མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས། ཀྲུང་གོའི་ཇོ་མོ་གླང་མར་འཛེགས་པའི་བརྒྱུད་རིམ་ཧྲིལ་པོ་འཁོད་པའི་གློག་བརྙན《ཇོ་མོ་གླང་མའི་རུ་དཔོན》ཞེས་པ་གོ་ལ་ཧྲིལ་པོར་ཐོག་མར་སྟོན་པའི་འགོ་འཛུགས་མཛད་སྒོ་ཁྲེང་ཏུར་གཉེར་བ་རེད།
《ཇོ་མོ་གླང་མའི་རུ་དཔོན》ཞེས་པའི་གློག་བརྙན་གྱི་རི་མཐོའི་པར་ལེན་མཁས་ཅན་བདུན་ནི་ཁྲོན་བོད་རུ་ཁག་གི་རི་མཐོའི་ལམ་སྟོན་ཚོཌ་པ་ནས་རེད། ལོ་མང་རིང་ཚོཌ་པ་དེས་རི་འཛེཌ་ཀྱི་ཞབས་ཞུ་ལེཌ་པོ་སྒྲུབ་པ་དང་དུས་མཚུངས། རི་མཐོའི་པར་ལེན་ལག་རྩལ་སློབ་སྦྱོང་བྱས་ཡོད། 《ཇོ་མོ་གླང་མའི་རུ་དཔོན》ཞེས་པའི་པར་ལེན་བརྒྱུད་རིམ་ནང་ས་བབ་མཐོ་ཚད་སྨི་8470.2ཟིན་པའི་སར་མི་མེད་གནམ་གྲུའི་པར་ལེན་བྱས་ཡོད་ཅིང་། དེ་ནི་མིག་སྔར་ས་བབ་མཐོ་ཤོས་སུ་མི་མེད་གནམ་གྲུ་སྤྱད་དེ་པར་ལེན་བྱས་པའི་གློག་བརྙན་ཞིག་རེད།