第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཞུས་ཁྲེང་ཚང་གིས་ལྷུན་རྩེ་རྫོང་དང་མཚོ་སྣ་རྫོང་དུ་རྟོག་ཞིབ་གནང་བ།
གྲོང་ཁྱེར་སྲིད་གཞུང་གིས་ཨན་ནེང་ཚོགས་པ་ལས་གྲྭ་ཅུད་ཨང་གསུམ་པ་ཚད་ཡོད་ཀུང་སི་དང་བཞུགས་མོལ་འཚོགས་པ།
ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས།
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་བསྐོང་འཚོགས་གནང་བ།
| 山南网首页 |
2022年6月24日 星期
3 上一篇  下一篇 4 放大 缩小 默认
ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས།
དོན་ཆེན་བཞི་ལ་དམ་འཛིན་གྱིས་འཛུགས་གཏོད་བཞིར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་གླེང་ཐེངས་བཞི་པ།
 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་བདུན་པའི་ཐོག་ ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་བྱས་ནས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་།རི་ཆུ་ཀླུང་གསུམ་བཅས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས་ཞེས་ནན་བཤད་གནང་ཡོད།

བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ནས་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་། སྐྱེ་འགྲོ་ཀུན་ལ་ཕན་པ་བྱེད་དགོས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས་ཞེས་བཏོན་ཡོད།དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་གངས་ལྗོངས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་ཐུན་མོང་གི་བསམ་འདུན་ཞིག་ཡིན།གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པས་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་དང་ལེན་ཞུས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ལྗོངས་ཡོངས་ཀྱི་(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) མདུན་གྲལ་དུ་སྐྱོད་དགོས་ཞེས་བཏོན་པ་དེའི་ཐོག་ནས་གྲོང་ཨུད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་མཚོན་ཡོད།

བོད་ནི་མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོ་དང་། འཛམ་གླིང་ཡང་རྩེ། ཨེ་ཤེ་ཡའི་ཆུ་སྤེ། ས་གོ་ལའི་གླིང་སྣེ་གསུམ་པ་བཅས་ཀྱི་ལྟེ་བའི་ཁུལ་ཞིག་ཡིན་པས་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་དང་། ཨེ་ཤེ་ཡ་ལྷོ་མ་དང་དེ་བཞིན་མཐའ་འཁོར་རྒྱལ་ཁབ་ཀྱི་སྐྱེ་ཁམས་དོ་སྙོམས། གནམ་གཤིས་མ་ལག་བརྟན་པོ་བཅས་ཡོང་རྒྱུར་སྲུང་ཡོལ་གྱི་ནུས་པ་གལ་ཆེན་ལྡན་ཡོད།ལྷོ་ཁ་ནི་བོད་ཀྱི་ལྷོ་རྒྱུད་དང་གངས་ཏི་སི་རི་བོ་ནས་གཉན་ཆེན་ཐང་ལྷའི་ལྷོ་ངོས་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཁུལ་དུ་གནས་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྐྲུན་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་འདི་ཉིད་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། ཆབ་སྲིད་ཀྱི་ཚུགས་ཤུགས་མཐའ་འཁྱོངས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་བསམ་བློའི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།ཏང་གི་ཚོགས་ཆེན་བཅོ་བརྒྱད་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་ལ་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་གྲུབ་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་མཐོང་ཆེན་ཚད་མཐོན་པོ་གནང་ནས་མཛུབ་སྟོན་གལ་ཆེན་མང་དག་གནང་ཡོད་པ་དང་། ང་ཚོར་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་རྐང་གཅིག་དང་རི་ཆུར་སྲུང་སྐྱོང་ཡག་པོ་བྱས་ཐོག་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་ཞིག་ཡིན་ཞེས་ནན་བཤད་གནང་ཡོད། མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕུན་སུམ་ཚོགས་སུ་ཕྱིན་ནས་ང་ཚོས་དུས་རབས་གསར་པའི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བསམ་བློའི་ཁྲིད་སྟོན་དང་། རྩ་བའི་གཞི་འཛིན་ས། ལག་ལེན་གྱི་སྒུལ་ཤུགས་བཅས་མཁོ་འདོན་བྱས་ཡོད། རིམ་ཁག་ཚན་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཏན་འཁེལ་གཉིས་སྲུང་སྐྱོབ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཡིན་པའི་ངོས་ནས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ། སྤྱི་ཡོངས་གཉིས་ཀྱི་བློ་རྒྱ་ཆེ་རུ་གཏོང་བ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་གོ་བ་ཟབ་ལོན་དང་ཁོང་དུ་ཆུད་པ་བྱེད་དགོས་པ། ཏང་དང་རྒྱལ་ཁབ་བྱ་གཞག་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་བསྐྱར་དར་རླབས་པོ་ཆེའི་མཐོ་ཚད་ཐོག་ལངས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

