第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་མིག་སྔའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།
ཞུས་ཁྲེང་ཚང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རྟོག་ཞིབ་གནང་སྐབས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ལྷོད་མེད་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་ནན་བ@
དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ངེད་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འདི་ཉིད་ལྗོངས་ཡོངས་@
| 山南网首页 |
2022年11月7日 星期
3 上一篇  下一篇 4 放大 缩小 默认
ཞུས་ཁྲེང་ཚང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རྟོག་ཞིབ་གནང་སྐབས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ལྷོད་མེད་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་11པའི་ཚེས་2ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རྟོག་ཞིབ་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། གཙོ་གནད་འབུར་ཐོན་དང་། བྱ་ཐབས་ཚགས་ཚུད། འགན་འཁྲི་འཁུར་ཕོད། འགག་སྒྲོལ་དཀའ་སེལ་བཅས་ཀྱི་ཐོག་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་བཀོད་སྒྲིག་བྱེད་དགོས་པ་དང་། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ལྷོད་མེད་བྱས་ཏེ། རང་འགུལ་ངང་ཞབས་ཞུ་སྒྲུབ་པ་དང་། འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་ཉུང་དུ་བཏང་ཐོག་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་ཡོད་པ་རེད།

ཞུས་ཁྲེང་ཚང་དང་བཅས་པས་སྔ་རྗེས་སུ་སྣེ་གདོང་ཆུས་སྡོད་ཁང་སྐྱོ་ཁུལ་(གྲོང་ཁྱེར་ནང་གི་གྲོང་ཚོ)སྒྱུར་བཀོད་དང་། དྲོ་སྐྱིད་གླིང་སྡེ་ཁུལ། ཀྲོང་དབྱི་ཚོང་ལས་ཐང་ཆེན་སོགས་རྣམ་གྲངས་འཛུགས་སྐྲུན་གྱི་ས་ཡུལ་དངོས་ལ་ཕེབས་ཏེ། རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་དང་། ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཞིབ་ཕྲ་གནང་བ་མ་ཟད། ས་ཐོག་ས་གནས་སུ་ལས་ཀའི་ཁྲོད་འཕྲད་པའི་དཀའ་ཁག་གནད་དོན་ཞིབ་འཇུག་བརྒྱུད་ཐག་གཅོད་གནང་བ་རེད།

ཞུས་ཁྲེང་ཚང་གིས་བླང་བྱ་བཏོན་གནང་དོན། རྣམ་གྲངས་བསྐྲུན་འགན་འཁུར་བའི་ཚན་པས་བདེ་འཇགས་དང་སྤུས་ཚད་ཀྱི་འགག་སྒོ་ནན་སྲུང་བྱེད་པའི་རྨང་གཞིའི་འོག་ཨར་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། དུས་བཀག་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) རེ་འདུན་ཁ་གསལ་བཟོས་ནས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་དགོས་པ་དང་། ཨར་སྐྲུན་ཚན་རིག་དང་མཐུན་ཞིང་སྒྲིག་འཛུགས་འོས་ཤིང་འཚམས་པ་བྱས་ཏེ། རྣམ་གྲངས་སྔ་ཙམ་ནས་བསྐྲུན་ཚར་བ་བྱ་རྒྱུའི་འགན་ལེན་བརྒྱུད་རིམས་ནད་རྐྱེན་པས་དུས་འགྱངས་ཁ་གསབ་བྱེད་དགོས།

སན་ཤང་ལམ་ཆེན་ལྷོ་སྐྱེད་ལམ་དུམ་དང་། ཧུའུ་པེ་ལམ་ཆེན་ཕྱོགས་བསྡུས་སྦུག་ལམ། རྩེད་ཐང་ལམ་ཆེན། རི་ལིའི་བབས་ཚུགས་ཐང་ཆེན་སོགས་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ། ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། དེང་རབས་གྲོང་ཁྱེར་གྱི་འདུ་ཤེས་སྐྱེད་སྲིང་དང་གྲོང་ཁྱེར་དོ་དམ་བྱེད་པའི་ཚད་ནས་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་དང་མི་དམངས་ཀྱི་གྲོང་ཁྱེར་དམངས་ཆེད་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ཐོག བསམ་བློར་འགྱུར་ལྡོག་དང་། ཐབས་ལམ་འགྱུར་ལྡོག སྤྱོད་ཚུལ་འགྱུར་ལྡོག་བཅས་བརྒྱུད། གྲོང་ཁྱེར་གྱི་འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་དགོས། གྲོང་ཁྱེར་གྱི་བཀོད་པ་དང་རྣམ་པར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། དོ་དམ་ཕྲ་ཞིབ་ཅན་དུ་གཏོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མི་སྣ་གཙོ་བོར་བྱས་པའི་གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། ཁྲོམ་རས་ཐོན་ཁུངས་ལེགས་སྒྲིག་བྱེད་པའི་ཁྲོད་ཐོན་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ལ་སྲིད་གཞུང་གི་ཧུར་བརྩོན་རང་བཞིན་གྱི་ནུས་པའང་འདོན་སྤེལ་བྱེད་དགོས། ཁྲོམ་རའི་དཔལ་འབྱོར་གྱི་འཁོར་རྒྱུག་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། ཁྲོམ་རའི་དཔལ་འབྱོར་གྱི་འཁོར་རྒྱུག་ཆོས་ཉིད་ལ་བསྟུན་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་སྟེ། ལེ་ལག་ཚང་བའི་སྒྲིག་བཀོད་གཞི་གཅིག་ཅན་དང་སྔོ་འགྱུར་མཛེས་འགྱུར་སོགས་ཀྱི་ལས་དོན་ཁག་སྐུལ་སྤེལ་གཏོངདགོས། འཆར་འགོད་ལས་དོན་སྔོན་ནས་ཡག་པོ་སྒྲུབ་སྟེ། གློག་ཤུགས་དང་འཕྲིན་གཏོང་སོགས་ཀྱི་འབྲེལ་ཡོད་ཚན་པ་དང་འབྲེལ་མཐུད་ལས་ཀ་སྔོན་ནས་སྒྲུབ་ནས་སྔ་ཙམ་ནས་གློག་སྐུད་དང་འོད་སྐུད་ས་འོག་སྒྲིག་སྦྱོར་གྱི་གྲ་སྒྲིག་ལས་དོན་སྤེལ་དགོས།

