第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
2022ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་ སླར་ཡང་མཐོ་ཤོས་སུ་སླེབས་པ།
“ཞིང་གསུམ”ལ་དམིགས་ནས་འཕེལ་རྒྱས་དོན་གཉེར་བྱེད།
ཕུ་མ་བྱང་ཐང་ཤང་གི་དགའ་འོས་པའི་ཉམས་བཟང་།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྐོར་གྱི་དྲིལ་བསྒྲགས་སྦྱར་ཡིག
ཚེ་རིང་ཕུན་ཚོགས་ཀྱིས་མཚོ་སྨད་རྫོང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།
| 山南网首页 |
2022年12月23日 星期
3 上一篇  下一篇 4 放大 缩小 默认
ཚེ་རིང་ཕུན་ཚོགས་ཀྱིས་མཚོ་སྨད་རྫོང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་15ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཚེ་རིང་ཕུན་ཚོགས་ཀྱིས་མཚོ་སྨད་རྫོང་དུ་བཞུགས་མོལ་འཚོགས་པ་དང་། དགོན་སྡེར་ཕེབས་པ། ལས་ཡུལ་དུ་ཕེབས་པ། ཞིང་དུད་དུ་ཕེབས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མཚོ་སྨད་རྫོང་གི་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་ཁེ་ལས་ཀྱི་ལས་བཟོ། ཞིང་འབྲོག་མང་ཚོགས། དགོན་སྡེའི་དགེ་འདུན་པ་བཅས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

སྒྲོག་འགྲེལ་ནང་ཚེ་རིང་ཕུན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་དམིགས་ནས་རང་ཉིད་ཀྱི་སློབ་སྦྱོང་མྱོང་ཚོར་དང་ཟུང་འབྲེལ་གྱིས་གྲངས་གཞི་ཞིབ་ཕྲ་དང་གསོན་ཉམས་དོད་པའི་དཔེ་མཚོན་འབོར་ཆེན་སྤྱད་དེ་གོ་བདེ་ཤེས་སླ་བའི་ངང་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སྒྲོག་འགྲེལ་གནང་བ་རེད།

ཚེ་རིང་ཕུན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱ་རྒྱུ་གཙོ་བོ་དང་། ལག་བསྟར་དོན་འཁྱོལ་གལ་ཆེར་(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) འཛིན་དགོས། ཞི་ཅིན་ཕིང་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཁག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཡོངས་དང་ཕྱོགས་ཁག་ཏུ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྨད་གསར་པ་འཛུགས་སྐྲུན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་འདྲེས་བཅས་བྱས་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས།

ཚན་སློབ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་ལ་སྣང་ཆེན་དང་། ཤེས་ལྡན་པ་བསྡུ་རུབ། གསར་གཏོད་སྟོབས་ཆེར་གཏོང་བ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་སྟེ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་ཡོང་བ་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྣོད་བཅུད་ཁོར་ཡུག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གྲི་གུ་མཚེའུ་དང་གྲི་གུ་རྩྭ་ཐང་སྲུང་སྐྱོང་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ཐོག་གནམ་སྔོན་དང་ཆུ་དྭངས་ས་གཙང་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁོར་ཡུག་གཏོད་དགོས། སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་ནུས་པ་ཆེ་རུ་གཏོང་བ། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་། ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན། སྤྱི་པའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རྨང་གཞི་དང་སྤྱོད་ཚུལ་གྱི་འགན་ལེན་ཤུགས་ཆེན་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་ངོ་།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
2022ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་ སླར་ཡང་མཐོ་ཤོས་སུ་སླེབས་པ།
“ཞིང་གསུམ”ལ་དམིགས་ནས་འཕེལ་རྒྱས་དོན་གཉེར་བྱེད།
ཕུ་མ་བྱང་ཐང་ཤང་གི་དགའ་འོས་པའི་ཉམས་བཟང་།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྐོར་གྱི་དྲིལ་བསྒྲགས་སྦྱར་ཡིག
ཚེ་རིང་ཕུན་ཚོགས་ཀྱིས་མཚོ་སྨད་རྫོང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།