འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་4ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་གྲོང་ཁྱེར་ཆ་ཚང་སློབ་འབྲིང་དུ་ཕེབས་ནས་དགེ་སློབ་ལས་བཟོ་དང་སློབ་གསོའི་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོའི་འཐུས་མི་དང་བཞུགས་མོལ་གནང་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་གནང་བ་རེད།
སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཚུལ་གྱི་སྙན་ཞུ་གསན་རྗེས། ཞུས་ཁྲེང་ཚང་གིས་ཚང་མ་དང་བྱམས་བརྩེའི་ངང་དགོངས་འཆར་སྤེལ་རེས་གནང་བ་དང་། ཁོང་རང་ཉིད་ཀྱི་སློབ་གསོའི་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་གནང་སྟེ་སློབ་གྲོགས་ཚོར་ཕུགས་འདུན་བཅངས་ནས་དཀའ་སྤྱད་སློབ་བརྩོན་བྱས་ཐོག་འབད་འཐབ་ཁྲོད་ལང་ཚོའི་གཟི་བྱིན་འབར་བ་དང་། ཕུགས་བསམ་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
ཞུས་ཁྲེང་ཚང་གིས་བླང་བྱ་བཏོན་དོན། སློབ་གསོའི་ལས་རིགས་ཀྱི་དོན་དངོས་ལ་གཞིགས་ནས། མ་ཡིག་ཀློག་པ་དང་རྩ་བའི་རིགས་པ་རྟོགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྙན་ཞུའི་ནང་དོན་ཇི་མ་ཇི་བཞིན་སློབ་སྦྱོང་བྱེད་དགོས་པ་དང་། ཡིག་འབྲུ་རེ་རེ་དང་ཚིག་རེ་རེ་བཞིན་ལྟ་ཀློག་བྱས་ནས། སྙན་ཞུའི་ནང་བསྟན་པའི་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པ་དང་། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་བ། སློབ་གསོ་སྔོན་ལ་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། ཀུན་སྤྱོད་དང་ཤེས་རིག གཟུགས་པོ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བཟང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་སོགས་ཀྱི་འབྲེལ་ཡོད་ནང་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཐོག ཏང་གི་སློབ་གསོའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་དགོས་པ་དང་། དམིགས་ས་ཡོད་པའི་སྒོ་ནས་དོན་འཁྱོལ་གྱི་ཇུས་གཞི་དང་བྱེད་ཐབས་གཏན་འབེབས་བཟོས་ཏེ་མི་དམངས་ཀྱི་བློ་ལ་བབ་པའི་སློབ་གསོ་ལེགས་པར་གཉེར་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནང་གཞོན་ནུ་མི་རབས་ཚོར་རེ་བ་ཆེན་པོ་བཅོལ་ཡོད་ལུགས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་དགོས་པ། ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་བཟོད་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཆགས་པ་བྱས་ནས་དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ལང་ཚོའི་འོད་ཟེར་རབ་ཏུ་འཚེར་བར་བྱེད་དགོས།
ཞུས་ཁྲེང་ཚང་གིས་བླང་བྱ་བཏོན་དོན། སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཚོགས་འདུའི་དགོངས་དོན་དེ་སློབ་གསོ་དང་སློབ་ཁྲིད་ནང་བཅུག་སྟེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དག་སློབ་གྲྭའི་ནང་ཁུལ་དང་། སློབ་ཁང་ནང་སྐྱོད་ཐུབ་པ་དང་། བསམ་བློར་ཟུག་པ་བྱེད་དགོས། ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། སློབ་སྦྱོང་གཏིང་ཟབ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དག་ཆ་ཚང་དང་། འཕྱུགས་མེད། ཁྱོན་ཡོངས་ནས་གོ་བ་ལེན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱ་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་ལེགས་པར་བྱས་ཐོག་གཞི་ཁྱོན་ལྡན་པའི་རིམས་ནད་མི་ཐོན་པའི་གཞི་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། སློབ་གསོ་སློབ་ཁྲིད་ལས་དོན་དམ་འཛིན་ཡག་པོ་བྱས་ནས་མིའི་འཚར་ལོངས་དང་འཕེལ་རྒྱས་གཏོང་རྒྱུ་ལྟེ་བར་བྱེད་པའི་སློབ་གསོའི་འདུ་ཤེས་དོན་འཁྱོལ་བྱེད་དགོས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་དགོས་པ། སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་སོ། བསོད་ནམས་བསྟན་པས་བསྒྱུར།