第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་སེམས།
རྒྱང་ལམ་གསར་པར་འབད་བརྩོན་གྱིས། དུས་རབས་གསར་པར་བྱས་རྗེས་འཇོག
ཚུགས་གནས་མཐོ་རུ་བཏང་ནས་འཛུགས་གཏོད་འཚོལ། བློ་གཅིག་སེམས་གཅིག་ངང་ནས་མདུན་གྲལ་བརྩོན།
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་གཅིག་གཙོ་སྐྱོང་སྐོང་འཚོགས་གནང་བ།
མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཐེར་འདོན་སྒྲུབ་སྤྲོད་དང་ ལྟ་སྐུལ་བྱེད་ཀྱིན་དག་ཐེར་བྱས་པའི་གནས་ཚུལ།
རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་དགོས།
| 山南网首页 |
2022年5月23日 星期
3 上一篇  下一篇 4 放大 缩小 默认
ཚུགས་གནས་མཐོ་རུ་བཏང་ནས་འཛུགས་གཏོད་འཚོལ། བློ་གཅིག་སེམས་གཅིག་ངང་ནས་མདུན་གྲལ་བརྩོན།
དོན་ཆེན་བཞིར་དམ་འཛིན་དང་འཛུགས་གཏོད་བཞིར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།
 

རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག འཛུགས་གཏོད་བཞིར་ སྐུལ་འདེད་ཤུགས་ཆེན་བཏང་ནས་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་བཞི་མངོན་འགྱུར་བྱེད་པར་འབད་བརྩོན་བྱ་རྒྱུ་དེ་ནི་སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གོམ་སྟབས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་དང་། རང་འགུལ་ངང་ཞབས་ཞུ་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པ་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀར་བརྟེན་གང་ཐུབ་བྱེད་པའི་དངོས་ཡོད་བྱ་སྤྱོད་ཞིག་ཡིན་ལ། དོན་ཆེན་བཞི་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འགན་ལེན་བཞི་མངོན་འགྱུར་བྱེད་པའི་འདྲེན་རྟེན་གལ་ཆེན་ཞིག་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་ཞིག་རེད།

གྲོང་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་དང་།གོ་སྐབས་སྟངས་འཛིན་འཕྱུགས་མེད།ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་ཀྱི་རྨང་གཞིའི་ཐོག་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དྲུག་གི་དམིགས་ཚད་བཏོན་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་པས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས་གཏན་འཁེལ་གཉིས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་འགུལ་བཅས་ཀྱི་ཐོག་ནས་འགན་འཁྲི་འཁུར་ཕོད་པ་དང་འབད་འབུངས་ཡར་བརྩོན་གྱིས། ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བཅས་བྱས་ཏེ་ཐབས་ཇུས་བཀོད་སྒྲིག་ཁག་ཡར་ཀླུང་ས་གཞི་ཆེ་མོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་ཐུབ་པ་བྱེད་དགོས། དོན་ཆེན་བཞི་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འཛུགས་གཏོད་བཞི་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱ་དགོས། ཏང་གི་ཚོཊ་ཆེན་བཅོ་བརྒྱད་པ་འཚོཊ་ཚུན།(པར་ངོས་གསུམ་པར་གཟིཊ)

