第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་ཧུར་ཐག་གཏོད་དགོས།
ངེད་གྲོང་ཁྱེར་གྱིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ ཀྱི་མ་དངུལ་དོན་འཁྱོལ་གང་མགྱོགས་བྱེད་པ།
གྲོང་ཁྱེར་ཐད་གཏོགས་ཚན་པའི་ཏང་ཡོན་གྱིས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དེ་རྒྱུན་རྣམ་ཅན་དུ་འགྱུར་བ།
འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ། མཛེས་ལྡན་གྱི་ཁྱིམ་གཞིས་མཉམ་དུ་བསྐྲུན།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་དགོས།
| 山南网首页 |
2023年6月16日 星期
3 上一篇  下一篇 4 放大 缩小 默认
ངེད་གྲོང་ཁྱེར་གྱིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།
གྲོང་ཁྱེར་ཐད་གཏོགས་ཚན་པའི་ཏང་ཡོན་གྱིས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དེ་རྒྱུན་རྣམ་ཅན་དུ་འགྱུར་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ངེད་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཚན་པ་དང་སྡེ་ཁུལ་འབྲེལ་མཐུད་བྱས་ཏེ་ཏང་ཡོན་གནས་སའི་ཚན་པའི་ཏང་རྩ་འཛུགས་དང་སྡེ་ཁུལ་ཏང་རྩ་འཛུགས་ཀྱི“འབྲེལ་གཏུག་གཉིས”ལག་བསྟར་བྱེད་པ་དང་། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་ལས་ཐོག་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དུ་སྐྱོད་པ། སྣ་མང་ཕུན་སུམ་ཚོགས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་བཅས་བྱས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་རེད།

གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་གིས་ཏང་ཡོན་སྒྲིག་འཛུགས་བྱས་ནས“དང་བླངས་ཞབས་ཞུའི”བྱེད་སྒོ་སྤེལ་ཏེ“ཚན་པར་ལས་ཀ་བྱེད་པ་དང་། སྡེ་ཁུལ་དུ་བྱེད་སྒོ་སྤེལ་བ། ལས་གནས་སུ་ལེགས་སྐྱེས་འབུལ་བ”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཡོད།

ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་སྡེ་ཁུལ་གྱི་འཕྲོད་བསྟེན་ཁོར་ཡུག་ལེགས་སུ་འགྲོ་བ་དང་མང་ཚོགས་ཀྱི་ཤེས་དཔལ་ཀྱི་འཕྲོད་བསྟེན་འདུ་ཤེས་དང་བདེ་ཐང་གི་བྱང་ཚད་མཐོ་རུ་བཏང་ཡོད། ཕྱོགས་བསྡུས་བཅོས་སྐྱོང་གི་དྲིལ་བསྒྲགས་ཟླ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཉིན་མོ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བ་སོགས་གོ་སྐབས་སུ་བྱས་ནས་ཏང་གི་དམངས་ཕན་སྲིད་ཇུས་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱས་ཡོད། “འགན་ལེན་གསུམ་དང་། སྣེ་ཁྲིད་ལྔ། སྐུལ་འདེད་ལྔ”བཅས་ཀྱི་བྱེད་སྒོ་སྤེལ་ནས་ (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) ཡུག་སྦྲེལ་དང་། དུད་ཚང་། མི་བཅས་འགན་གཙང་ལེན་པ་དང་། གཞི་རིམ་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་རྟོགས་པར་སྐུལ་འདེད་གཏོང་བ། གཞི་རིམ་དུ་འགལ་ཟླའི་གནད་དོན་ཐག་གཅོད་བྱེད་པ། གཞི་རིམ་དུ་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ཐུབ་པ། གཞི་རིམ་དུ་ལས་བྱེད་པའི་སྤྱོད་ཚུལ་འགྱུར་བ། གཞི་རིམ་དུ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་གི་ཏང་ཡོན་གྱིས་དུད་ཚང་5941འགན་གཙང་བླངས་ནས་དུས་ཚིགས་རེར་ཏང་ཡོན་ཚང་མ་སྡེ་ཁུལ་དུ་བསྐྱོད་དེ་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་1ནས་2བར་སྤེལ་གྱི་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:民法典
ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་ཧུར་ཐག་གཏོད་དགོས།
ངེད་གྲོང་ཁྱེར་གྱིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ ཀྱི་མ་དངུལ་དོན་འཁྱོལ་གང་མགྱོགས་བྱེད་པ།
གྲོང་ཁྱེར་ཐད་གཏོགས་ཚན་པའི་ཏང་ཡོན་གྱིས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དེ་རྒྱུན་རྣམ་ཅན་དུ་འགྱུར་བ།
འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ། མཛེས་ལྡན་གྱི་ཁྱིམ་གཞིས་མཉམ་དུ་བསྐྲུན།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་དགོས།