དེ་རྗེས། ཞུས་ཁྲེང་ཚང་གིས་གཙོ་གནད་རྣམ་གྲངས་འགན་འཁུར་བློ་མཐུན་ཚོ་དང་བཞུགས་མོལ་གནང་སྟེ། རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་དང་མིག་སྔར་འཕྲད་པའི་དཀའ་ཁག་གནད་དོན་རེ་རེ་བཞིན་ལ་རྒྱུས་མངའ་གནང་བ་མ་ཟད། ས་གནས་ས་ཐོག་ཏུ་འབྲེལ་ཡོད་ཚན་པ་དང་མཉམ་དུ་ཐག་གཅོད་ཀྱི་ཇུས་གཞི་བཏོན་གནང་བ་རེད། ཁོང་གིས་བླང་བྱ་བཏོན་གནང་དོན། འགན་ནུས་ཚན་པས་སོ་སོའི་འགན་འཁྲིར་གཞིགས་ནས་ལས་བགོས་ཡག་པོ་བརྒྱབ་སྟེ། ཨར་སྐྲུན་ཚན་པ་དང་ཁེ་ལས་ཚོས་བཏོན་པའི་གནད་དོན་དག་རིགས་དབྱེ་ལེགས་སྒྲིག་དང་། རང་འགུལ་མཐུན་སྦྱོར། དོན་འཁྱོལ་དམ་འཛིན་བཅས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་བདེ་བླག་ངང་སྤེལ་རྒྱུར་འགན་སྲུང་སྲ་ཞིང་བརྟན་པ་མཁོ་འདོན་བྱེད་དགོས།

ཞུས་ཁྲེང་ཚང་གིས་གྲོང་ཨུད་ཀྱི་ཚབ་ཞུས་ཏེ་ལྷོ་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེལ་འབུལ་མཁན་གྱི་རྒྱ་ཆེའི་ཁེ་ལས་དང་རྣམ་གྲངས་འཛུགས་སྐྲུན་ཕྱོགས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་རྒྱ་ཆེའི་ཁེ་ལས་བཅས་ཀྱིས་ཡིད་ཆེས་བརྟན་གཏོང་དང་། མཐུན་སྒྲིལ་འབད་འཐབ། སེམས་ནུས་གཅིག་སྒྲིལ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ཚན་པ་ཁག་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རང་འགུལ་ངང་དཀའ་ཁག་གནད་དོན་སེལ་རོགས་བྱས་པའི་ཁར། ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ཀྱི་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་ནས་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ངན་པ་ཉུང་དུ་གཏོང་དགོས། སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་སྟེ། ལས་ཡུལ་དུ་བསྐྱོད་ནས་ཁེ་ལས་ཀྱི་དོན་དངོས་གནས་ཚུལ་ལ་རྒྱུས་མངའ་བྱས་ནས་དངུལ་རྩའི་ཞབས་ཞུ་དང་དངོས་ཟོག་སྐྱེལ་འདྲེན། རྒྱུ་ཆ་དབོར་འདྲེན། ལས་མི་བཀོལ་སྐྱོད་སོགས་ཀྱི་ཐད་ཞབས་ཞུའི་འགན་སྲུང་གནད་ལ་སྨིན་པ་མཁོ་འདོན་བྱེད་དགོས། ལོ་ཧྲིལ་པོའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་དཀའ་ཁག་ཐམས་ཅད་ཁྱད་དུ་བསད་ནས་རྣམ་གྲངས་འཛུཊ་སྐྲུན་གྱི་མྱུར་ཚད་ལ་སྐུལ་འདེད་གཏོང་དགོས།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཚེ་རིང་ཕུན་ཚོགས་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཡང་ཁྲང་། གྲོང་སྤྱི་གཞོན་པ། སྣེ་གདོང་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཝེ་བཅས་ཀྱིས་རྟོག་ཞིབ་ནང་མཉམ་དུ་ཞུགས་པ་རེད།

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:党建
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་མིག་སྔའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།
ཞུས་ཁྲེང་ཚང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རྟོག་ཞིབ་གནང་སྐབས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ལྷོད་མེད་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་ནན་བ@
དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ངེད་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འདི་ཉིད་ལྗོངས་ཡོངས་@