第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2022年5月23日 星期
3 上一篇 放大 缩小 默认
ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་སེམས།
 

“ལམ་ལུགས་གཅིག་དང་སྟོབས་ཤུགས་གཅིག་ཡར་ཐོན་ཡིན་ནམ་ཡང་ན་ལོག་སྤྱོད་ཡིན་ལུགས་གདེང་འཇོག་བྱེད་པར་གཙོ་བོ་ནི་དེས་ལོ་རྒྱུས་དང་རིག་གནས་ལ་འཛིན་པའི་རྣམ་འགྱུར་ལ་ལྟ་དགོས”

བགྲང་བྱ་2800ལྷག་ཙམ་འདས་ཟིན་པའི་ཕིང་ཡའོ་གནའ་གྲོང་དུ་2022ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་རོལ་དུ་སྐུ་མགྲོན་ཞིག་ཕེབས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིང་ཤུན་རྒྱལ་སྒོའི་མདུན་དུ་ཕེབས་ཊོ་ལས་བབས་གནང་རྗེས་ཞབས་ཐང་མར་ཕེབས་ནས་ཕིང་ཡའོ་གནའ་གྲོང་གི་ལོ་རྒྱུས་མྱོང་རོལ་གནང་། མཁར་གྱང་ཐོག་འཛེགས་ནས་དེ་གའི་རྣམ་པ་ཧྲིལ་པོར་གཟིགས་པ་དང་ཕིང་ཡའོ་རྫོང་དུ་གནའ་གྲོང་གི་ལོ་རྒྱུས་འཕེལ་རིམ་ལ་སོགས་མཁྱེན་རྟོགས་གནང་། ཁོང་གིས“ལོ་རྒྱུས་ལ་གུས་བཀུར་དང་། རིག་གནས་ལ་གུས་བཀུར། སྐྱེ་ཁམས་ལ་གུས་བཀུར་བཅས་བྱེད་དགོས”ཞེས་སེམས་བཟང་ཚིག་ནན་ངང་གསུངས།

ཟླ་གཅིག་ལྷག་ཙམ་གྱི་གོང་ལོ་གསར་པའི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་བཀོད་སྒྲིག་བྱེད་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གུས་བཀུར”དེ་གསུམ་ལ་བརྟེན་ནས་ཚོགས་འདུར་ཞུགས་མཁན་བློ་མཐུན་ལ་བསླབ་བྱ་གནང་བ་སྟེ། “འགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ནུས་ཆེ་རུ་གཏོང་བར་དཔལ་འབྱོར་རིག་པའི་ཤེས་བྱ་དང་ཚན་རིག་ཤེས་བྱ་ཕྲན་བུ་ཤེས་པ་ཙམ་གྱིས་མི་འགྲིག་པར་ད་དུང་ངེས་པར་དུ་ལོ་རྒྱུས་ཀྱི་ཤེས་བྱ་སྦྱོང་བ་དང་། རིག་གནས་ཀྱི་རྨང་གཞི་ཟབ་གཏོང་། སྐྱེ་ཁམས་འདུ་ཤེས་ཟབ་གཏོང་བཅས་བྱེད་དགོས”

གནས་ལུགས་ཆེན་པོ་རྟོགས་དགོས་ན། སྔོན་ལ་ (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ལོ་རྒྱུས་ཤེས་རྟོགས་བྱེད་དགོས།

ཧྥུའུ་ཅན་ཉིང་ཏེར་ས་ཨུད་ཀྱི་ཧྲུའུ་ཅི་གནང་སྐབས་ཞི་ཅིན་ཕིང་གི་བླང་བྱ་ཞིག་ལས་ལས་རོགས་ཚོ“ཧོན་ཐོར”

དེ་ནི་ཞ་ཕུར་གཤམ་སྐྱོད་བརྟག་ཞིབ་གནང་སྐབས་ཞི་ཅིན་ཕིང་རྫོང་གི་ལོ་རྒྱུས་གཟིགས་རྒྱུར་མཉེས་པོ་ཡོད་པ་ཤེས་རྗེས་སྐབས་དེའི་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡིན་པའི་ཁྲེན་ཙེང་ཀོང་གིས་ཆེད་མངགས“ཞ་ཕུའུ་རྫོང་གི་ལོ་རྒྱུས”དེབ་གཅིག་ཕུལ། ཉིན་དེའི་མཚན་མོ་ཞི་ཅིན་ཕིང་གིས་ཁྲེན་ཙེང་ཀོང་བཙལ་གནང་སྟེ“ཁྱེད་ཀྱིས་ང་ལ་ཧྥུའུ་ཉིང་ཧྥུའུ་ཡི་ལོ་རྒྱུས་དེབ་གཅིག་འཚོལ་རོགས་གྱིས་དང”ཞེས་གསུངས།