འབྲེལ་བ་བཞི་སྟངས་འཛིན་འཕྱུགས་མེད་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྐྲུན་པའི་ལག་ལེན་གྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་དང་འཕེལ་རྒྱས་བདེ་འཇགས་ཀྱི་འབྲེལ་བ་ངེས་པར་དུ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་རང་རྟོགས་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁྱོན་ཡོངས་ནང་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱེད་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་བཞག་ནས་བསམ་གཞིག་བྱེད་པ། སྐུལ་འདེད་གཏོང་བ། སྐྱེ་ཁམས་བདེ་འཇགས་ཀྱི་དམར་ཐིག་དེ་སྟངས་འཛིན་ནན་པོ་བྱེད་པ། སྐྱེ་ཁམས་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས།དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱས་ནས་དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་ཁྲོད་དེ་བས་ལེགས་པའི་འཕེལ་རྒྱས་ཡོང་བ་བྱས་ནས་སྐྱེ་ཁམས་ལེགས་པ་དང་། ལྗང་མདོག་ཐཱན་ཉུང་། ས་མཐོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ས་མཐོའི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཡོད་པས་མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་བར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་པ་དང་། དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱ་རྒྱུ་གཙོ་གནད་ཐོག་བཞག་སྟེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྤྱི་ཚོགས་འཛུགས་སྐྲུན་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་བཟང་བའི་ཕྱོགས་སུ་འཁོར་སྐྱོད་བྱེད་པའི་ཁྲོད་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་གོང་སྤེལ་བར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ལ་རི་སྔོན་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག གངས་འཁྱགས་ཀྱིས་བསྡམ་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་འཛུགས་རྒྱུའི་ཁྲིད་སྟོན་བྱས་ཏེ། རང་ཉིད་འཚོ་གནས་བྱེད་སའི་སྐྱེ་ཁམས་ཁོར་ཡུག་གི་བབ་ཆགས་འདུ་ཤེས་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་བསྒྱུར་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྐྲུན་པའི་བྱ་སྤྱོད་ཀྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་ནང་མཉམ་འདྲེས་ཐུབ་པ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་འཛུགས་སྐྲུན་རྣམ་གྲངས་འཆར་འགོད་བྱེད་སྐབས་སྐྱེ་ཁམས་ཁོར་ཡུག་ལ་མི་གནོད་པའི་རྩ་དོན་ལྟར་ལྗང་མདོག་ཐོན་སྐྱེད་འཚོ་བ་སྐྱེལ་སྟངས་དར་སྤེལ་ཧུར་ཐག་བཏང་སྟེ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་རྣམ་པ་གསར་པ་ཞིག་གཏོད་དགོས། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཇུས་གཞི། ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་གཏོད་ཀྱི་རྟེན་གཞི་བསྐྲུན་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ། གྲོང་ཁྱེར་དང་གྲོང་རྡལ་གྱི་མཐའ་ཁུལ་གསར་སྤེལ་བཅས་ཀྱི་ཚོད་འཛིན་ཐིག་གསུམ་བཟོས་ཏེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་བར་མཐོངས་རྣམ་པ་ཞིག་མགྱོགས་མྱུར་ཆགས་པ་བྱེད་དགོས། ཁྱོན་ཡོངས་ནས་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ནས་ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་ལྷོ་ཁའི་དུམ་བུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྣམ་གྲངས་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྐྱོང་གཙོ་གནད་དུ་བྱས་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལེ་དབར་བརྒྱ་ཡི་སྐྱེ་ཁམས་བར་ཁྱམས་ཧུར་ཐག་བཏོད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་གཙོ་བོར་བྱས་ཐོག་ཧི་མ་ལ་ཡའི་བྱང་རྒྱུད་ཀྱི་སྐྱེ་ཁམས་བར་ཁྱམས་ཧུར་ཐག་བསྐྲུན་ཏེ་རི་ཆུ་ནགས་ཞིང་མཚེའུ་འཁྱགས་རོམ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ནམ་མཁའ་སྔོན་པོ་དང་། ཆུ་མོ་དྭངས་གཙང་། ས་གཞི་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་དགོས། རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་ལ་བརྩི་སྲུང་དང་ཞབས་འདེགས་ཞུས་ནས་ཧུར་བརྩོན་ཆེན་པོས་བྱས་རྗེས་བཞག་སྟེ་ཐཱན་རྩེར་སོན་དང་ཐཱན་སྙོམས་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

