第04版:专版 上一版3
 
版面导航

第01版
头版

第02版
专版

第03版
综合新闻
 
标题导航
| 山南网首页 |
2023年2月22日 星期
3 上一篇 放大 缩小 默认
ངེས་པར་དུ་ཤེས་དགོས་པའི་ཐ་སྙད་གསར་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཐ་སྙད་གསར་པ།
 

དུས་རབས་གསར་པར་ཏང་ལེགས་སྐྱོང་བྱེད་པའི་སྤྱིའི་བླང་བྱ།

2017ལོའི་ཟླ་10ཚེས་18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གནང་སྐབས་བསྟན་དོན། དུས་རབས་གསར་པར་ཏང་ལེགས་སྐྱོང་བྱེད་པའི་སྤྱིའི་བླང་བྱ་ནི། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གིས་ཏང་ལ་དོ་དམ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱས་ཏེ། སྲིད་ཡུན་རིང་སྐྱོང་བའི་ཏང་གི་ནུས་པ་ཆེ་རུ་གཏོང་བ་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་གཙོ་གནད་དུ་འཛིན་པ་དང་། ཏང་གི་ཆབ་སྲིད་ལེགས་སྐྱོང་གཙོ་རྐང་དུ་འཛིན་པ། ཕུགས་འདུན་དང་དད་སེམས་འགྱུར་མེད་བརྟན་པོ་ཡོང་བར་བྱེད་པའི་དམིགས་ཡུལ་གཞི་རྩར་འཛིན་པ། ཏང་ཡོངས་ཀྱི་ཧུར་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་པར་ཤུགས་རྒྱག་སར་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། ཀུན་སྤྱོད་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུ་འདི་དེ་དག་གི་ཁྲོད་དཀྱུས་གཅིག་ཏུ་ཁྱབ་པར་བྱས་ནས། རུལ་རྒོལ་གྱི་འཐབ་རྩོད་ལ་སྐུལ་སྤེལ་གཏིང་ཟབ་བྱེད་པ་དང་། ཏང་འཛུགས་སྐྱོང་གི་སྤུས་ཚད་རྒྱུན་མ་ཆད་པར་ལེགས་སུ་བཏང་ནས། ཏང་འཛུགས་སྐྱོང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། མི་དམངས་ཀྱིས་སྙིང་ཐག་པ་ནས་བརྩི་བཀུར་ཞུ་བ་དང་། རང་ཉིད་གསར་བརྗེ་ཕོད་པ། དཀའ་ངལ་སྣ་ཚོགས་ཉམས་སད་ཐེག་ཐུབ་པ། སྐྱེས་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།

“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་སློབ་གསོ།

2017ལོའི་ཟླ་10ཚེས་18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གནང་སྐབས་བསྟན་དོན། མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་བྱེད་པར། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོར་བཟུང་སྟེ། ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་སློབ་གསོ་སྤེལ་ནས། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་ཏེ། ཏང་ཡོངས་ཀྱིས་དུས་རབས་གསར་པར་ཏང་གི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་ཡོང་བར་རང་རྟོགས་ངང་འབད་བརྩོན་ལྷོད་མེད་བྱེད་དགོས།

འདུ་ཤེས་བཞི།

2016ལོའི་ཟླ་1ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཆེས་སྔ་ཤོས་བསྟན་དོན། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཚེ། གཞི་ནས་རང་རེའི་ཏང་འདི་ཉིད་དེ་བས་མཐུན་སྒྲིལ་གཅིག་གྱུར་དང་ཞུམ་མེད་སྟོབས་ལྡན་དུ་འགྱུར་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་སྐབས་། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ། ཏང་ལ་ལྷག་བསམ་རྣམ་དག་དང་། ཏང་དང་དཀའ་སྡུག་མཉམ་ཁུར། ཏང་ཆེད་རང་འགན་གཙང་སྒྲུབ་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》ནང་། ངེས་པར་དུ་ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས་རང་རྟོཌ་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