ཧྥུའུ་ཅན་ཤར་རྒྱུད་ས་ཁུལ་ལ་གནའ་རབས་སུ་ཧྥུའུ་ཉིང་ཧྥུའུ་ཞེས་བརྗོད་པ་དང་ཁྲེན་ཙེང་ཀོང་སྐབས་དེ་དུས་ཧོན་ཐོར་ནས“གང་དུ་ལོ་རྒྱུས་དེ་འཚོལ་བར་འགྲོ་དགོས་སམ། ཁྲོམ་ར་ནས་རྙེད་ཐབས་མེད་པས་ང་ཚོས་མི་མངགས་ནས་རིག་གནས་ཁང་དུ་འཚོལ་བར་ཕྱིན་ཆོག”ཅེས་ཞུས།

མཐར་དེབ་གཅིག་རྙེད། ཁྲེན་ཙེང་ཀོང་གིས“ཧྲུའུ་ཅི་ཞི་ལགས། ངེད་ཚོ་ཉིན་གང་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ་སྐུ་ངལ་ཆེན་པོ་བྱུང་བའི་ཁར་ད་དུང་ཁྱེད་མཚན་གུང་དུ་དེབ་གཟིགས་རྩིས་ཡོད་དམ”ཞེས་བཀའ་འདྲི་ཞུས།

ཞི་ཅིན་ཕིང་གིས“བློ་མཐུན་ཙེང་ཀོང་ལགས་ང་ཚོས་དེ་ལྟར་གནས་ཚུལ་ལ་ལྟ་བ་དང་སྙན་སེང་ཉན་པ་ཁོ་ན་བྱས་ཚེ་མི་འགྲིག་པར་ད་དུང་ལོ་རྒྱུས་ལ་ལྟ་དགོས། རྫོང་ཞིག་གི་ལོ་རྒྱུས་ཀྱི་མཚོན་ཚུལ་ཡག་ཤོས་ནི་རྫོང་དེའི་ལོ་རྒྱུས་ཡིན་པ་དང་ཧྥུའུ་དེའི་ལོ་རྒྱུས་དེ་བས་ཆ་ཚང་བས་དེའི་ནང་དྲང་ཕྱོགས་ཀྱི་མི་སྣ་ཡོད་ལ་ལྡོག་ཕྱོགས་ཀྱི་མི་སྣའང་ཡོད། དེར་བརྟེན་ང་ཚོས་བལྟས་པ་ཙམ་གྱིས་ས་ཆ་དེར་གནས་ཚུལ་གང་ཞིག་ཐོན་མྱོང་ཡོད་མེད་ཤེས་ཐུབ་ལ་དེ་དཔྱད་གཞིར་ཡང་འཛིན་ཆོག”ཅེས་གསུངས།

ལོ་རྒྱུས་ཀྱི་ཁྲོད་ནས་ཉམས་མྱོང་དང་བློ་རིག་མྱོང་ལེན་བྱ་རྒྱུ་དེ་བཅོས་སྐྱོང་མཛད་ཇུས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད།

2012ལོའི་ཟླ་12པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ནས་ཡུན་རིང་མ་སོང་བའི་ཞི་ཅིན་ཕིང་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་འཚམས་འདྲི་གནང་བར་ཕེབས་སྐབས། སྐབས་དེ་དུས་མའོ་ཙེ་ཏུང་དང་ཧོང་ཡན་ཕེས་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་འཁོར་ལས་ཇི་ལྟར་སྒྲོལ་བའི་སྐོར་གྱི་སྐད་གྲགས་ཆེ་བའི་གླེང་མོལ་སྐོར་གསུངས།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང“ས་ཕུག་གླེང་མོལ”སྐོར་གླེང་གནང་བ་སྟེ། “བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་གྱི་ས་ཕུག་ནས་ལན་ཐེངས་དང་པོ་བསྐྱོན་གནང་བ་ནི‘མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་དུ་བཅུག་ཚེ་སྲིད་གཞུང་གིས་གཞི་ནས་ལྷོད་གཡེང་གཏོང་མི་ཕོད’ཅེས་པ་དེ་རེད། ལོ་བརྒྱའི་འབད་འཐབ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་གསར་པ་བརྒྱུད། རང་རེའི་ཏང་གིས་སླར་ཡང་ལན་གཉིས་པ་བཏབ་པ་ནི་རང་ངོས་གསར་བརྗེ་རེད”ཅེས་པ་དེ་རེད།

ལོ་རྒྱུས་ཀྱི་འཕེལ་རིམ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ངོས་ནས་དམིགས་བསལ་གྱི“ཤན་འབྱེད་ཚད་གཞི”ཞིག་དེ་བས་རེད།

