第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཕུགས་འདུན་བཅངས་ནས་དཀའ་སྤྱད་སློབ་བརྩོན་བྱས་ཐོག་འབད་འཐབ་ཁྲོད་ལང་ཚོའི་གཟི་བྱིན་འབར་བ་དང་། ཕུགས་བསམ་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་ལྕག་སྐུལ་གནང་བ།
ཞུས་ཁྲེང་ཚང་གིས་གྲོང་ཁྱེར་ཡོངས་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།
བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་པ།
| 山南网首页 |
2022年11月9日 星期
3 上一篇 放大 缩小 默认
འཕྱོངས་རྒྱས་རྫོང་གིས།
བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་པ།
 

འདི་ནི་འཕྱོངས་རྒྱས་རྫོང་གི་2022ལོའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཡུལ་དངོས་སུ་འཕྲུལ་འཁོར་གྱིས་ས་ཁོད་སྙོམས་བཞིན་པ།

ལས་ ཐོན་

བསྐྱར་ཚུགས།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། འཕྱོངས་རྒྱས་རྫོང་གིས་ནད་ཡམས་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། བདེ་འཇགས་ངང་གོང་འཕེལ་གཏོང་བ་བཅས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རྫོང་ཡོངས་ཀྱི་ཆ་རྐྱེན་འཛོམས་པའི་འཛུགས་སྐྲུན་རྣམ་གྲངས་ཚང་མ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་བྱས་པ་དང་། ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་ཚོང་དུད་ཀྱིས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་སྤྱི་འདོམས་བཀོད་སྒྲིག་ལ་གཞིགས་ཏེ་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་སྔ་རྗེས་སུ་ལས་གཉེར་བྱེད་འགོ་བཙུགས་པས་རྫོང་ཡོངས་ཀྱི་ས་ཕྱོགས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་རྒྱས་བཞིན་ཡོད།

ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་རྒྱུ་དེ་ནི་རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་། ལེགས་བསྡུས་ཅན་གྱི་ཐོན་སྐྱེད་བྱེད་པ། དེང་རབས་ཅན་གྱི་རྨོ་འདེབས་བྱེད་སྟངས་ཁྱབ་གདལ་བཏང་ནས་ས་ཞིང་གི་རྨོ་འདེབས་མ་གནས་དམའ་རུ་བཏང་ཐོག་ཞིང་པའི་ཐོན་འཕར་འབབ་འཕར་འགན་ལེན་བྱེད་རྒྱུ་དེ་རེད།

འཕྱོངས་རྒྱས་རྫོང་གི་2022ལོའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་དེ་ཟླ་10ཚེས་6ཉིན་ལས་འགོ་བཙུགས་པ་ནས་བཟུང་མ་དངུལ་བསྡོམས་འབོར་གྱི་40%ལེགས་སྒྲུབ་ཟིན་ཡོད་པ་དང་། ལོ་འཁོར་ནང་ལས་གྲྭའི་ལས་འབོར་གྱི་80%ལེགས་གྲུབ་ཐུབ་པ་བྱས་ཐོག་སྔོན་དཔག་ལྟར་ན་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་9000ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་ཡོང་རྒྱུ་རེད་ཅེས་འཕྱོངས་རྒྱས་རྫོང་ཞིང་ལས་དང་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) གྲོང་གསེབ་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས།

མིག་སྔའི་རིམས་ནད་འགོག་ཟོན་དུས་བབ་དང་ཟུང་འབྲེལ་གྱིས། འཕྱོངས་རྒྱས་རྫོང་གིས་རྣམ་གྲངས་འཛུགས་སྐྲུན་ལྷོད་གཡེང་མི་གཏོང་བ་དང་། རིམས་ནད་འགོག་ཟོན་ལྷོད་གཡེང་མི་གཏོང་བའི་བླང་བྱ་གཞིར་བཟུང་། ལས་འགོ་བསྐྱར་ཚུགས་ཀྱི་ཆ་རྐྱེན་འཛོམས་ཐེངས་རེར་ཞིབ་བཤེར་རྩིས་ལེན་ཐེངས་རེ་བྱེད་པ་དང་། ས་གནས་ས་ཐོག་ཏུ་བཀོད་གཏོང་བྱས་ཏེ། རྫོང་ཡོངས་ཀྱི་ཕྱིར་གླ་པར་སྐྱོད་མཁན་དང་ཕ་ཡུལ་དུ་ལོག་མཁན་གྱི་ཆ་འཕྲིན་ཁག་འཕྱུགས་མེད་ངང་བསྡོམས་རྩིས་བརྒྱབ་པ་མ་ཟད། བརྒྱུད་རིམ་ཧྲིལ་པོར་འགྲོ་སྐྱོད་ལག་ཁྱེར་གཉེར་རོགས་བྱེད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ལས་ཡུལ་ཁག་དང་། ཚོང་དོན་སྒོ་རྩིས་ཚོང་ར། ཁེ་ལས་བཅས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་འགན་ལེན་བྱས་ནས་ལས་ཐོན་སླར་གསོ་ཐུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེ་ཡོངས་སུ་སྐྲུན་བཞིན་པའི་རྣམ་གྲངས་31ཡོད་པའི་ནང་། རྣམ་གྲངས་5ལེགས་སྒྲུབ་ཟིན་ཡོད་པ་དང་། བསྐྱར་དུ་ལས་འགོ་ཚུགས་པའི་རྣམ་གྲངས་26ཡོད་ཅིང་བསྐྱར་ལས་ལས་འགོ་ཚུགས་ཚད་100%ཟིན་པ། རྫོང་ཁོངས་ཁེ་ལས་7དང་སྒེར་གཉེར་བཟོ་ཚོང་དུད་ཚང་207ཚང་མ་ལས་ཐོན་བསྐྱར་ཚུགས་བྱུང་ནས། བསྐྱར་ཚུགས་བྱེད་ཚད་100%ཟིན་ཡོད་པ་རེད།

འཕྱོངས་རྒྱས་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བས། ང་ཚོས་མུ་མཐུད་རིམས་ནད་འགོག་ཟོན་བྱེད་པའི་བླང་བྱ་གཞིར་བཟུང་། རིམས་འགོག་དང་བདེ་འཇགས་ཀྱི་འགག་སྒོ་དམ་སྲུང་ཡག་པོ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་པ་དང་དུས་མཚུངས་ནད་ཡམས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་ཚད་གཞི་དམའ་ཤོས་སུ་ཚོད་འཛིན་ཡོང་བ་བྱས་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་ཡིན་ཞེས་བཤད་དོ།

བསོད་ནམས་བསྟན་པས་བསྒྱུར།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
ཕུགས་འདུན་བཅངས་ནས་དཀའ་སྤྱད་སློབ་བརྩོན་བྱས་ཐོག་འབད་འཐབ་ཁྲོད་ལང་ཚོའི་གཟི་བྱིན་འབར་བ་དང་། ཕུགས་བསམ་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་ལྕག་སྐུལ་གནང་བ།
ཞུས་ཁྲེང་ཚང་གིས་གྲོང་ཁྱེར་ཡོངས་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།
བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་པ།