མིག་སྔར། མི་དམངས་ཀྱི་འཚོ་བའི་དགོས་མཁོ་དེ་འཚོ་གནས་ཁོར་ཡུག་ལེགས་སུ་གཏོང་བ་ནས་སྐྱེ་ཁམས་འཕེལ་རྒྱས་དོན་གཉེར་བྱེད་པའི་བར་དང་དེ་བས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་དང་དེ་བས་ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལོངས་སྤྱོད་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། སྔོན་ལ་སྲུང་སྐྱོང་དང་སྔོན་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་ཞིང་འབྲོག་དང་། དྭངས་གཙང་ནུས་རྒྱུ། རིག་གནས་ཡུལ་སྐོར་བཅས་གཙོ་བོར་བྱེད་པའི་ལྗང་མདོག་ཐོན་ལས་མ་ལག་བཙུགས་ནས་རི་སྔོན་ཆུ་དྭངས་དང་གངས་འཁྱགས་ཀྱིས་བསྡམ་པའི་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་འདོན་སྤེལ་ཐུབ་པ་བྱེད་དགོས།བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཁོངས་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་བྱ་སྤྱོད་སྤེལ་བ་དང་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གད་སྙིགས་རིགས་དབྱེ་དང་། བཙོག་ཆུ་གཙང་སེལ། གསང་སྤྱོད་གསར་བརྗེ། གྲོང་ཁྱེར་གྱི་རྣམ་པ་དང་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ། ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་གཙོ་གནད་དུ་བྱས་ཏེ་མཛེས་སྡུག་ལྡན་ཅིང་གནས་སྡོད་ལ་འཚམ་པའི་དཔེ་སྟོན་གྱི་གྲོང་གསེབ་གཏོད་དགོས།སྐྱེ་ཁམས་དམངས་ཕྱུག་ལས་གཞི་རྒྱུན་མཐུད་ལག་བསྟར་དང་ཐོན་ལས་ལེགས་འགྱུར་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྐྱེ་ཁམས་གུན་གསབ་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས་ཟུང་འབྲེལ་དང་ཕྱོགས་གང་ཅིའི་ཐད་ཀྱི་ཧུར་སེམས་སྐུལ་སློང་སྔར་ལས་ལེགས་པར་བྱས་ཐོག་སྐྱེ་ཁམས་འཛུགས་སྐྱོང་དང་སྲུང་སྐྱོང་ནང་ཞུགས་པའི་ཁྲོད་མང་ཚོགས་ལ་སྐྱེ་ཁམས་ཀྱི་འཚོ་བ་སྐྱེལ་དུ་འཇུག་པ་དང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་དེ་སྐྱེ་ཁམས་བཟང་པོ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་བྱེད་པའི་འཁོར་སྐྱོད་ཀྱི་ཕུགས་ཕན་ལམ་སྲོལ་ཞིག་ཆགས་པ་བྱས་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱས་ཏེ་རི་སྔོན་ཆུ་དྭངས་དང་གངས་འཁྱགས་ཀྱིས་བསྡམ་པ་དེ་གསེར་རི་དངུལ་རིའི་རིན་ཐང་དུ་འགྱུར་བ་བྱས་ནས་མང་ཚོགས་ཕྱུག་འགྱུར་དང་སྐྱེ་ཁམས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས།

