་འཇོག་པ་བཅས་ཀྱི་ཡོང་འབབ།
(གསུམ) ཤེས་ཡོན་གྱི་ཐོན་དངོས་བདག་དབང་གི་ཡོང་སྒོ།
(བཞི)ཤུལ་འཛིན་བྱས་པའམ་ཞལ་འདེབས་སུ་ཕུལ་བའི་རྒྱུ་ནོར་ཐོབ་རིགས། འོན་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་ཆིག་སྟོང་རེ་གསུམ་པའི་ནང་གསེས་དོན་ཚན་གསུམ་པར་གཏན་འབེབས་བྱས་རིགས་འདིའི་ཁོངས་སུ་མི་ཚུད།
(ལྔ)ཐུན་མོང་ལ་དབང་དགོས་པའི་རྒྱུ་ནོར་གཞན་དག་བཅས་ཡིན།
ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལ་འདྲ་མཉམ་གྱི་ཐག་གཅོད་བྱེད་དབང་ཡོད།
དོན་ཚན་ཆིག་སྟོང་རེ་གསུམ་པ། ཁྱོ་ཤུག་སྒེར་གྱི་རྒྱུ་ནོར། གཤམ་གསལ་གྱི་རྒྱུ་ནོར་དག་ནི་ཁྱོ་ཤུག་ཕྱོགས་གཅིག་པུའི་སྒེར་གྱི་རྒྱུ་ནོར་ཡིན་པ་སྟེ།
(གཅིག) གཉེན་སྒྲིག་མ་བྱས་གོང་གི་ཕྱོགས་གཅིག་པུའི་རྒྱུ་ནོར་དང་།
(གཉིས) ཕྱོགས་གཅིག་གི་མི་ལུས་ལ་གནོད་སྐྱོན་བྱུང་བ་ལས་སྐྱིན་ཚབ་བམ་སྐྱིན་ཚབ་ཐོབ་རིགས།
(གསུམ)ཁ་ཆེམས་བཞག་པའམ་སྟེར་རྒྱུའི་འགན་རྒྱའི་ནང་དུ་ཕྱོགས་གཅིག་ཁོ་ནར་དབང་བ་གཏན་འཁེལ་བྱས་པའི་རྒྱུ་ནོར།
(བཞི)ཕྱོགས་གཅིག་གི་ཆེད་སྤྱོད་འཚོ་བའི་ཡོ་བྱད།
(ལྔ) ཕྱོགས་གཅིག་ལ་དབང་དགོས་པའི་རྒྱུ་ནོར་གཞན་དག་བཅས་ཡིན།
དོན་ཚན་ཆིག་སྟོང་རེ་བཞིན་པ། ཁྱི་ཤུག་ཐུན་མོང་གི་བུ་ལོན། ཁྱོ་ཤུག་ཕྱོགས་གཉིས་ཀས་མཉམ་དུ་མིང་རྟགས་བཀོད་པའམ་ཡང་ན་ཁྱོ་ཤུག་ཕྱོགས་གཅིག་གིས་དོན་དག་བྱུང་རྗེས་རྗེས་སུ་ཁས་བླངས་པ་སོགས་ཐུན་མོང་གི་བསམ་འདུན་གྱིས་བུ་ལོན་ཟུག་ཚུལ་མཚོན་པ་དང་། ཁྱོ་ཤུག་ཕྱོགས་གཅིག་གིས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་དུས་སུ་མི་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོའི་ཆེད་དུ་འཁུར་བའི་བུ་ལོན་འགན་འཇལ་དེ་རིགས་ཁྱོ་ཤུག་ཐོན་མོང་གི་བུ་ལོན་འགན་འཇལ་དུ་གཏོགས།
ཁྱོ་ཤུག་ཕྱོགས་གཅིག་གིས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོ་ལས་བརྒལ་ཏེ་བུ་ལོན་ཟུག་རིགས། ཁྱོ་ཤུག་ཐུན་མོང་གི་བུ་ལོན་དུ་མི་གཏོགས། འོན་ཀྱང་བུན་དབང་མཁན་གྱིས་བུ་ལོན་དེ་ཁྱོ་ཤུགས་ཐུན་མོང་གི་འཚོ་བ་དང་། ཐུན་མོང་གི་ཐོན་སྐྱེད་གཉེར་སྐྱོང་དུ་བཀོལ་སྤྱོད་བྱས་པའམ་ཡང་ན་ཁྱོ་ཤུགས་ཕྱོགས་གཉིས་པའི་ཐུན་མོང་གི་བསམ་ཚུན་གྱིས་མཚོན་པ་ར་སྤྲོད་བྱས་ཐུབ་པ་ཕུད།
དོན་ཚན་ཆིག་སྟོང་རེ་ལྔ་པ། ཁྱོ་ཤུག་གཉིས་ཀྱི་རྒྱུ་ནོར་ཁ་དན་བཞག་པའི་ལམ་ལུགས། སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་དང་དེ་བཞིན་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་སོ་སོར་དབང་བ་དང་། ཐུན་མོང་ལ་དབང་བའམ་ཡང་ན་ཆ་ཤས་སོ་སོར་དབང་བ། ཆ་ཤས་ཐུན་མོང་ལ་དབང་བ་བཅས་ཀྱི་ཁ་དན་བཞག་ཆོག ཁ་དན་ཡིག་ཐོག་ནས་འཇོག་དགོས། ཁ་ཆད་བཞག་མེད་པའམ་ཁ་ཆད་གསལ་པོ་བཞག་མེད་ན། བཅའ་ཁྲིམས་འདིའི་དོན་ཚན་ཆིག་སྟོང་བརྒྱ་མེད་རེ་གཉིས་པ་དང་། དོན་ཚན་ཆིག་སྟོང་བརྒྱ་མེད་རེ་གསུམ་པའི་གཏན་འབེབས་སྤྱད་ནས་འཐུས།
