འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11པའི་ཚེས་1ཉིན། གྲོང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུ་རྩེད་ཐང་དུ་བསྐོང་འཚོགས་བྱས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་ཚོགས་འདུར་ཕེབས་ཡོད་པ་མ་ཟད་གསུང་བཤད་གནང་བ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཚེ་རིང་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏེ་ཝུན་གྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། དུས་རབས་གསར་པའི་ལྷོ་ཁའི་མི་དམངས་འཐུས་ཚོགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་བསམ་འཆར་ཡིག་ཆ་གསལ་བཤད་གནང་བ་མ་ཟད། མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།
གྲོང་ཁྱེར་འགོ་ཁྲིད་བག་གྲོ་དང་། ཡང་ཁྲང་། ཉི་མ་བསྟན་འཛིན། ཧྲན་ཆང་། ཝང་ཡུན་ཆིང་སོཊ་(པར་ངོས་གསུམ་པར་གཟིགས)
(པར་ངོས་དང་པོར་མཐུད) ཚོགས་འདུར་ཕེབས་ཡོད་པ་རེད།
ཞུས་ཁྲེང་ཚང་གིས་བླང་བྱ་བཏོན་གནང་དོན། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་འཐུས་ཚང་དང་རྒྱུན་འཁྱོངས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པས་མི་དམངས་འཐུས་ཚོགས་ལས་དོན་ལ་སྤྲད་པའི་བརྗིད་ཆེའི་འགན་ནུས་ཕྲག་ཐོག་ཏུ་ཡག་པོ་འཁུར་ཐོག མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ལག་བསྟར་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ལམ་ལུགས་ཀྱི་ལེགས་ཆ་དེ་ཉིད་སྔར་བས་ཡག་པའི་སྒོ་ནས་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བ་བྱེད་དགོས།
ཞུས་ཁྲེང་ཚང་གིས་བླང་བྱ་བཏོན་གནང་དོན། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་བྱས་ཏེ་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་བྱེད་དགོས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་ལྟ་སྐུལ་འགན་ནུས་དོན་འཁྱོལ་སྒོ་ཀུན་ནས་བྱས་ཏེ། བརྒྱུད་རིམ་ཚང་བའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཟམ་མི་ཆད་པ་བཏང་ནས་མི་དམངས་འཐུས་ཚོགས་འཐུས་མིའི་བྱེད་པོའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཐོག་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་ལེགས་སྒྲུབ་ཐུབ་ཕྱིར་བྱས་རྗེས་ཧུར་ཐག་འཇོག་དགོས། ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགོངས་པ་རྒྱུན་འཁྱོངས་སྒོ་ནས་སྤྱད་དེ་སེམས་ནུས་གཅིག་ཏུ་སྒྲིལ་ཐོག ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱེད་དགོས་པ་དང་། མི་དམངས་འཐུས་ཚོགས་ཀྱི་ཏང་རྩ་འཛུགས་ནུས་པ་འདོན་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་རིམ་ཁག་མི་དམངས་འཐུས་ཚོགས་དང་དེ་བཞིན་རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་ཏང་གིས་མི་དམངས་ལ་སྣེ་ཁྲིད་ནས་ཁྲིམས་བཞིན་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་ལ་འགན་ལེན་བྱེད་དགོས།
ཚེ་རིང་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བླང་བྱ་བཏོན་གནང་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པས་ཚོགས་འདུའི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལེགས་ཆ་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་སྤེལ་གཏོང་བའི་ཕན་འབྲས་དངོས་སུ་འགྱུར་བ་བྱེད་དགོས།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་རྣམ་པའི་ཐོག་ནས་བསྐོང་འཚོག་བྱས་ཤིང་། རྩེད་ཐང་དུ་ཚོགས་ར་གཙོ་བ་དང་རྫོང་ངམ་ཆུས་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད། གྲོང་ཨུད་རྒྱུན་ཨུ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། གྲོང་ཁྱེར་(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ། ལྷོ་ཁར་བཅའ་སྡོད་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་འཐུས་མི། གྲོང་ཁྱེར་སྐབས་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། གྲོང་ཁྱེར་མི་དམངས་འཐུས་ཚོགས་འཐུས་མི་འགའ་ཤས་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་ཙུའུ་ཚན་ཁག་ཁོངས་མི། ཆེད་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་རྒན་གཞོན་སོགས་ཚོགས་ར་གཙོ་བོར་ཞུགས་ཡོད་པ་རེད། བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།