第04版:国内新闻 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2022ལོའི“ཁྱིམ་ཚང་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ།
མེ་ལོང་
རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་རྣམ་པའི་གྲོང་ཁྱེར་130བསྐྲུན་པ།
↑འདི་ནི་ཟླ་5ཚེས་14ཉིན་C919རྟགས་ཅན་གྱི་གནམ་གྲུ་ཆེན་པོ་འཕུར་སྐྱོད་ཚོད་ལྟ་བྱེད་པའི་གནས་ཚུལ་ཡིན་པ།
རང་རྒྱལ་གྱིས་ལས་ཤོར་མི་སྣར་རོགས་སྐྱོར་བྱེད་ཤུགས་དང་ཁ་གསབ་སྤྲོད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ།
པེ་ཅིང་གི་ཆུས་12སུ་མུ་མཐུད་ཉིང་སྐྱུར་བརྟག་དཔྱད་བྱེད་བཞིན་པ།
| 山南网首页 |
2022年5月23日 星期
3 上一篇  下一篇 4 放大 缩小 默认
རང་རྒྱལ་གྱིས་ལས་ཤོར་མི་སྣར་རོགས་སྐྱོར་བྱེད་ཤུགས་དང་ཁ་གསབ་སྤྲོད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ།
 

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ལས་ཤོར་འགན་བཅོལ་དངུལ་དང་། ཚབ་འཇལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དངུལ། རིན་གོང་སྐབས་འཕྲལ་ཁ་གསབ་སོཌ་རྒྱུན་གཏན་གྱི་ལས་ཤོར་མི་སྣར་འཚོ་བའི་ཐོབ་ཐང་སྤྲོད་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། རང་རྒྱལ་གྱིས་ལས་ཤོར་འགན་བཅོལ་འགན་ལེན་གྱི་དུས་མཚམས་རང་བཞིན་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུའི་སྲིད་ཇུས་སླར་ཡང་ལོ་གཅིག་རྒྱུན་མཐུད་ལག་བསྟར་བྱེད་རྒྱུ་མ་ཟད། ལས་ཤོར་འགན་བཅོལ་དངུལ་གྱི་ཚད་གཞི་དེ་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་90%བར་མཐོ་རུ་གཏོང་རྒྱུ་རེད།

མི་སྤྱི་པུའུ་ལས་ཤོར་འགན་བཅོལ་སིའི་སི་ཀྲང་ཀུའེ་ཀྲེན་གྱིས་བརྡ་གཏོང་ཚོཌ་འདུའི་ཐོག འགན་བཅོལ་ལ་ཞུཌ་ནས་ལོ་གཅིག་སོང་བ་མ་ཟད། རང་ཉིད་ཀྱི་འདོད་མོས་མིན་པར་ལས་ཞུཌ་མཚམས་ཆད་པའི་ལས་ཤོར་མི་སྣར་ལས་ཤོར་འགན་བཅོལ་དངུལ་སྤྲོད་རྒྱུ་དང་། ལས་ཤོར་འགན་བཅོལ་དངུལ་ལེན་ཡུན་ཐིམ་ཞིང་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ཞུ་བའི་ལོ་ཚད་ཟིན་པར་ད་དུང་ལོ་གཅིག་ཡོད་པའི་ལོ་ན་མཐོ་བའི་ལས་ཤོར་མི་སྣར་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ཞུ་བའི་ལོ་ཚད་མ་ཟིན་པའི་བར་མུ་མཐུད་ལས་ཤོར་འགན་བཅོལ་དངུལ་སྤྲོད་རྒྱུ། འགན་བཅོལ་ལ་ཞུཌ་ནས་ལོ་གཅིག་སོང་བའི་ལས་ཤོར་ཞིང་པ་ལས་མིར་སྤྲོད་ཐེངས་གཅིག་གི་འཚོ་བའི་ཁ་གསབ་སྤྲོད་རྒྱུ་བཅས་རེད།ལས་ཤོར་འགན་བཅོལ་དངུལ་ལེན་པའི་དུས་ཡུན་ཐིམ་ཡང་ད་དུང་ལས་ཞུགས་ཐུབ་མེད་པའི་ལས་ཤོར་མི་སྣ་དང་ལས་ཤོར་འགན་བཅོལ་དངུལ་ལེན་པའི་ཆ་རྐྱེན་དང་མི་མཐུན་པའི་འགན་བཅོལ་ལ་ཞུགས་པའི་ལས་ཤོར་མི་སྣར་ལས་ཤོར་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་། འགན་བཅོལ་ལ་ཞུགས་ནས་ལོ་གཅིག་མ་སོང་བའི་ལས་ཤོར་ཞིང་པ་ལས་མིར་སྐབས་འཕྲལ་འཚོ་བའི་ཁ་གསབ་སྤྲོད་རྒྱུ་རེད། མི་སྤྱི་པུས་གོམ་སྟབས་རྗེས་མར་སྒྲུབ་གཉེར་བྱེད་སྟངས་གསར་པ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ལས་ཤོར་མི་སྣར་དེ་བས་སྟབས་བདེའི་ལས་ཤོར་འགན་བཅོལ་ཐོབ་ཆ་ལེན་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡིན་ཞེས་ཀུའེ་ཀྲེན་གྱིས་བཤད།

