第01版:头版 4下一版
 
版面导航

第01版
头版

第02版
专版

第03版
综合新闻
 
标题导航
“ཞབས་འདེགས་ཞུ་བ་དང་མི་སེམས་དྲོ་བའི”བྱེད་སྒོ་གྲོང་སྡེར་སྤེལ་ནས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་དང་ཏན་ཏིག་བཏང་བ།
2022ལོར་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་གཅིག་ལྷག་ཙམ་ཟིན་པ།
ཕུན་སུམ་ཚོགས་པའི་རིག་གནས་སྟོན་མོས་ལོ་གསར་གཉིས་ལ་སྤྲོ་སྣང་སྦྱིན།
སྒྲ་སྙན་དཀྲོལ་ནས་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་ལེན་གྱི་ཡིན།
བོད་ཀྱི་གྲོང་ཚོ(སྡེ་ཁུལ)16ལ“རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་གྲོང་ཚོའི(སྡེ་ཁུལ)”མིང་བཏགས་པ།
| 山南网首页 |
2023年1月30日 星期
3 上一篇  下一篇 4 放大 缩小 默认
ཕུན་སུམ་ཚོགས་པའི་རིག་གནས་སྟོན་མོས་ལོ་གསར་གཉིས་ལ་སྤྲོ་སྣང་སྦྱིན།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་རིང་། ངེད་གྲོང་ཁྱེར་གྱི་རིམ་ཁག་རིག་གནས་ཚན་པས་རིག་རྩལ་བྱེད་སྒོའི་རྣམ་པ་གསར་གཏོད་དང་དགེ་མཚན་ལྡན་པའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་མང་ཚོགས་ལ་བསམ་པའི་རིག་གནས་སྟོན་མོ་བཤམས་པ་རེད།

གྲོང་ཁྱེར་ཡོངས་ཀྱི་རིག་གནས་འཐབ་ཕྱོགས་ཀྱི་དཔུང་ཁག་ཚོས་རིག་རྩལ་གྱི་རྟ་ཕོ་བཞོན་ནས་གཞི་རིམ་གྲོང་གསེབ་ཏུ་བསྐྱོད་དེ་ངོ་མཚར་ཆེ་བའི་གྲོང་གསེབ་ཀྱི་དཔྱིད་གསར་མཚན་ཚོགས་ཤིག་འཚོགས་པ་རེད། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ལས་རྒྱ་ཆེའི་མང་ཚོགས་ལ་འཁྲུག་ཆ་དོད་པའི་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) དུས་ཆེན་གྱི་སྤྲོ་སྣང་ཞིག་བསྟེར་ཡོད་པ་རེད།

རིག་གནས་དམངས་ཕན་གྱི་བྱེད་སྒོ་བརྒྱུད། རིག་གནས་དང་རིག་རྩལ་ཟུང་འབྲེལ་གྱི་བྱེད་ཐབས་གསར་དུ་བཏོད་ནས་མངགས་ཐོ་རྣམ་པའི་རིགས་གཞུང་སྒྲོག་འགྲེལ་སྤྱད་དེ་མང་ཚོགས་ཀྱི་ལྟ་འདོད་ལྟར་འཁྲབ་སྟོན་བྱས་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུའི་དགོངས་དོན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་བྱུང་རིག་གནས་སོགས་ནང་དོན་ལྡན་པའི་གཏམ་བརྗོད་དང་འཁྲབ་ཚན་ཐུང་ངུ་། རོལ་དབྱངས་གླུ་གར། བྱ་དགའ་ཡོད་པའི་ལན་འདེབས་སོགས་རིག་རྩལ་བྱེད་སྒོ་སྤེལ་ནས་མང་ཚོགས་ཚོས་རིག་གནས་དམངས་ཕན་གྱི་རོ་བཅུད་ཚོར་ཐུབ་པ་བྱས་པ་རེད།

སྤྱི་སྤྱོད་རིག་གནས་ཁང་རྒྱུན་གཏན་བཞིན་སྒོ་མོ་ཕྱེ་བ་དང་། དྲ་ཐོག་དང་དྲ་ཕྱི་མཉམ་སྒུལ་གྱི་རིག་གནས་བྱེད་སྒོ་སྤེལ་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་དགའ་འཛོམས་མཉམ་སྤྲོའི་ཐོག་ནས་རིག་གནས་བརྗེ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་རྒྱ་ཁྱབ་ཡོང་རྒྱུར་སྐུལ་སྤེལ་བཏང་བ་རེད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་ཡོས་ལོའི་དཔྱིད་གསར་དང་སོ་ནམ་ལོ་གསར་རིང་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཐེངས་50ལྷག་ཙམ་སྤེལ་ཡོད་པར་ས་ཡུལ་དངོས་ལ་ལྟད་མོར་ཞུགས་མཁན་མི་ཐེངས་ཁྲི་1ལྷག་ཙམ་དང་། དྲ་ཐོག་ལྟད་མོར་ཞུགས་མཁན་མི་ཐེངས་2500ལྷག་ཟིན་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྒྱུན་བསྲིང་ངང་སྐུལ་འདེད་བཏང་ཡོད་པ་རེད། བསོད་བསྟན་གྱིས་བསྒྱུར།

འདི་ནི་མང་ཚོགས་ཚོས་བྱ་དགའ་ཡོད་པའི་ལན་འདེབས་ནང་ཞུགས་པའི་ཟུར་ཞིག་ཡིན་པ།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合新闻
   第04版:藏区新闻