ཉམས་སད་ཆེན་པོ་བཞི།

ཏང་གི་ཚོཌ་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུཌ་པ་དང་མི་དམངས་ཀྱི་དོན་དུ་བདེ་སྐྱིད་བསྐྲུན་ན། ད་གཟོད་ཏང་ཉིད་ཐོག་མཐའ་བར་གསུམ་དུ་མི་ཕམ་པའི་གནས་སུ་འཁོད་ཐུབ་པ་དང་། བདེ་དུས་ཉེན་དྲན་དང་བརྩོན་པ་ལྷུར་ལེན་བྱེད་ཕོད་ན། ད་གཟོད་ཏང་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་ཏང་ཡོངས་ཀྱིས་ངེས་པར་དུ་བརྟན་པོར་ངེས་དགོས། གནས་བབ་གསར་པའི་འོག ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་གི་ཉམས་སད་དང་། སྒྱུར་བཅོས་སྒོ་དབྱེའི་ཉམས་སད། ཁྲོམ་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་རོལ་ཁོར་ཡུག་གི་ཉམས་སད་བཅས་ཐེག་པར་བྱེད་པ་ནི་ཡུན་རིང་དང་། རྙོག་འཛིང་། དྲག་པོ་བཅས་རེད་ཅེས་བསྟན་ཡོད། 2012ལོའི་ཟླ་11ཚེས་17ཉིན་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོའི་ཐོག ཏང་ཡོངས་ཀྱིས་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ཏང་འཛུཌ་སྐྱོང་སྐོར་གྱི་བླང་བྱ་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། ཕུཌ་བསམ་དང་དད་སེམས་བརྟན་དུ་གཏོང་བ། མི་དམངས་མང་ཚོཌ་དབར་གྱི་ཤ་རུས་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ཏང་འདི་ཉིད་སྐྱོན་བྲལ་ཡོང་བ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་འབྲེལ། རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་གི་ནུས་པ་དང་ཉམས་ཉེན་འགོག་སེལ་གྱི་ནུས་པ་ཆེ་རུ་བཏང་ནས། རང་རེའི་ཏང་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུཌ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་ནང་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་ཐོག་མཐའ་བར་གསུམ་དུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

འགན་ལེན་གསུམ།

2017ལོའི་ཟླ་3པར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ཞིང་། 《བསམ་འཆར》ནང་། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ། ཏང་རྩ་འཛུགས་ཀྱིས་རང་འགན་གཙང་སྒྲུབ་གང་ལེགས་དང་སྲོག་ཤིང་གི་ནུས་པ་འདོན་སྤེལ་ཐུབ་རྒྱུའི་འགན་ལེན་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་དང་དཔེ་སྟོན་ནུས་པ་འདོན་སྤེལ་ཐུབ་རྒྱུའི་འགན་ལེན། རྒྱ་ཆེའི་ཏང་ཡོན་གྱི་ཏང་གཤིས་སྲ་བརྟན་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཐུབ་རྒྱུའི་འགན་ལེན་བཅས་བྱེད་དགོས་ཞེས་བཏོན་ཡོད།

ཆབ་སྲིད་ངེས་ཤུགས།

2012ལོའི་ཟླ་11པར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག ཞི་ཅིན་ཕིང་གིས་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ལ་གསུང་བཤད་གནང་སྐབས། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ལ་དད་སེམས་བརྟན་པོ་འཆང་རྒྱུ་རྒྱུན་འཁྱོངས་དང་། གུང་ཁྲན་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དད་སེམས་བརྟན་པོ་འཆང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ངེས་ཤུགས་དང་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་ཆེ་རུ་བཏང་ནས། ཉེན་ཁ་སྣ་ཚོགས་སེལ་བ་དང་ཚོད་བགམ་སྣ་ཚོགས་ཐེག་པའི་ནུས་

