第04版:藏区新闻 上一版3
 
版面导航

第01版
头版

第02版
专版

第03版
综合新闻
 
标题导航
2023ལོར་རང་རྒྱལ་གྱི་གྲོང་གསེབ་ཏུ་ཆུ་ཀ་ལ་ཁྱབ་ཚད་བརྒྱ་ཆ88བར་འཕར་གྱི་ཡོད་པ།
སྤྱི་ཕན་བྱེད་སྒོ་སྤེལ་ནས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་ཡག་པོ་བྱེད།
བོད་སྨན་གྱི་ཚད་གཞིའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་སྨན་སྣ་ཁ་152ཀྱི་ཚད་གཞིར་ཞིབ་འཇུག་ལེགས་གྲུབ་བྱུང་བ།
བོད་ལྗོངས་ཤངས་ཆུ་ལྟེ་བའི་ཆུ་བེད་ཀྱི་འཕྲུལ་ཚན་ཐོག་མའི་དཔྱང་འདེགས་ལྷུ་སྒྲིག་ལེགས་གྲུབ་བྱུང་བ།
ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཁྲིམས་ལྟར་བཅོས་སྒྲིག་བྱས་པ།
དུས་རབས་གསར་པར་བསྟོད། འཚོ་བ་གསར་པར་རོལ།
| 山南网首页 |
2023年1月30日 星期
3 上一篇  下一篇 4 放大 缩小 默认
ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཁྲིམས་ལྟར་བཅོས་སྒྲིག་བྱས་པ།
ལོ་གཉིས་ནང་ཞིང་པ་ལས་མིར་འགྱངས་ཆད་གླ་ཆ་སྒོར་ཁྲི་2378ལྷག་ཙམ་འདེད་ལེན་བྱས་པ།
 
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར། ཉེ་དུས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཁྲིམས་ལྟར་བཅོས་སྒྲིག་བྱས་པའི་འབྲེལ་ཡོད་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

2021ལོའི་ཟླ་དང་པོ་ནས་2022ལོའི་ཟླ་12བར། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་དང་འབྲེལ་བ་ཡོད་པའི་ཞུ་གཏུག་གི་གྱོད་གཞི་ཁག་483སྒྲུབ་གཉེར་བྱས་པ་དང་། དེའི་ནང་ཞིང་པ་ལས་མིས་ཞུ་གཏུག་རྒྱག་པར་རྒྱབ་སྐྱོར་བྱས་པའི་གྱོད་གཞི་ཁག་106ཡོད་ཅིང་། ཞུ་གཏུག་ལ་རྒྱབ་སྐྱོར་དང་འདུམ་འགྲིག་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་ནས་ཞིང་པ་ལས་མིར་འགྱངས་ཆད་གླ་ཆ་སྒོར་ཁྲི་2378ལྷག་ཙམ་འདེད་ལེན་བྱས་ཡོད། ངལ་རྩོལ་གླ་ཆ་མི་སྤྲོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་སྟེ་སེམས་ངན་བཅངས་ནས་གླ་ཆ་འགྱངས་ཆད་བྱས་པར་ཆད་པ་བཅད་པ་དང་། ངལ་རྩོལ་གླ་ཆ་མི་སྤྲོད་པའི་དོགས་ཡོད་ཉེས་གསོག་གྱོད་གཞི་ཁག་7དང་མི་7འཛིན་བཟུང་བྱེད་པར་བདག་སྤྲོད་ཞིབ་བཤེར་བྱས་ཡོད། གྱོད་གཞི་ཁག་17དང་མི་17ལ་ཞིབ་བཤེར་ཞུ་གཏུག་བརྒྱབ་པ་དང་། གྱོད་གཞི་ཁག་3དང་མི་3ཞུ་གཏུག་བརྒྱབ་པ་དང་། གྱོད་གཞི་ཁག་11དང་མི་11ཞུ་གཏུག་བརྒྱབ་མེད། སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་འགལ་བྱེད་སྤྱོད་ཀྱི་ལྟ་སྐུལ་གྱོད་གཞི་ཁྱོན་ཁག་36བདག་སྤྲོད་བྱས་པ་དང་། འདྲི་ཞིབ་མཇུག་འགྲིལ་བའི་གྱོད་གཞི་31ལ་ཞིབ་དཔྱོད་ཀྱི་གྲོས་འགོ་བཏོན་པ་དང་འབྲེལ་ཚང་མ་སྲིད་འཛིན་ལས་ཁུངས་ཀྱིས་དང་ལེན་བྱས་པས་ཁྲིམས་བཞིན་འགན་ནུས་སྒྲུབ་པ་དང་ཁྲིམས་བཞིན་སྲིད་འཛིན་པར་སྐུལ་འདེད་ནུས་ལྡན་ཐུབ་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོཌ་བརྟན་ལྷིང་སྲུང་སྐྱོང་ཐུབ་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合新闻
   第04版:藏区新闻