ཧྥུའུ་ཀྲོའུ་སན་ཧྥང་ཆི་ཤང་སྲང་ལམ་གྱི་བྱང་རྒྱུད་དུ་ལིན་ཅུའེ་མིན་གྱི་བཞུགས་གནས་རྙིང་པ་འདུ་འཛི་ཆེ་བའི་ཁུལ་དུ་གནས་པ་དང་སྒོ་ཁར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་དང་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་རིག་དངོས་སྲུང་སྐྱོང་ཚན་པ་ཞེས་འཁོད་པའི་རྡོ་རིང་གཉིས་བཙུགས་ཡོད།

ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པས་རིག་དངོས་སྲུང་སྐྱོང་གི་རྡོ་རིང་དེའི་སྟེང་དེ་སྔ་ཧ་ཅང་ཆེ་བའི“བཤིག”ཅེས་པའི་ཡིག་འབྲུ་ཞིག་འཁོད་མྱོང་བ་ཤེས་ཀྱི་མེད།

སྐབས་དེར་ཤར་ལྷོའི་མཚོ་རྒྱུད་དུ་གནས་པའི་ཧྥུའུ་ཀྲོའུ་རུ་གྲོང་ཁྱེར་འཛུགས་སྐྲུན་དར་རྒྱས་ཆེ་བའི་སྐབས་འཁེལ་བས“གསར་སྤེལ”དང“བཤིག་སྐྲུན”གྱི་ཚ་རླབས་ཤིག་འཕྱུར།

1991ལོའི་ཟླ་3པར། སྐབས་དེ་དུས་ཧྥུའུ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཞི་ཅིན་ཕིང་གིས་ལིན་ཅུའེ་མིན་གྱི་བཞུགས་གནས་རྙིང་པར་རིག་དངོས་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་གནང་།

ཚོམས་ཆེན་གཉིས་པའི་བར་ཁྱམས་ཀྱི་མདུན་དུ་ཕེབས་སྐབས་ཞི་ཅིན་ཕིང་གིས་སྐབས་དེར་ཧྥུའུ་ཀྲོའུ་གྲོང་ཁྱེར་རིག་གནས་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་ཁུར་མཁན་ཡིན་པའི་ཧོང་ཆི་ཆོན་ལ“ཧོང་ལགས། འདི་གར་ལིང་ཅུའེ་མིན་གྱི་བཞུགས་གནས་རྙིང་པ་རེད་དམ”ཞེས་བཀའ་འདྲི་གནང་།

“རེད། ངེད་ཚོ་གནས་ས་འདི་ལིན་ཅུའེ་མིན་གྱི་བཞུགས་གནས་རྙིང་པའི་ཚོམས་ཆེན་རེད”

“ཡ་ཡ། ང་ཚོས་དེར་སྲུང་སྐྱོང་བྱས་ཏེ་ཉམས་གསོ་བྱ་རྒྱུའི་ཐག་བཅད་ཆོག”

སྟབས་བདེའི་བཀའ་མོལ་དེ་ལས་ལིན་ཅུའེ་མིན་གྱི་བཞུགས་གནས་རྙིང་པའི་ལས་དབང་ལ་རྦད་དེ་འགྱུར་ལྡོག་བྱུང་བ་རེད།

“ལམ་ལུགས་གཅིག་དང་སྟོབས་ཤུགས་གཅིག་ཡར་ཐོན་དང་ལོག་སྤྱོད་ཡིན་མིན་ལ་གདེང་འཇོག་བྱེད་པའི་གཙོ་གནད་ཅིག་ནི་དེས་ལོ་རྒྱུས་དང་རིག་གནས་ལ་འཛིན་པའི་རྣམ་འགྱུར་ལ་ལྟ་དགོས”

ཞི་ཅིན་ཕིང་གིས་དེ་སྔ“ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ལས་ཡུལ་ཕྱོགས་དེ་གའི་མིའི་འཚོ་བ་འཕྱིད་པ་དང་ད་ཆའི་འཕེལ་རྒྱས་ནི་འདས་ཟིན་པའི་ལོ་རྒྱུས་རྒྱུན་མཐུད་བྱས་པ་ཞིག་རེད། ཡུལ་གཅིག་གི་ཏང་སྲིད་འགོ་ཁྲིད་པ་ཡིན་པའི་ངོས་ནས་ངེས་པར་དུ་ས་ཆ་དེ་གའི་ལོ་རྒྱུས་འཕོ་འགྱུར་དང་། ལོ་རྒྱུས་རིག་གནས། ལོ་རྒྱུས་མི་སྣ། སྲོལ་རྒྱུན་གསུང་རབས་དང་གསུང་རྩོམ་བཅས་ལ་ཤེས་རྟོགས་བྱེད་དགོས་པ་མ་ཟད། ད་དུང་ལ་ལ་ངག་ལ་ཟིན་ནས་དེ་དག་ས་ཆ་དེ་གའི་རིག་གནས་མིང་ཤོག་ལ་བརྩི་དགོས”ཞེས་སེམས་བཟང་ཚིག་ནན་ངང་གསུངས།