པ་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད། 2013ལོའི་ཟླ་6པར་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག དུས་བདེ་འཛུགས་སྐྱོང་བྱེད་རིང་ལས་བྱེད་པར་ཕུགས་བསམ་དད་སེམས་བརྟན་པོ་ཡོད་མེད་ཞིབ་བཤེར་བྱེད་པར་གཙོ་བོ་ལས་བྱེད་པར་ཆབ་སྲིད་ཀྱི་ཚོད་བགམ་ཆེན་པོའི་མདུན་དུ་ཆབ་སྲིད་ངེས་ཤུགས་ལྡན་མིན་ལ་བལྟ་རྒྱུ་དེ་ཡིན་ཞེས་བསྟན་གནང་ཡོད། 2013ལོའི་ཟླ་12པར། བློ་མཐུན་མའོ་ཙེ་ཏུང་འཁྲུངས་ནས་ལོ་120འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག ཞི་ཅིན་ཕིང་གིས“ཆབ་སྲིད་ངེས་ཤུགས་ཆེར་གཏོང”དང“འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཆེར་གཏོང”མཉམ་དུ་བཏོན་གནང་ཡོད།

2017ལོའི་ཟླ་10ཚེས་18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། ཏང་ཡོངས་ཀྱིས་སྔར་བས་རང་རྟོགས་ངང་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་དགོས་ཤིང་། སྒོ་སྡོམ་མཁྲེགས་བཟུང་གི་ལམ་རྙིང་ལ་མི་སྐྱོད་པ་དང་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་ལའང་མི་སྐྱོད་པར། ཆབ་སྲིད་ངེས་ཤུགས་སྲུང་འཛིན་དང་། དངོས་དོན་བསྒྲུབས་ནས་རྒྱལ་ཁབ་དར་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་ཞེས་བསྟན་ཡོད།

རང་ངོས་བཞི།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་། ཏང་ཡོངས་ཀྱིས་དུས་གཏུག་གི་བསམ་པ་དང་འགན་འཁྲིའི་བསམ་པ་ཇེ་ཆེར་བཏང་ནས། ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གཙོ་རྐང་ལ་དམ་འཛིན་ནན་པོ་བྱེད་པ་དང་། བསམ་བློར་བཅིངས་འགྲོལ་དང་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་པ། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་བསམ་བློ་འཛུགས་སྐྱོང་དང་། རྩ་འཛུགས་ནན་སྐྱོང་། སྤྱོད་ཚུལ་ལེགས་སྐྱོང་། རུལ་རྒོལ་གཙང་སྤེལ། ལམ་ལུགས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་ནུས་པ་ཇེ་ཆེར་གཏོང་བ། སློབ་སྦྱོང་ཅན་དང་། ཞབས་ཞུ་ཅན། གསར་གཏོད་ཅན་བཅས་སུ་འགྱུར་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་འཛུགས་སྐྱོང་བཅས་བྱས་ཏེ། ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་འགྱུར་མེད་སྟོབས་ལྡན་དུ་འགྱུར་བའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བསྟན་ཡོད། 2017ལོའི་ཟླ་7ཚེས་26ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི”ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་ཚུར་སྣང་ལན་ཆ་ཆེ་ཤོས་དང་ཏང་གི་སྲིད་སྐྱོང་རྨང་གཞིར་ཉེན་ཁ་ཆེ་ཤོས་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས། རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྣམ་པ་ཆགས་པར་བྱེད་དགོས་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྣམ་པ་གསར་པ་བརྗེ་བ་དང་། ཏང་ཡོངས་ཀྱི་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་པོ་དང་ཏང་གཤིས་སྔར་བས་སྲ་བརྟན་ཡོང་བར་བྱེད་པ། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། ཏང་གི་སྲིད་སྐྱོང་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་ཡོད།

(ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར) (མུ་མཐུད་འགོད་རྒྱུ)

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合新闻
   第04版:专版
ངེས་པར་དུ་ཤེས་དགོས་པའི་ཐ་སྙད་གསར་པ།