(པར་ངོས་དང་པོར་མཐུད) བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་ཞེས་གསུངས་གནང་ཡོད་པ་དེས་ཏང་གི་སྲིད་སྐྱོང་མཛད་ཇུས་དང་རྒྱལ་སྐྱོང་འཛད་ཇུས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་ལས་དོན་དེ་ཉིད་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་གནས་བབ་སྔར་བས་མཐོ་རུ་ཕྱིན་པ་དང་། བོད་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ཡུན་རིང་བོད་བརྟན་ལྷིང་དང་བོད་དར་རྒྱས་ཡོང་བ་བྱེད་པའི་བརྒྱུད་རིམ་ནང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་ཡོད།བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་གང་འདྲ་ཞིག་སྐྲུན་རྒྱུ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཇི་ལྟར་སྐྲུན་རྒྱུའི་རྩ་བའི་གནད་དོན་དེར་ལན་གཏིང་ཟབ་བསྐྱོན་ནས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། འཛུགས་གཏོད་བཞི་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་བཞི་མངོན་འགྱུར་བྱེད་པར་འབད་བརྩོན་བྱ་རྒྱུ་དེ་ནི།རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་རིགས་གཞུང་གསར་གཏོད་ཀྱི་གྲུབ་འབྲས་དང་དུས་རབས་གསར་པའི་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་པའི་གལ་ཆེའི་རིགས་གཞུང་གསར་གཏོད་དང་ལག་ལེན་གསར་གཏོད་བྱས་པ་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་ལོན་བྱེད་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་པ།རྒྱལ་ཁབ་ལ་འགན་འཁྲི་འཁུར་བ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་མངོན་འགྱུར་བྱ་རྒྱུར་གཞི་ཚུགས་ནས་གཏན་འཁེལ་གཉིས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་མཐའ་གཅིག་དུ་བྱེད་པའི་དོན་དངོས་བྱ་སྤྱོད་ཞིག་ཡིན་ཅིང་།རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཀྱི་རྩ་བའི་ཆབ་སྲིད་ཀྱི་འགན་འཁྲི་མཚོན་ཡོད།ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་དང་།རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཐོག་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲི་འཁུར་སེམས་དང་།ལས་འགན་སྒྲུབ་སེམས།དགོས་གཏུགས་ཀྱི་བསམ་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དོན་ཆེན་བཞི་དམ་འཛིན་ཡག་པོ་དང་གསར་གཏོད་བཞི་ལ་སྐུལ་འདེད་གཏོང་བའི་འབྲེལ་བ་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱ་དགོས། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་འཁུར་ནས་བདེ་འཇགས་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱས་ཏེ། ཡུན་རིང་བདེ་འཁོད་ལ་དམིགས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཇུས་འགོད་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། དངོས་པོ་དང་བསམ་པའི་བར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱ་དགོས་ཤིང་། ལྟོ་གོས་འགན་ལེན་བྱ་དགོས་ལ་དེ་བས་ཀྱང་བསམ་བློར་སྟངས་འཛིན་ བྱས་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་འབྲས་བུ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ལས་ཕྱོད་དང་འདྲ་མཉམ་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་པར། འཕེལ་རྒྱས་མགྱོགས་སུ་གཏོང་དགོས་ལ།འདྲ་མཉམ་ལ་དེ་བས་ཀྱང་ལྟ་རྟོག་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་ཐོག ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དབར་གྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས།སྲོལ་རྒྱུན་སྲུང་སྐྱོང་དང་དཔལ་ཡོན་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དག་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱས་ཏེ་དེང་རབས་རིག་གནས་དང་མཉམ་འདྲེས་ཐུབ་པ་བྱེད་དགོས། འབྲེལ་བ་དེ་དག་ཐག་གཅོད་ཡག་པོ་བྱེད་པར་ང་ཚོས་འབད་འཐབ་དམིགས་ཚད་ལ་དམིགས་ནས་ལྷོད་གཡེང་མི་གཏོང་བ་དང་།ལྷོ་ཁའི་དོན་དངོས་ལ་གཞི་ཚུགས་པ།དུས་ཡུན་རིང་པོའི་ལག་ལེན་ཁྲོད་གསོག་འཇོག་བྱས་པའི་རྩ་ཆེའི་ཉམས་མྱོང་དང་ཟུང་འབྲེལ་བཅས་བྱས་ཏེ་གོ་སྐབས་དམ་འཛིན་དང་འགྲན་སློང་ལ་ཁ་གཏད་བཅག་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་འགྲོ་ལམ་ཐོག་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། དོན་ཆེན་བཞི་དང་། འགན་ལེན་བཞི་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འཛུགས་གཏོད་བཞིར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཐོག་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་བཞི་ཧུར་ཐག་ངང་མངོན་འགྱུར་ཐུབ་པ་བྱ་རྒྱུ་ནི་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་འཐབ་ཇུས་ཀྱི་དམ་འཛིན་བྱ་གཞི་ཞིག་རེད།རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ནི་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ཡིན་ཞིང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གཏོད་པའི་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་དང་།མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་བྱེད་དགོས།ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྐྱོད་ཁུལ་གཏོད་པར་ཤུགས་རྒྱག་རྒྱུ་དེ་ནི། ་ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་ལག་བསྟར་གཏིང་ཟབ་བྱས་ནས།ས་མཐོའི་ལན་པར་དང་། ལྗང་མདོག་ལན་པར།ཁྱད་ལྡན་ལན་པར་བཅས་བཏོད་དགོས་པ་དང་།སྤུས་ཚད་མཐོ་བའི་རྣམ་གྲངས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།སྤུས་ཚད་མཐོ་བའི་ཐོན་ལས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ།སྤུས་ཚད་མཐོ་བའི་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་ནུས་སྤྲད་དེ།དམངས་འཚོའི་འདུ་འགོད་ཆེ་གྲས་བཅུར་སྐུལ་འདེད་ཤུགས་ཆེན་བཏང་ཐོག། བློ་གཅིག་སེམས་གཅིག་གིས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས།རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་རྒྱག་པར་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་ཞིག་ཡིན་པ་བློ་ལ་བརྟན་པོར་ངེས་ནས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ།སྣོད་བཅུད་སླར་གསོ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས།རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གཏོད་རྒྱུར་ཤུགས་སྣོན་རྒྱག་པར་རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་།རྒྱལ་མཚམས་དུས་བདེ་མ་བྱུང་ན།ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད་པ་བློ་ལ་བརྟེན་པོར་ངེས་པ་བྱས་ཏེ།སྔ་བར་ཕྱི་གསུམ་དུ་ཆབ་སྲིད་ཐོག་ནས་མཐའ་སྟོབས་ལ་ལྟ་བ་དང་།འཐབ་ཇུས་ཐོག་ནས་མཐའ་སྟོབས་ལ་སྐུལ་སྤེལ་གཏོང་བ།ལས་ཀའི་ཐོག་ནས་མཐའ་སྟོབས་དམ་འཛིན་བཅས་བྱས་ཏེ་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་འདི་ཉིད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་བསྐྱོད་ཐུབ་པ་བྱེད་དགོས།གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ལྗོངས་ཏང་ཨུད་ཀྱིས་འཆར་འགོད་བྱས་པའི་བརྗིད་ཆེའི་འཆར་གཞིར་དམིགས་ཏེ།གྲོང་ཨུད་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དྲུག་གི་བླང་བྱ་གཞིར་བཟུང་བསམ་པའི་ཉམས་འགྱུར་བཟང་པོ་དང་འབད་འབུངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་ དོན་ཆེན་བཞི་དམ་འཛིན་ཡག་པོ་བྱེད་པ་དང་།འཛུགས་གཏོད་བཞིར་སྐུལ་འདེད་གཏོང་ཆེད་ ལེགས་སྐྱེས་གང་ཡོད་འབུལ་དགོས།

དམིགས་འབེན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱ་དགོས། བློ་བརྟན་འགྱུར་མེད་ངང་གཏན་འཁེལ་གཉིས་ ལ་སྲུང་སྐྱོབ་བྱས་ཏེ་སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་བྱ་རྒྱུ་དེ་ལྗོངས་ཏང་ཨུད་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པའི་ཐོག་ནས་མངོན་མཚོན་ཐུབ་པ་བྱེད་དགོས་པ་དང་། དམིགས་ཚད་ལས་འགན་ལ་དམིགས་རྒྱུ་ལྷོད་གཡེང་མི་གཏོང་བར་སྔར་བས་འདུ་ཤེས་བརྗེས་སྒྱུར་དང་བསམ་ཕྱོགས་གསར་གཏོད་བྱེད་དགོས་པ། ལས་འགན་དམིགས་ཚད་ཅན་དང་། དམིགས་ཚད་རྣམ་གྲངས་ཅན་མཐའ་འཁྱོངས་ཀྱིས་ལས་དོན་ཚང་མར་བཀོད་སྒྲིག་དང་སྐུལ་འདེད་ཡོད་པ་དང་། ཞིབ་ཕྲའི་མཛུབ་ཁྲིད་ཡོད་པ། ལྟ་ཞིབ་དང་ཚོད་སྐོར་ཡོད་པ། ཕྱོགས་སྡོམ་ལན་ཆ་ཡོད་པ། མི་སྣ་གཏན་འཁེལ་དང་།ལས་འགན་གཏན་འཁེལ།འགན་འཁྲི་གཏན་འཁེལ།དམིགས་ཚད་གཏན་འཁེལ།དུས་བཀག་གཏན་འཁེལ་བཅས་བྱས་ནས་ལས་དོན་ཁག་དོན་འཁྱོལ་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས།རང་འགུལ་ངང་དམིགས་ཚད་ལ་ཞིབ་བསྡུར་བྱས་ནས་འགན་འཁྲི་ལས་བགོས་ལ་གཞིགས་ཏེ་དམིགས་ཚད་ལས་འགན་འཕྱུགས་མེད་འཚོལ་བ་དང་། རང་འཁྲིའི་ལས་ཀར་གཞི་ཚུགས་ནས་འཛུགས་གཏོད་བཞིར་སྐུལ་འདེད་གཏོང་དགོས།

གནད་དོན་ལ་ཁྲིད་ཕྱོགས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།རང་འགུལ་ངང་གནས་ཚུལ་གསར་པར་ཞིབ་འཇུག་དང་།གནད་དོན་གསར་པ་ཐག་གཅོད་ཧུར་ཐག་བྱེད་པ།རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པས་གཏན་འཁེལ་བྱས་པའི་གལ་ཆེའི་བཀོད་སྒྲིག་ལ་དམིགས་ཏེ་ལྷུ་ཚིགས་ཞན་ས་དང་མངོན་ཆེའི་ཞན་ཆ་འཚོལ་ཞིབ་ཡང་དག་བྱས་ཐོག་གསར་གཏོད་ཀྱི་བསམ་བློ་དང་།ཁྲིམས་སྐྱོང་གི་བསམ་གཞིགས།གཞི་ཐིག་གི་བསམ་གཞིགས་བཅས་སྤྱོད་མཁས་པོ་བྱས་ཏེ་གནད་དོན་ཐག་གཅོད་བྱེད་རིང་བྱ་གཞག་ཁག་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་བྱ་གཞག་ཁག་གོང་འཕེལ་གཏོང་རིང་དཀའ་གནད་སེལ་དགོས།འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་ཏེ་འགལ་བ་གཙོ་བོ་དམ་འཛིན་དང་།བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱེད་པ།འགག་གནད་སྒྲོལ་ཐབས་བྱེད་པལེགས་ཆ་འདོན་པ།ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། གཅིག་གྱུར་དང་ཁ་འགྲེམ་ཟུང་དུ་འབྲེལ་རྒྱུ་མཐའ་འཁྱོངས་བྱ་དགོས། མིག་མངས་འགྲིག་སྐོར་གཅིག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།མ་ལག་གི་འདུ་ཤེས་མཐའ་འཁྱོངས།ཆ་ཤས་དང་ཁྱོན་ཡོངས། མིག་སྔ་དང་རྒྱང་རིང་།གཙོ་གནད་དང་སྤྱིར་བཏང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ལས་ཀའི་མ་ལག་རང་བཞིན་དང་མཉམ་སྒྲུབ་རང་བཞིན་འབུར་ཐོན་ཡོང་བ་བཅས་བྱེད་དགོས། གཅིག་གྱུར་དང་ཁ་འགྲེམ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་།རྩོད་སྒྲུབ་ཀྱི་བསམ་གཞིགས་ལ་བརྟེན་ནས་ཁྱོན་ཡོངས་ལ་དབྱེ་ཞིབ།ཁྱབ་ཁོངས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁྱོན་ཡོངས་ལ་ཇུས་འགོད་བཅས་བྱས་ཏེ་ཁྱོན་ཡོངས་ཀྱི་ལས་འགན་བགོས་མ་ཐག་ཏུ་རང་ཐག་རང་གཅོད་མི་ཡོང་བ་བྱེད་དགོས་ལ། ཡུན་རིང་གི་དམིགས་ཚད་དེ་དུས་ཐུང་ཅན་དུ་འགྱུར་བ་དང་། བརྒྱུད་རིམ་ལྡན་པའི་དམིགས་ཚད་ཐར་ཐོར་ཅན་དུ་འགྱུར་རིགས་ཀྱང་གཏན་འགོག་བྱས་ནས་དབྱེ་བགོས། འགན་འཁྲི་ཁ་གསལ་པོ་དང་གཅིག་གྱུར་ལ་བརྟེན་ནས་མཉམ་ཤུཊ་ཤིག་ཆཊ་པ་བྱེད་དགོས། དོན་འཁྱོལ་དམ་འཛིན་བྱ་དགོས། དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་མཐའ་བསྐོར་ཏེ་སེམས་ནུས་ཡོད་རྒུ་བཏོན་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་བྱ་གཞག་ཁག་མདུན་ཕྱོགས་སུ་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས།ཕར་ཆིན་རྒྱག་པ་དང་གཟེར་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས་ཐབས་ཇུས་བཀོད་སྒྲིག་ཁག་ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་ཞིབ་ཕྲའི་བྱ་ཐབས་དང་ཞིབ་ཕྲའི་བྱ་སྤྱོད་ཐོག་ཞིབ་ཕྲ་འཁྱོལ་ཐུབ་པ་བྱེད་དགོས།དངོས་ཐོག་བདེན་འཚོལ་དང་།དམ་པ་དོན་གཉེར།རང་ཉིད་ལ་གནོན་ཤུགས་སྤྲོད་པ།དུས་ཚོད་ཀྱིས་མི་སྒུག་པ་བཅས་ལ་བརྟེན་ནས།བྱེད་ཐབས་ནུས་ལྡན་སྤྱད་དེ།རྡུང་པའི་ཤུལ་དང་འདྲུད་པའི་རྗེས་འཇོག་པའི་སྤྱོད་ཚུལ་བཟུང་སྟེ།རེ་རེ་བཞིན་སྐུལ་འདེད་དང་།རེ་རེ་བཞིན་ཐོ་སུབ་པ།རེ་རེ་བཞིན་དོན་འཁྱོལ་བཅས་བྱས་ཏེ། ལས་དོན་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་ཡོང་བའི་འགན་ལེན་བྱ་དགོས།

འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས།རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་བཏང་སྟེ་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།ལས་ཀའི་འགན་འཁྲི་ནན་དུ་གཏོང་བ།འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།འགན་ལེན་འགན་གཙང་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ནས་མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ་དང་།དུས་ཐོག་ཏུ་བཀོད་གཏོང་བྱས་ཏེ་སྙན་ཞུ་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས་པ་དང་།གལ་ཆེའི་དོན་དག་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ཆེད་སྒྲུབ་ཚན་པ་ཁག་གིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཆ་འཕྲིན་མཉམ་སྤྱོད་དང་།གནས་ཚུལ་གྲོས་མོལ།ལས་ཀའི་སྙན་ཞུ་བྱེད་པ་སོགས་འབྲེལ་ཡོད་