ཡངས་པའི་དུས་དང་བར་མཐོངས་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བསྐྱར་དར་དང་མིའི་རིགས་ཡར་ཐོན་གྱི་བརྗོད་བྱ་ཟབ་མོར་བསམ་གཞིགས་གནང་བཞིན་ཡོད།

“ཁྱེད་གང་ནས་ཡོང་བ་ཡིན་ནམ”

“སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ་རྒྱུར་གུས་པ་ནི་ཀྲུང་གོའི་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་གི་ཆའོ་ཡུན་ཧྥེ་ཡིན། ཤིས་ཝ་གནའ་གྲོང་གི་ལོ་རྒྱུས་གནའ་ཤུལ་སྲུང་སྐྱོང་དང་ཉམས་གསོའི་རྣམ་གྲངས་ཀྱི་འགན་འཁུར་བཞིན་ཡོད”

“ཡིན་ཅིག་རིག་དངོས་སྲུང་སྐྱོང་ཡག་པོ་བྱེད་དགོས”

2016ལོའི་ཟླ་6ཚེས་22ཉིན་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཐ་ཧྲི་ཀན་དུ་བྲེལ་བརྩོན་ཆེ་བའི་རྒྱལ་དོན་འཚམས་འདྲི་གནང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་ཁོམ་པ་བཙལ་གནང་སྟེ་གསོལ་མགྲོན་ཁང་དུ་ཕེབས་ནས་ཨུ་ཟ་བྷེ་ཁི་སི་ཐན་དུ་རིག་དངོས་སྲུང་སྐྱོང་དང་གནའ་རྫས་རྟོག་ཞིབ་མཉམ་ལས་བྱེད་བཞིན་པའི་ཀྲུང་གོའི་རིག་དངོས་གནའ་རྫས་རྟོག་ཞིབ་ལས་དོན་པ་དང་མཇལ་འཕྲད་གནང་ནས། མི་ཚང་མའི་རུས་མིང་དང་ཨུ་ཟ་བྷེ་ཁ་སི་ཐན་དུ་སྤེལ་བཞིན་པའི་རྣམ་གྲངས་ཀྱི་ནང་དོན་བྱམས་བརྩེའི་ངང་བཀའ་འདྲི་གནང་།

དེ་ནི་ཚང་མའི་བསམ་ཡུལ་ལས་འདས་པའི་བཀོད་སྒྲིག་ཅིག་རེད།

“སྐབས་དེ་དུས་ང་ཚོ་དང་ཨུ་ཟ་བྷེ་ཁི་སི་ཐན་དུ་ཡོད་པའི་འཐབ་ཕྱོགས་ཁག་གི་ཀྲུང་གོའི་ལས་དོན་པ་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཉམ་སྡེབ་མཇལ་འཕྲད་གནང་རྒྱུར་སྒུག་བཞིན་ཡོད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངེད་ཚོ་དང་མཇལ་འཕྲད་གནང་རྒྱུའི་བརྡ་ཐོ་གློ་བུར་དུ་འབྱོར་བྱུང”སྐབས་དེ་དུས་ཀྱི་གནས་ཚུལ་དྲན་གསོ་བྱེད་སྐབས་ཆའོ་ཡུན་ཧྥེ་ལ་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཕྱོགས་གང་ས་ཅི་ཐད་ནས་རིག་གནས་ཀྱི་བག་ཆགས་ཆེན་པོ་མངོན།

སྒམ་བརླིང་ལྡན་པའི་སྒྲིག་ལམ་དང་ཡ་རབས་སྤྱོད་བཟང་གི་སྲོལ་རྒྱུན་ལས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་མི་ཆོས་ཀྱི་སྟོབས་ཤུགས་སྦྱིན་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཉིན་བཞིན་འཐུས་སྒོ་ཚང་པོ་ཡོང་བར་ཁྲིད་སྟོན་ཐུབ་པ་དང་། རྟག་ཏུ་རྣམ་པ་གསར་པ་གཏོད་པའི་སྙིང་སྟོབས་ལས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བར་ལྕག་སྐུལ་ཐུབ་པ། བྱ་དངོས་རང་ངོས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་མི་དང་རང་བྱུང་ཁམས་མཉམ་འདྲེས་ཀྱི་མཚན་ཉིད་རིག་པ་དེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་མཉམ་འདྲེས་ཐུབ་པ་བཅས་བྱུང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་འོག་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་རྣམ་པ་བཅས་ལྡན་པའི་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་ཡོད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:国内新闻
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་གཅིག་གཙོ་སྐྱོང་སྐོང་འཚོགས་གནང་བ།
ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་སེམས།