第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
专版

第03版
综合新闻
 
标题导航
| 山南网首页 |
2023年2月22日 星期
3 上一篇 放大 缩小 默认
གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ཁོངས་གཏོགས་མི་སྣའི་ ལོ་གསར་བསུ་བའི་བཞུགས་མོལ་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2པའི་ཚེས་16ཉིན་སྔོ་དྲོ། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཁོངས་གཏོགས་མི་སྣའི་བཞུགས་མོལ་ཚོགས་འདུ་རྩེད་ཐང་དུ་བསྐོང་འཚོགས་བྱས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་མཆན་འགོད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཐོག་འདུ་ཤེས་གསུམ་གྱི་སློབ་གསོ་རྒྱ་སྐྱེད་ཟབ་གཏོང་བརྒྱུད། ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་འཕེལ་རྒྱས་འདི་ཉིད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུར་སྟོབས་ཤུགས་གཅིག་ལ་འགྲིལ་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་བག་གྲོས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་། གྲོང་ཁྱེར་འགོ་ཁྲིད་ཝང་ཏེ་ཝུན་དང་། ཚེ་རིང་། ཀྲང་ཝུའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། གྲོང་སྤྱི་གཞོན་པ་ཕུན་ཚོགས་ཀྱིས་གྲོང་ཁྱེར་ཡོངས་སུ་འདུ་ཤེས་གསུམ་གྱི་སློབ་གསོ་སྤེལ་བའི་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་རེད།

ཚོགས་འདུའི་ཐོག ཞུས་ཁྲེང་ཚང་གིས་གྲོང་ཁྱེར་ཚན་ཁག་ཆེ་བཞིའི་ཚབ་ཞུས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཁོངས་གཏོགས་ཀྱི་མི་སྣ་དང་། ཆོས་ལུགས་ཁྱབ་ཁོངས་དང་འབྲེལ་བའི་ལས་བྱེད་པ་ཚོར་བོད་ཀྱི་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། ཆོས་ལུགས་ལས་རིགས་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཁོངས་གཏོགས་ཀྱི་འཐུས་མི་ཟླ་བ་ཚེ་རིང་སོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་འདུ་ཤེས་གསུམ་གྱི་སློབ་གསོའི་ནང་ཞུགས་པའི་མྱོང་ཚོར་སྤེལ་རེས་བྱས་པ་མ་ཟད། ཁྲིམས་བཞིན་ཆོས་ལུགས་ལས་དོན་དོ་དམ་གྱི་ཉམས་མྱོང་སྤེལ་རེས་བྱས་ཡོད་པ་རེད།

ཞུས་ཁྲེང་ཚང་གིས་བླང་བྱ་བཏོན་གནང་དོན། རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཆོས་ལུགས་ལས་རིགས་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་འཐུས་ཚང་སློབ་སྦྱོང་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་མཐར་ཕྱིན་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་གཞུང་དང་མཛད་ཕྱོགས་སྲིད་ཇུས་ལ་རྒྱུས་མངའ་ཡང་དག་པ་དང་གོ་བ་ཆ་ཚང་བ་ལེན་དགོས་པ་མ་ཟད། དུས་རབས་གསར་པའི་ཆོས་ལུགས་ལས་དོན་བདེ་བླག་སྒྲུབ་པའི་མཛུབ་སྟོན་དགོངས་པ་དང་། འཐབ་ཇུས་དམིགས་ཚད། གཙོ་གནད་ལས་འགན། སྲིད་ཇུས་དང་བྱ་ཐབས་བཅས་ལ་རྒྱུས་མངའ་ཡང་དག་ལེན་ཐོག བསམ་བློར་དྲག་ཆས་སྤྲོས་རྒྱུ་དང་། ལག་ལེན་ལ་མཛུབ་ཁྲིད་བྱ་རྒྱུ། ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུ་བཅས་ཕྱོགས་སུ་བེད་སྤྱོད་ཐུབ་པ་བྱེད་དགོས།

ཞུས་ཁྲེང་ཚང་གིས་བླང་བྱ་བཏོན་གནང་དོན། ཆོས་ལུགས་ལས་རིགས་ཀྱིས་ཕན་ཡོད་ལྔའི་ཚད་གཞིར་འཛིན་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་བྱེད་དགོས།རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཟངས་གྱང་ལྕགས་རྩིག་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་ནས་མོས་སེམས་ལྔ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་རང་འགུལ་ངང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་ནང་མཉམ་འདྲེས་དང་ཧུར་ཐག་ཞུགས་དགོས། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གོ་དོན་མཐིལ་རྟོགས་བྱེད་པའི་ཁྲོད་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཆོས་ལུགས་ཀྱི་དགེ་མཚན་མེད་པའི་ཤུགས་རྐྱེན་མུ་མཐུད་ཆུང་དུ་བཏང་སྟེ་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་ཚུལ་མཐུན་གྱི་ལྟ་སྟངས་འཛིན་པ་དང་ཤེས་དཔལ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་ཁྲིད་སྟོན་བྱེད་དགོས།ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་ཁྲིམས་ལྟར་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཐད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཐུབ་པ་བྱེད་དགོས།

ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆའི་འོག་ཀུན་སེམས་གཅིག་སྒྲིལ་དང་། ཚད་གཞི་ཆེ་ཤོས་ཐོག་ནས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན། མཐའ་སྲུང་མཐའ་བརྟན་དུ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་ནུས་པ་འདོན་སྤེལ་བཅས་བྱས་ནས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་། ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

བག་གྲོས་གཙོ་སྐྱོང་གནང་སྐབས། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ནན་ཏན་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱས་ནས་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ཐོག་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས།

གྲོང་ཨུད་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་གཏོགས་ཚན་པ་དང་རྫོང(ཆུས)ཁག་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

བསོད་བསྟན་དང་བསོད་དོན་གྱིས་བསྒྱུར།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合新闻
   第04版:专版
ཉེ་དུས་ཀྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ ལས་དོན་སྐོར་གྱི་སྙན་སེང་གསན་པ།
སྲིད་གཞུང་གི་ལས་དོན་སྙན་སྒྲོན།
གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ཁོངས་གཏོགས་མི་སྣའི་ ལོ་གསར་བསུ་བའི་བཞུགས་མོལ་འཚོགས་པ།