གཅིག་ནི་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པར་ལེན་ཆོག་པ་དང་། དྲ་ཐོག་ནས་སྒྲུབ་གཉེར་བྱེད་པ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་ལས་ཤོར་མི་སྣས་རྒྱལ་ཁབ་ཀྱི་སྤྱི་ཚོཌ་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེཌ་ཀྱི་རྒྱལ་ཡོངས་གཅིག་གྱུར་ཞེས་པའི་འཇུག་སྒོར་འཛུལ་ནས་རེ་འདུན་ཞུ་ཆོག་པའམ་ཡང་ན་གློག་རྡུལ་སྤྱི་ཚོཌ་འགན་བཅོལ་གཱ་དང་སྦར་མཐིལ་12333སོཌ་མི་སྤྱི་པུའི་གཞུང་ཕྱོཌ་ཐབས་ལམ་བརྒྱུད་རེ་འདུན་ཞུ་ཆོག་པ་མ་ཟད། ས་གནས་ཁག་གི་མི་སྤྱི་སྡེ་ཚན་གྱི་དྲ་ཚིགས་དང་སྤྱི་རྟཌ་ནས་རེ་འདུན་ཞུ་ཆོག་གི་ཡོད།

གཉིས་ནི“ལག་ཁྱེར་མི་དགོས་པར་གཉེར་ཆོག་པ” ངོ་སྤྲོད་ཡི་གེ་དང་། རེ་ཞུའི་དུས་བཀག བསྡམས་བསྐྱིག་ཆ་རྐྱེན། ཟུར་སྣོན་འོས་འགན་བཅས་ཕྱོཌ་ཡོངས་ནས་མེད་པར་བཟོས་པས་ལས་ཤོར་མི་སྣས་ལས་ཤོར་ངོ་སྤྲོད་ཡི་གེ་མཁོ་འདོན་བྱེད་མི་དགོས་པ་དང་། མི་སྒེར་གྱི་ཡིག་ཚགས་སྤོ་སྒྱུར་བྱེད་མི་དགོས་པ། ས་གནས་ས་ཐོག་ཏུ་འབྱོར་ཐོ་འགོད་མི་དགོས་པར་ཐོབ་ཐང་ལག་ཁྱེར་རམ་ཡང་ན་སྤྱི་ཚོཌ་འགན་བཅོལ་གཱ་ཁོ་ན་སྤྱད་དེ་རེ་འདུན་ཞུ་ཆོག་གི་ཡོད།

གསུམ་ནི་ཐོ་འགོད་མི་དགོས་པར་འཕྲལ་མར་སྤྲོད་པ་རེ་ཞུའི་ལྷུ་ཚིཌ་ལེཌ་སུ་བཏང་བ་སྟེ། ལས་ཤོར་མི་སྣས་ལས་ཤོར་འགན་བཅོལ་དངུལ་རེ་འདུན་ཞུ་སྐབས་སྔོན་ལ་སྤྲོད་པ་དང་རྗེས་སུ་ལས་ཤོར་ཐོ་འགོད་བྱ་ཆོག་པ་དང་ལས་ཤོར་ཁ་གསབ་དངུལ་རེ་འདུན་ཞུ་བར་ལས་ཤོར་ཐོ་འགོད་བྱེད་དགོས་ཀྱི་མེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:国内新闻
ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2022ལོའི“ཁྱིམ་ཚང་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ།
མེ་ལོང་
རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་རྣམ་པའི་གྲོང་ཁྱེར་130བསྐྲུན་པ།
↑འདི་ནི་ཟླ་5ཚེས་14ཉིན་C919རྟགས་ཅན་གྱི་གནམ་གྲུ་ཆེན་པོ་འཕུར་སྐྱོད་ཚོད་ལྟ་བྱེད་པའི་གནས་ཚུལ་ཡིན་པ།
རང་རྒྱལ་གྱིས་ལས་ཤོར་མི་སྣར་རོགས་སྐྱོར་བྱེད་ཤུགས་དང་ཁ་གསབ་སྤྲོད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ།
པེ་ཅིང་གི་ཆུས་12སུ་མུ་མཐུད་ཉིང་སྐྱུར་བརྟག་དཔྱད་བྱེད་བཞིན་པ།