第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2023年6月16日 星期
下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་འགྲེམས་སྟོན་བྱས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་9ཉིན་ལྷོ་ཁ་གྲོང་ཁྱེར་གྱི་2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་འགྲེམས་སྟོན་བྱས་པ་རེད།

“དེ་རིང་ང་ཚོས་ལྷོ་ཁ་གྲོང་ཁྱེར་གྱི་2023ལོའི‘རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི’མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་སྤེལ་བ་དེའི་དམིགས་ཡུལ་གཙོ་བོ་ནི་ངེད་གྲོང་ཁྱེར་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་བྱེད་པ་དང་དུས་མཚུངས་དུས་ཡུན་ཉིན་གཉིས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་འགྲེམས་ཚོང་བྱས་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་སྟེགས་བུ་བསྐྲུན་ཐོག། གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་མི་ཚང་མས་ཐུན་མོང་ཐོག་མཉམ་སྤྱོད་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་དེ་རེད” ཅེས་གྲོང་ཁྱེར་རིག་གནས་ཅུས་མངོན་མིན་རིག་གནས་ཤུལ་བཞག་ཁོའོ་ཡི་ཁོའོ་ཀྲང་ཚེ་བརྟན་སྒྲོལ་མས་བཤད།

བྱེད་སྒོ་དེ་ཡར་ཀླུང་སྒོར་གཞས《བདེ་སྐྱིད་ལམ་དུ་ཡོད》ཅེས་པའི་ཁྲོད་སྤེལ་འགོ་ཚུགས། འཁྲབ་སྟོན་པ་ཚོའི་གོམ་སྟབས་བདེ་པོ་དང་། ཕུ་ཐུང་གི་འགུལ་ཕྱོགས། མི་སེམས་འགུལ་བའི་སྟངས་སྟབས་སོགས་ལས་ས་གནས་ས་ཐོག་གི་ལྟད་མོ་བར་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པ་བྱུང་བ་དང་། རྒྱ་ཆེའི་མང་ཚོགས་ཚོས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ནང་ཞུགས་པའི་སྤྲོ་སེམས་འཕེལ་བ་བྱུང་ཡོད།

མགར་གླུ《ལམ》དང་། ནང་མ་སྟོད་གཞས《བཀྲ་ཤིས་དགའ་གླུ》 ཨར་གཞས་《བདེ་སྐྱིད་ཁྱིམ་གཞིས་སྐྲུན》སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་རེ་རེ་ལས་ས་གནས་ས་ཐོག་གི་ལྟད་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་མ་ཟད། བྱེད་སྒོ་ལ་ཡང་མཐོ་རླབས་ཤིག་འཕྱུར་ཡོད་པ་རེད།

མངར་བྲག་གི་གསེར་དངུལ་དང་། གདོལ་སྣམ་བུ། རྩ་རིའི་བོད་རག གནས་སར་གྱི་འབག་སོགས་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)12ནས་ཡོང་བའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་གྲྭ་འཁོར་ཁང་། མངོན་མིན་རིག་གནས་ཤུལ་བཞག་གི་གསར་གཏོད་ཁེ་ལས་བཅས་ཀྱིས་རྩེད་ཐང་དུ་འཛོམས་ནས་གཅིག་ལ་གཅིག་བསྟོད་བྱེད། ཁྱད་སྣང་དོད་ལ་བྲོ་བ་ཞིམ་པའི་ཟས་རིགས་དང་། མཁོ་ཆས། དེ་བཞིན་མིག་དབང་འཕྲོག་པའི་རིག་དངོས་ཤུལ་བཞག་འདི་དག་རེ་ཞིག་རྩེད་ཐང་གྲོང་ཁུལ་གྱི་ཁྱད་འཕགས་མཛེས་རྒྱན་ཞིག་ཏུ་གྱུར།

“མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོང་གི་ཁྲོམ་གཞུང་དུ་དམིགས་བསལ་ཁྱད་ཆོས་ལྡན་ལ། ལག་རྩལ་རྩེར་སོན་གྱི་ལག་ཤེས་ཐོན་ཟོག་དང་། ཁྱད་ལྡན་གྱོན་གོས། སྣ་ཚོགས་ཕུན་སུམ་ཚོགས་པའི་ཐོན་རྫས་བཅས་ཡོད་པ་ལས་ང་ཚོས་ཐག་ཉེ་ཤོས་སྒོ་ནས་མངོན་མིན་རིག་གནས་ཤུལ་བཞག་ཤེས་རྟོགས་བྱུང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱུང་སོང་” ཞེས་གྲོང་མི་ཧུའུ་ཡུས་ལན་གྱིས་གྲོགས་པོ་དང་ལྷན་དུ་རིག་གནས་ཀྱི་ངོ་མཚར་མྱོང་རོལ་བྱེད་ཀྱིན་བརྗོད།

“གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་ཕ་ཡུལ་དུ་ལོག་རྗེས་ངས་མུ་མཐུད་ནས་རྩ་རིའི་བོད་རག་གི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་བོད་རག་སྙོལ་བཟོའི་ལག་རྩལ་དེ་དག་ཉེ་འགྲམ་གྱི་ན་གཞོན་ཚོར་བརྒྱུད་སྤྲོད་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་ཡིན”ཞེས་རྩ་རིའི་བོད་རག་སྙོལ་བཟོའི་ལག་རྩལ་རྒྱུན་འཛིན་པ་ཕུན་ཚོགས་རྡོ་རྗེས་བཤད།

ཉེ་བའི་ལོ་ཤས་རིང་། ངེད་གྲོང་ཁྱེར་གྱིས་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རིག་གནས་ཐོན་ཁུངས་གསར་གཏོད་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་19དང་། རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་60 གྲོང་ཁྱེར་རིམ་པའི་རྣམ་གྲངས་42 རྫོང་རིམ་པའི་རྣམ་གྲངས་198བཅས་ཡོད་པ་དང་། ཡར་ཀླུང་བཀྲ་ཤིས་ཞོལ་པ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་3ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་དང་པོར་བདམས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་འཁོར་ཁང་31བཙུགས་པ། རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་8དང་། གྲོང་ཁྱེར་རིམ་པའི་5 རྫོང་རིམ་པའི་27བཅས་བཙུགས་ཡོད་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་སླར་ཡང་ང་ཚོའི་རིག་གནས་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ཡིད་ཆེས་བརྟན་དུ་བཏང་བ། ངར་ཤུགས་འཕེལ་བ་བཅས་བྱུང་ཡོད། གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་གཞུང་དྲང་གསར་གཏོད་དང་། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན། རིག་གནས་ཀྱི་གདེང་ཚོད་མངོན་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་སྔར་བས་འཕེལ་བ་བཅས་བྱས་ནས་ཀྲུང་གོའི་ཉམས་བཟང་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པ། སྒོ་དབྱེ་སྣ་མང་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཅས་གཏོད་རྒྱུར་སྐུལ་འདེད་བཏང་སྟེ་ལྷོ་ཁའི་སྤུས་ཚད་མཐོ་བའི་མངོན་འགྱུར་ཐད་རིག་གནས་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་གཏོད་ཆེད་འབད་བརྩོན་གང་ཐུབ་བྱེད་ཀྱི་ཡིན”ཅེས་གྲོང་ཁྱེར་རིག་གནས་ཅུས་ཀྱི་རིམ་གསུམ་བརྟག་ཞིབ་པ་ཡིང་ཁྲུན་གྱིས་ཆོད་སེམས་ལྷུག་པོས་བརྗོད་དོ།

བསོད་ནམས་བསྟན་པས་བསྒྱུར།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:民法典
ངེད་གྲོང་ཁྱེར་གྱིས“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་འགྲེམས་སྟོན་བྱས་པ།
མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན།
གྲོང་ཁྱེར་ཐད་གཏོགས་ཚན་པའི་ཏང་ཡོན་གྱིས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དེ་རྒྱུན་རྣམ་ཅན་དུ་འགྱུར་བ།
ཡར་ཀླུང བསྡུས་འཕྲིན་