第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
专版

第03版
综合新闻
 
标题导航
“ཞབས་འདེགས་ཞུ་བ་དང་མི་སེམས་དྲོ་བའི”བྱེད་སྒོ་གྲོང་སྡེར་སྤེལ་ནས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་དང་ཏན་ཏིག་བཏང་བ།
2022ལོར་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་གཅིག་ལྷག་ཙམ་ཟིན་པ།
ཆང་རག་བཏུངས་རྗེས་འདི་དག་མཆོད་ན་གཟུགས་པོར་ཕན་ཐོགས་ཆེན་པོ་འདུག
ཕུན་སུམ་ཚོགས་པའི་རིག་གནས་སྟོན་མོས་ལོ་གསར་གཉིས་ལ་སྤྲོ་སྣང་སྦྱིན།
སྒྲ་སྙན་དཀྲོལ་ནས་བདེ་སྐྱིད་ལྡན་པའི་ འཚོ་བར་བསྟོད་གླུ་ལེན་གྱི་ཡིན།
| 山南网首页 |
2023年1月30日 星期
3 上一篇 放大 缩小 默认
སྒྲ་སྙན་དཀྲོལ་ནས་བདེ་སྐྱིད་ལྡན་པའི་ འཚོ་བར་བསྟོད་གླུ་ལེན་གྱི་ཡིན།
 

དཔྱིད་གསར་དུས་ཆེན་རིང་། ས་མཐོའི་ཡུལ་གྲུ་ཁག་ཏུ་ལོ་གསར་གྱི་རྣམ་པས་ཁེངས་ཤིང་། དར་རྒྱས་ཆེ་བའི་ལོ་གསར་མཁོ་ཆས་ཀྱི་དཔལ་འབྱོར་ནི་2023ལོ་འགོ་ཚུགས་མ་ཐག་པའི་འཁྲུག་ཆ་དོད་པའི་རྣམ་པའི་མཚོན་ཚུལ་ཞིག་རེད།

ལོ་གསར་གྱི་མཁོ་ཆས་ཁྲོམ་རར་སྐྱོད་སྐབས། ཞོར་ཟས་དང་འཚོ་བའི་མཁོ་ཆས་ཕུད། ད་དུང་སྒྲ་སྙན་སོགས་མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི་མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆའང་ཁྲོམ་རར་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་རེད།

ལོ་གསར་གྱི་མཁོ་ཆས་ཁྲོམ་ར་ནས་བྲལ་ཏེ་གསར་འགོད་པ་པ་སངས་ནོར་བུའི་ཁྱིམ་དུ་སྐྱོད་སྐབས་ཁོང་གི་སྒོ་རའི་ནང་བོད་བཟོའི་སྒྲ་སྙན་བཟོ་ལྟ་སྣ་ཚོགས་བསྒྲིགས་འདུག པ་སངས་ནོར་བུ་དང་ཁོང་གི་དགེ་ཕྲུག་ཚོ་སྒོ་རའི་ནང་ལས་ལ་བྲེལ་བཞིན་ཡོད་ཅིང་། ཁོང་གིས“ངས་བོད་ཀྱི་ལོ་གསར་གོང་སྒྲ་སྙན་གྱི་མངགས་ཐོ་ཚང་མ་ཚར་བ་བྱེད་རྩིས་ཡོད”ཅེས་བརྗོད།

པ་སངས་ནོར་བུ་ནི་སྣེ་གདོང་ཆུས་ཡར་སྟོད་ཤང་རི་ཟུར་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) གྲོང་ཚོའི་ཡུལ་མི་ཡིན་ལ་སྣེ་གདོང་ཆུས་ཀྱི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་སྒྲ་སྙན་བཟོ་མཁན་ཞིག་ཀྱང་ཡིན་ཞིང་། ལོ་བཅུ་ལྷག་ཙམ་གོང་། ཁོང་གཉེན་སྒྲིག་བྱས་རྗེས་སྣེ་གདོང་ཆུས་ཕོ་བྲང་ཤང་ཤར་སྒོ་གྲོང་ཚོར་རྔ་དང་སྒྲ་སྙན་བཟོ་བའི་ལག་རྩལ་སྦྱོང་བར་ཡོང་ཡོད་པ་རེད།

ལག་ཤེས་སྦྱངས་ནས་ཕྱིར་ལོག་རྗེས་པ་སངས་ནོར་བུས་རང་ཉིད་ཀྱིས་བཟོས་པའི་སྒྲ་སྙན་བྲིན་ཁ་རྒྱུག་པོ་མེད་པས་ཡར་ཀླུང་ཚོང་འདུས་ལ་ཞུགས་ཚེ་གཞི་ནས་བྲིན་ཁ་ཅུང་རྒྱུག་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

པ་སངས་ནོར་བུས“ད་ཆ་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ནས་མི་སེར་དཀྱུས་མས་ཀྱང་སྒྲ་སྙན་དཀྲོལ་སྟངས་སྦྱོང་འགོ་ཚུགས་ཡོད། ལོ་གསར་དང་དུས་ཆེན་ཙམ་མ་ཟད། ད་དུང་གླིང་ཁ་གཏོང་སྐབས་ཀྱང་སྒྲ་སྙན་དཀྲོལ་ནས་སྤྲོ་སྐྱིད་ལྡན་པའི་འཚོ་བར་རོལ་གྱི་ཡོད”ཅེས་གསར་འགོད་པར་བརྗོད།

