འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་4ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་གྲོང་ཁྱེར་ཡོངས་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། དོན་ཆེན་བཞི་དང་། འགན་ལེན་བཞིར་དམིགས་པ་དང་། འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་བཞིར་སེམས་ནུས་བསྒྲིལ་ཏེ། ཕུགས་ལ་ཕན་པའི་ཐབས་ཇུས་མང་ཙམ་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱད་དེ་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཚེ་རིང་ཕུན་ཚོགས་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཡང་ཁྲང་། ཧྲན་ཆང་། ཝང་ཡུན་ཆིང་བཅས་དང་། གྲོང་ཨུད་རྒྱུན་ཨུ། རྩ་འཛུགས་པུའི་པུའུ་ཀྲང་ཧྥུང་ཞའོ་དབྱི་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་ཞུས་ཁྲེང་ཚང་གིས་ཞིང་ཆེན་གསུམ་དང་། ཀུང་སི་གཅིག་གི་བོད་སྐྱོར་ལས་དོན་རུ་ཁག་དང་། རྫོང(ཆུས)ཁག་གི་བོད་སྐྱོར་ལས་དོན་རུ་ཁག་གི་གཏམ་བཤད་ནན་ཏན་ངང་གསན་པ་མ་ཟད། ཚང་མ་དང་སྤེལ་རེས་གཏིང་ཟབ་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) གནང་ནས་མཛུབ་ཁྲིད་གྲོས་འགོ་ཡང་བཏོན་གནང་བ་རེད།
ཞུས་ཁྲེང་ཚང་གིས། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པའི་ཐོག་ནས་བོད་སྐྱོར་ལས་བྱེད་པའི་གཟུགས་བརྙན་གསར་པ་མངོན་པར་བྱེད་དགོས་པ་དང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་གང་མགྱོགས་མཉམ་འདྲེས་དང་དམ་པ་དོན་གཉེར་བྱས་ཐོག་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ། དུས་རབས་གསར་པའི་བོད་སྐྱོར་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ། ཏང་གིས་བོད་སྐྱོར་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
ཚེ་རིང་ཕུན་ཚོགས་ཀྱིས་ཐོན་ལས་བོད་སྐྱོར་ཐད་བརྒྱུད་རིམ་ལྡན་པའི་བསམ་གཞི་བྱ་རྒྱུར་སྣང་ཆེན་བྱས་ནས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ་དང་། ཚོང་དང་མ་རྩ་འདྲེན་འགུགས་བྱེད་སྐབས་ས་ཁོངས་ཡོངས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུར་སྣང་ཆེན་བྱས་ནས་སྟོབས་ཆེན་དང་ཆེ་གྲས་འགུག་ཤུགས་ཆེ་རུ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ། ལས་ཞུགས་བོད་སྐྱོར་ཐད་གསོ་སྦྱོང་དང་ལས་ཞུགས་གཞི་གཅིག་ཅན་ལ་མཐོང་ཆེན་བྱས་ནས་སྤེལ་རེས་གཏིང་ཟབ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ་བཅས་ཀྱི་རེ་བ་བཏོན་གནང་བ་རེད། བསོད་ནམས་བསྟན་པས་བསྒྱུར།