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ལས་དོན་ཁག་ཕན་འབྲས་ཡག་པོ་ཐོན་རྒྱུའི་འགན་ལེན་བྱེད་དགོས།རིམ་ཁག་སྡེ་ཚན་ཁག་གིས་ལས་ཀའི་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་། འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བཅས་བྱས་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད་བྱེད་པ་དང་། བྱས་འབྲས་དངོས་ལ་བརྟེན་ནས་དཔའ་བོ་ཡིན་མིན་ལྟ་བའི་ཁྲིད་ཕྱོགས་གསལ་པོ་བརྟན་པོ་འཛུགས་དགོས། ས་འབྲས་མངོན་གསལ་དོད་པོ་ཡོད་མཁན་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས་ཏེ་ལས་བྱེད་པས་གནས་གཅེས་ལས་བརྩོན་དང་།གསར་གཏོད་ལས་གཏོད།བྱས་རྗེས་འཇོག་པ་བཅས་བྱ་རྒྱུར་སྐུལ་མ་གཏོང་དགོས། དབྱེ་འབྱེད་གསུམ་མཐའ་འཁྱོངས་བྱེད་པ་དང་། ལྟ་བ་གསལ་སྟོན་གྱིས་ལས་དོན་སྒྲུབ་མཁན་ལ་རྒྱབ་སྐྱོར་བྱེད་པ།འགན་འཁུར་མཁན་ལ་འགན་འཁུར་བ།འཁུར་ཕོད་མཁན་ལ་འགན་འཁྲི་འཁུར་བ་བཅས་བྱས་ཏེ་བྱ་གཞག་དངོས་སྒྲུབ་མཁན་ལ་གྱོང་གུན་གཏན་ནས་མི་ཕོག་པ་བྱེད་དགོས། འགན་འཁྲི་ཡག་པོ་མི་སྒྲུབ་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་བཏང་ཐོག་སྒྲིག་ཁྲིམས་ནན་པོར་བརྟེན་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལས་དོན་ཏན་ཏིག་སྒྲུབ་པ་དང་། མདུན་གྲལ་དུ་སྐྱོད་པའི་བྱ་སྤྱོད་ཀྱི་རང་རྟོགས་དང་། ལས་ཀའི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུའི་འགན་ལེན་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་འགན་འཁུར་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དོན་ཆེན་བཞི་དམ་འཛིན་ཡག་པོ་དང་།འཛུགས་འཛུགས་བཞི་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཐོག།ཚུགས་གནས་མཐོ་རུ་བཏང་སྟེ་འཛུགས་གཏོད་འཚོལ་ཞིབ་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་མདུན་གྲལ་དུ་སྐྱོད་ཐུབ་པ་བྱེད་དགོས་པ།བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་པའི་གོ་རྟོགས་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པ། དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པ། བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་དྲུག་མངོན་འགྱུར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷོ་ཁའི་ལེའུ་གསར་པ་ཧུར་ཐག་བརྩམས་ཐོག་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་སོ། བསོད་ནམས་བསྟན་པས་བསྒྱུར།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:国内新闻
ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་སེམས།
རྒྱང་ལམ་གསར་པར་འབད་བརྩོན་གྱིས། དུས་རབས་གསར་པར་བྱས་རྗེས་འཇོག
ཚུགས་གནས་མཐོ་རུ་བཏང་ནས་འཛུགས་གཏོད་འཚོལ། བློ་གཅིག་སེམས་གཅིག་ངང་ནས་མདུན་གྲལ་བརྩོན།
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་གཅིག་གཙོ་སྐྱོང་སྐོང་འཚོགས་གནང་བ།
མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཐེར་འདོན་སྒྲུབ་སྤྲོད་དང་ ལྟ་སྐུལ་བྱེད་ཀྱིན་དག་ཐེར་བྱས་པའི་གནས་ཚུལ།
རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་དགོས།