སྐྱེ་ཁམས་ཤེས་དཔལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས་པ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་བྱས་ནས་ཁོར་ཡུག་བཅོས་སྐྱོང་གི་འགོ་ཁྲིད་འགན་འཁྲིའི་མ་ལག་དང་། ཁེ་ལས་ཀྱི་འགན་འཁྲིའི་མ་ལག དམངས་ཡོངས་ཀྱི་བྱ་སྤྱོད་མ་ལག ལྟ་སྐུལ་དོ་དམ་མ་ལག ཁྲོམ་རའི་མ་ལག ཡིད་རྟོན་མ་ལག་བཅས་འཛུགས་པ་དང་འཐུས་ཚང་དུ་བཏང་ཐོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ལ་གདེང་འཇོག་བྱེད་པའི་འགྱུར་མེད་ཀྱི་ཚད་གཞིར་བརྩིས་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་དགོས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་སུ་ཚན་རིག་ལག་རྩལ་བཀོལ་སྤྱོད་བྱེད་པར་མཐོང་ཆེན། ཤེས་ལྡན་མི་སྣའི་ཐོན་ཁུངས་གཅིག་གྱུར་གྱིས་འཆར་འགོད་དང་སྡེབ་སྒྲིག ཤེས་ལྡན་མི་སྣའི་འདེགས་སྐྱོར་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བྱས་ཏེ། འཇོན་ཐང་ཆེ་བ་དང་། ཆེད་ལས་མཁས་པ། སྤྱོད་ཚུལ་བཟང་བ། འགན་འཁུར་ ཕོད་པ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ངར་ལྕགས་སྲུང་དམག་ཅིག་འཛུགས་རྒྱུར་ཤུགས་རྒྱག་དགོས།

སྔོ་ལྗང་རི་ཀླུང་ལེགས་པར་བསྐྱངས་གྱུར་ན། སྐྱེ་འགྲོ་ཀུན་ལ་འཚོ་གནས་དྲིན་གསོ་བྱེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ཁྲིད་སྟོན་འོག་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་རྒྱུར་བརྟན་ཐོག་ཇི་སྲིད་བར་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འདི་ཉིད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་ལེགས་སྐྱེས་གང་ཡོད་འབུལ་ཐུབ་པ་བྱེད་དགོས་སོ།

ཡེ་ཤེས་བཟང་མོས་བསྒྱུར།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
ཞུས་ཁྲེང་ཚང་གིས་ལྷུན་རྩེ་རྫོང་དང་མཚོ་སྣ་རྫོང་དུ་རྟོག་ཞིབ་གནང་བ།
གྲོང་ཁྱེར་སྲིད་གཞུང་གིས་ཨན་ནེང་ཚོགས་པ་ལས་གྲྭ་ཅུད་ཨང་གསུམ་པ་ཚད་ཡོད་ཀུང་སི་དང་བཞུགས་མོལ་འཚོགས་པ།
ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས།
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་བསྐོང་འཚོགས་གནང་བ།