2022ལོར། པ་སངས་ནོར་བུ་སླར་ཡང་ཡར་ཀླུང་ཚོང་འདུས་ལ་ཞུགས་པ་དང་། ད་ཐེངས་ཁོང་གིས་ཁྱེར་བའི་སྒྲ་སྙན་བྲིན་ཁ་རྒྱུག་པོ་བྱུང་ནས་ས་ཆ་དེ་རང་དུ་སྒྲ་སྙན་20ལྷག་ཙམ་བཙོངས་པ་མ་ཟད། ད་དུང་གསོ་སྦྱོང་འཛིན་གྲྭ་མི་ཉུང་བ་ཞིག་གི་མངགས་ཐོ་ཡང་འབྱོར་ཞིང་། པ་སངས་ནོར་བུས“ད་ཆ་ལྷོ་ཁའི་མི་སེར་གྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བ་མ་ཟད། བསམ་པའི་རིག་གནས་ཀྱི་དགོས་མཁོ་ཡང་ཇེ་ཆེར་འགྲོ་བཞིན་ཡོད”ཅེས་བརྗོད།

པ་སངས་ནོར་བུའི་ཤུགས་རྐྱེན་བཟང་པོའི་འོག་ཁོང་གི་བུ་བསོད་ནམས་ཚེ་རིང་གིས་ཀྱང་སྒྲ་སྙན་དཀྲོལ་ཤེས་ཀྱི་ཡོད། སྒྲ་སྙན་གྱི་འབྲེལ་ཡོད་སྒྱུ་རྩལ་ཡིག་རྒྱུགས་ལ་ཞུགས་གྲབས་ཡོད་པས་བསོད་ནམས་ཚེ་རིང་གིས་སྒྲ་སྙན་ཧུར་ཐག་སྦྱོང་བཞིན་ཡོད་པ་དང་། གྲུབ་འབྲས་ཡག་པོ་ཐོབ་པའི་རེ་བས་ཁེངས་ཡོད།

ད་ཆ་བསོད་ནམས་ཚེ་རིང་དང་འདྲ་བར་སྒྲ་སྙན་སྦྱོང་མཁན་གྱི་ན་གཞོན་ཇེ་མང་དུ་འགྲོ་བཞིན་ཡོད། གསར་འགོད་པ་སྣེ་གདོང་ཆུས་ཡར་སྟོད་ཤང་རིག་གནས་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས་དེ་གར་སྒྲ་སྙན་སོགས་སྲོལ་རྒྱུན་རོལ་ཆ་སྣ་ཚོགས་བསྒྲིགས་པ་མཐོང་བྱུང་། རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བས། ཡར་སྟོད་ཤང་གི་མང་ཚོགས་ཚོ་ཁོམ་པ་ཡོད་རིམ་བཞིན་འདི་གར་སྲོལ་རྒྱུན་གྱི་རོལ་ཆ་སྦྱོང་བར་ཡོང་གི་འདུག་ཅེས་གསར་འགོད་པར་བརྗོད།

སྒྲ་སྙན་ལས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ད་དུང་པ་སངས་ནོར་བུར་ལོ་ལྟར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་རག་པ་དང་། ཁོང་དང་མཉམ་དུ་ཡོད་པའི་ལས་རོགས་བདུན་པོར་ཡང་ལོ་ལྟར་ཉུང་མཐར་ཡང་འབབ་འཕར་སྒོར་ཁྲི་4བྱུང་ཞིང་། སྒྲ་སྙན་དཀྲོལ་དུས་སྒྲ་གདངས་དག་མིན་ཞིབ་བསྡུར་མཁན་དབང་གྲགས་ལའང་ལས་ཀ་གསར་པ་རག་ཡོད་པ་རེད།

པ་སངས་ནོར་བུས“ཉེ་དུས་ད་དུང་དབང་གྲགས་ཀྱིས་ན་གཞོན་དགེ་ཕྲུག་ཁ་ཤས་ཉར་ནས་སྒྲ་སྙན་དཀྲོལ་སྟངས་ཆེད་མངགས་བསླབས་པས་ཡོང་འབབ་མང་པོ་བྱུང་སོང་”ཞེས་བརྗོད།

སྒྲ་སྙན་གྱི་བཟོ་རྩལ་རྒྱུན་འཛིན་བྱ་ཆེད། པ་སངས་ནོར་བུས་མེས་པོའི་སྲོལ་རྒྱུན་ཚོང་རྟགས་ཆེད་མངགས་ཐོ་འགོད་བྱས་ཤིང་། ཁོང་གིས་སླད་ཕྱིན་ཐོན་རྫས་སྤུས་དག་དེ་བས་མང་བ་བཏོད་དེ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་བའི་ལམ་བུར་མུ་མཐུད་བསྐྱོད་ཀྱི་ཡིན་ཞེས་བརྗོད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合新闻
   第04版:藏区新闻
“ཞབས་འདེགས་ཞུ་བ་དང་མི་སེམས་དྲོ་བའི”བྱེད་སྒོ་གྲོང་སྡེར་སྤེལ་ནས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་དང་ཏན་ཏིག་བཏང་བ།
2022ལོར་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་གཅིག་ལྷག་ཙམ་ཟིན་པ།
ཆང་རག་བཏུངས་རྗེས་འདི་དག་མཆོད་ན་གཟུགས་པོར་ཕན་ཐོགས་ཆེན་པོ་འདུག
ཕུན་སུམ་ཚོགས་པའི་རིག་གནས་སྟོན་མོས་ལོ་གསར་གཉིས་ལ་སྤྲོ་སྣང་སྦྱིན།
སྒྲ་སྙན་དཀྲོལ་ནས་བདེ་སྐྱིད་ལྡན་པའི་ འཚོ་བར་བསྟོད་གླུ་ལེན་གྱི་ཡིན།