ཁྱོ་ཤུག་གཉིས་པོར་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རི་བསགས་པའི་རྒྱུ་ནོར་དང་དེ་བཞིན་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་ཐད་
དམངས་དོན་ཁྲིམས་གཞུང་།
གཉེན་སྒྲིག་ཁྱིམ་ཚང་།
བཞག་པའི་ཁ་དན་གྱིས་ཕྱོགས་གཉིས་ཀར་བཅའ་ཁྲིམས་ཀྱི་གཅན་ནུས་ཡོད། ཁྱོ་ཤུག་གཉིས་པོས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་སོ་སོར་དབང་བའི་ཁ་དན་བཞག ཁྱོའམཤུག་ཕྱོགས་གཅིག་གིས་ཕྱི་ཕྱོགས་སུ་ཆད་པའི་བུ་ལོན་དེ་བལྟོས་བཅས་ཀྱི་མིས་ཁ་ཆད་དེ་ཤེས་རིགས།ཁྱོ་ཤུག་ཕྱོཌ་གཅིག་པུའི་སྒེར་གྱི་རྒྱུ་ནོར་གྱིས་གཙང་འཇལ་བྱ།
དོན་ཚན་ཆིག་སྟོང་རེ་དྲུག་པ། གཉེན་སྒྲིག་ནང་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་གི་རྒྱུ་ནོར་བགོ་བཤའ་རྒྱག་པའི་རེ་འདུན་ཞུ་དབང་། གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང། གཤམ་གསལ་གནས་ཚུལ་ལས་རིགས་གཅིག་བྱུང་ན། ཁྱོ་ཤུག་ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ་ཐུན་མོང་རྒྱུ་ནོར་བགོ་བཤའ་རྒྱག་རྒྱུའི་རེ་འདུན་ཞུས་ཆོག་པ་སྟེ།
(གཅིག)ཕྱོགས་གཅིག་ལ་ཁྱོ་ཤུགས་ཐུན་མོང་གི་རྒྱུ་ནོར་སྦས་སྐུང་དང་། སྤོ་སྒྱུར་། འཚོང་སྒྱུར། གཏོར་བརླགས་གཏོང་བ། བག་མེད་ལོངས་སྤྱོད་བཅས་བྱས་པའམ་ཡང་ན་ཁྱོ་ཤུག་ཐོན་མོང་གི་བུ་ལོན་རྫུན་བཟོ་བྱས་པ་སོགས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཁེ་ཕན་ལ་འཚེ་ཚབས་ཆེན་བཏང་བའི་བྱ་སྤྱོད་ཡོད་པ།
(གཉིས)ཕྱོགས་གཅིག་ལ་ཁྲིམས་བཀོད་འཚོ་སྐྱོང་གི་འོས་འགན་ཡོད་པའི་སྐྱེ་བོར་ནད་གཞི་ཚབས་ཆེན་ཕོག་ནས་སྨན་བཅོས་བྱ་དགོས་ཤིང་། ཕྱོགས་གཞན་དེས་འབྲེལ་ཡོད་ཀྱི་སྨན་བཅོས་གྲོན་དངུལ་སྤྲོད་པར་མོས་མཐུན་མེད་པ།
ས་བཅད་གཉིས་པ། ཕ་མ་དང་ཕྲུ་གུའི་བར་གྱི་
འབྲེལ་བ་དང་གཉེན་ཉེའི་བར་གྱི་འབྲེལ་བ།
དོན་ཚན་ཆིག་སྟོང་རེ་བདུན་པ། ཕ་མ་དང་ཕྲུ་གུའི་བར་གྱི་གསོ་སྐྱོང་དང་ཞབས་ཏོག་ཞུ་བའི་འོས་འགན། ཕ་མས་གསོ་སྐྱོང་གི་འོས་འགན་མ་བསྒྲུབས་ན། ལོ་ན་མ་སོན་པའི་བུ་ཕྲུག་གམ་རང་ཚུཌ་ཀྱིས་འཚོ་བ་སྐྱེལ་མི་ཐུབ་པའི་ན་སོན་བུ་ཕྲུག་ལ་ཕ་མའི་ས་ནས་གསོ་རྟེན་ལེན་དབང་ཡོད། ན་སོན་བུ་ཕྲུག་གིས་ཞབས་ཏོག་ཞུ་བའི་འོས་འགན་མ་བསྒྲུབས་ན། ངལ་རྩོལ་བྱེད་ནུས་མེད་པའམ་འཚོ་བར་དཀའ་ངལ་ཡོད་པའི་ཕ་མར་ན་སོ་ལོན་པའི་བུ་ཕྲུག་ལ་ཞབས་ཏོག་ཞུ་བའི་གྲོན་དངུལ་སྤྲོད་རྒྱུའི་རེ་འདུན་ཞུ་དབང་ཡོད
དམངས་དོན་ཁྲིམས་གཞུང་
སློབ་སྦྱོང་ཡག་པོ་བྱས་ཏེ་
རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས།