第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཞུས་ཁྲེང་ཚང་གིས་སློབ་གྲྭར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་སྐབས་ཕུགས་འདུན་བཅངས་ནས་དཀའ་སྤྱད་སློབ་བརྩོན་བྱས་ཐོག་འབད་འཐབ་ཁྲོད་ལང་ཚོའི་གཟི་བྱིན་འབར་བ་དང་། ཕུ@
ཞུས་ཁྲེང་ཚང་གིས་གྲོང་ཁྱེར་ཡོངས་ཀྱི་བོད་སྐྱོར་ལས་དོན་ གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།
སྟོན་དུས་ལུས་ཟུངས་མ་ཉམས་སྔོན་འགོག་ཐུབ་པའི་ཟས་རིགས་འགའ།
ཁ་རས་གང་འདྲ་ཞིག་རྒྱག་དགོས་པ་དང་དོ་སྣང་གང་བྱེད་དགོས་སམ།
འཕྱོངས་རྒྱས་རྫོང་གིས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་པ།
| 山南网首页 |
2022年11月9日 星期
3 上一篇  下一篇 4 放大 缩小 默认
ཁ་རས་གང་འདྲ་ཞིག་རྒྱག་དགོས་པ་དང་དོ་སྣང་གང་བྱེད་དགོས་སམ།
 

▲ང་རང་སྨན་དོན་མི་སྣ་ཞིག་མིན། འོན་ཀྱང་རླུང་འགྲོ་ཡག་པོ་མེད་པ་དང་མི་ཚོཊ་སྟུག་སར་ལས་ཀ་བྱེད་ཀྱི་ཡོད་པས་ཁ་རས་གང་ཞིག་བརྒྱབ་ན་ལེཊ་སམ།

ལན་དུ། གལ་ཏེ་ཁྱེད་རང་སྨན་ཁང་དང་། གནམ་ཐང་། མེ་འཁོར་བབས་ཚུགས། ས་འོག་ལྕགས་ལམ། སྤྱི་སྤྱོད་རླངས་འཁོར། གནམ་གྲུ། མེ་འཁོར། སྒོ་རྩིས་ཚོང་ཁང་། ཟ་ཁང་སོགས་བལྟོས་བཅས་ཀྱི་རླུང་འགྲོ་ཡག་པོ་མེད་པ་དང་མི་ཚོགས་སྟུག་སར་ལས་ཀ་བྱེད་པའམ་ཡང་ན་རིམས་ནད་དང་འབྲེལ་བའི་སྲིད་འཛིན་དོ་དམ་དང་། ཉེན་རྟོག་པ། བདེ་སྲུང་བ། མྱུར་སྐྱེལ་བ་སོགས་ཀྱི་ལས་ཀ་བྱེད་མཁན་གང་ཞིག་ཡིན་རུང་། ཚང་མ་རིམས་ནད་འགོ་ཉེན་ཅུང་ཆེ་བའི་མི་སྣའི་ཁོངས་སུ་གཏོགས་པས་ལས་ཀ་བྱ་ཡུལ་དུ་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཁ་རས་རྒྱག་དགོས།

▲ ས་ཆ་གང་འདྲ་ཞིག་ཏུ་ཁ་རས་མ་བརྒྱབ་ན་ཆོག་གམ།

ལན་དུ། གལ་ཏེ་ཁྱེད་རང་ལ་རིམས་ནད་འགོས་མེད་པ་མ་ཟད། ཁྱིམ་དུ་སྡོད་པའམ་ཡང་ན་རླུང་འགྲོ་ཡག་པ་དང་མི་ཉུང་སར་ཡོད་ཚེ། རིམས་ནད་འགོ་ཉེན་ཆུང་བའི་མི་སྣའི་ཁོངས་སུ་གཏོགས་པས་ཁ་རས་མ་བརྒྱབ་ན་ཆོག དཔེར་ན། ཁྱིམ་དུ་དོགས་ཡོད་ནད་དཔེ་མེད་པ་དང་། ནད་པ་དང་འབྲེལ་ཐུག་དམ་ཟབ་བྱེད་མྱོང་མེད་པ། དེ་བཞིན་རིམས་ནད་ཁུལ་ནས་སླེབས་པའི་ནང་མི་མེད་པ། སྒེར་འཁོར་དུ་རིམས་ནད་ཁུལ་གྱི་འགྲུལ་པའམ་ཡང་ན་དོགས་ཡོད་ནད་དཔེ་བླུག་མྱོང་མེད་པ། རླུང་འགྲོ་ཡག་པོ་ཡོད་སར་ལས་ཀ་བྱེད་པ། གྲོང་པ་ཁྱིམ་མཚེས་དང་བར་ཐག་འོས་འཚམ་ཡོད་པ། གཞུང་ལས་ཁང་དུ་དུག་སེལ་དང་། ཚ་བ་ལྟ་བ། རླུང་འགྲོ་ཡག་པོ་ཡོད་པ་མ་ཟད། ལས་རོགས་ལའང་རིམས་ནད་འགོས་པའི་དོགས་གཞི་མེད་ཅིང་ནད་པ་དང་འབྲེལ་ཐུག་དམ་ཟབ་བྱེད་མྱོང་མེད་པ་བཅས་ཡིན་ཚེ་ཁ་རས་མ་བརྒྱབ་ན་ཆོག

▲ བྱིས་པ་ཚོས་ཁ་རས་གང་ཞིག་རྒྱག་དགོས་པ་དང་དོ་སྣང་གང་བྱེད་དགོས་སམ།

ལན་དུ། རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པ་མ་ཟད་བྱིས་པའམ་ཡང་ན་གཞོན་ནུ་ལོ་ཆུང་ལ་དམིགས་ནས་བཟོས་པའི་འགོག་སྲུང་ཁ་རས་སྤྱོད་དགོས། བྱིས་པ་ཚོར་ཁ་རས་མ་བརྒྱབ་གོང་ཁྱིམ་བདག་གིས་ཁ་རས་རྒྱག་སྟངས་བསླབས་ནས་ཡང་དག་སྒོ་ནས་ཁ་རས་རྒྱག་དགོས། གལ་ཏེ་ཕྲུ་གུར་ཁ་རས་བརྒྱབ་རྗེས་མི་བདེ་བ་བྱུང་ཚེ་དུས་ཐོག་ཏུ་ཁ་རས་རྒྱག་སྐྱོར་བྱེད་པའམ་ཡང་ན་རྒྱག་མཚམས་འཇོག་དགོས། ཕྲུ་གུའི་ངོ་གདོང་ཆུང་བས་མི་རྒན་པའི་ཁ་རས་རྒྱག་མི་རུང་།

▲ ཁ་རས་རྒྱག་སྐབས་དོ་སྣང་བྱེད་དགོས་པ་གང་ཡོད་དམ།

ལན་དུ། ཁ་རས་ཆེ་ཆུང་འཚམ་པོ་ཞིག་འདེམས་དགོས། ཁ་རས་མ་བརྒྱབ་གོང་སྔོན་ལ་ལག་པ་འཁྲུད་དགོས་པ་དང་། ཁ་རས་རྒྱག་སྐབས་ངོ་གདོང་ལ་དམ་པོར་སྦྱོར་བ་དང་ཆབས་ཅིག མཛུབ་མོས་ཁ་རས་ཀྱི་ལྕགས་སྐུད་མནན་ཙམ་བྱས་ནས་མཐའ་འཁོར་གྱི་མཁའ་རླུང་ནང་དུ་མི་འཛུལ་བ་བྱེད་དགོས། སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཁ་རས་ཀྱི་ལྕགས་སྐུད་ཁ་རས་ཀྱི་འགོར་ཡོད་པས་ཁ་རས་རྒྱག་སྐབས་དམ་པོར་གནོན་དགོས། གལ་ཏེ་ཁ་རས་ལ་ངེས་པར་དུ་རེག་དགོས་ཚེ་མ་རེག་གོང་དང་རེག་རྗེས་ལག་པ་འཁྲུད་དགོས། ཁ་རས་བཀྲོལ་སྐབས་གང་ཐུབ་ཅི་ཐུབ་ཀྱིས་ཁ་རས་ཀྱི་ངོས་ལ་མ་རེག་པ་བྱེད་དགོས་ལ། འཕྲལ་དུ་ལག་པ་འཁྲུད་དགོས།

▲ ཁ་རས་ཉིས་བརྩེགས་བརྒྱབ་ན་དེ་བས་བདེ་འཇགས་ཀྱི་ནུས་པ་ཐོན་ནམ།

ལན་དུ། ཁ་རས་ཉིས་བརྩེགས་བརྒྱབ་ན་བདེ་འཇགས་ཀྱི་རང་བཞིན་ཆེ་རུ་འགྲོ་མི་སྲིད།

▲ བརྒྱབ་ཟིན་པའི་ཁ་རས་ཡང་བསྐྱར་བརྒྱབ་ན་ཆོག་གམ།

ལན་དུ། རིམས་ནད་འགོ་ཉེན་ཆེ་བ་དང་ཅུང་ཆེ་བའི་མི་སྣ་ཕུད། ན་ཚ་མེད་མཁན་གྱིས་རྒྱག་མྱོང་བའི་ཁ་རས་ཡང་བསྐྱར་རྒྱག་ཆོག་ཅིང་། དེའི་ནང་འོས་འཚམ་ཁ་རས་རྒྱག་པའི་དུས་ཡུན་དང་ཐེངས་གྲངས་མང་དུ་གཏོང་བ་ཚུད་ཡོད། གལ་ཏེ་ཁ་རས་ཡང་བསྐྱར་རྒྱག་དགོས་ཚེ་གཙང་ལ་སྐམ་ཤས་ཆེ་ཞིང་རླུང་འགྲོ་ཡག་སར་འགེལ་བའམ་ཡང་ན་གཙང་ལ་རླུང་འགྲོ་ཡག་པའི་ཤོག་སྣོད་དུ་བླུག་དགོས། ཁ་རས་ལོགས་སུ་བཞག་ནས་ཅ་དངོས་གཞན་པར་མ་རེག་པ་བྱེད་དགོས་པ་མ་ཟད། སོ་སོའི་ཁ་རས་ངོས་འཛིན་ཡག་པོ་བྱེད་དགོས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
ཞུས་ཁྲེང་ཚང་གིས་སློབ་གྲྭར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་སྐབས་ཕུགས་འདུན་བཅངས་ནས་དཀའ་སྤྱད་སློབ་བརྩོན་བྱས་ཐོག་འབད་འཐབ་ཁྲོད་ལང་ཚོའི་གཟི་བྱིན་འབར་བ་དང་། ཕུ@
ཞུས་ཁྲེང་ཚང་གིས་གྲོང་ཁྱེར་ཡོངས་ཀྱི་བོད་སྐྱོར་ལས་དོན་ གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།
སྟོན་དུས་ལུས་ཟུངས་མ་ཉམས་སྔོན་འགོག་ཐུབ་པའི་ཟས་རིགས་འགའ།
ཁ་རས་གང་འདྲ་ཞིག་རྒྱག་དགོས་པ་དང་དོ་སྣང་གང་བྱེད་དགོས་སམ།
འཕྱོངས་རྒྱས་རྫོང་གིས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་པ།