ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་
སྣོན་ཏན་ཏིག་རྒྱག་དགོས།
★ ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་དགོས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱེད་དགོས་པ་མ་ཟད། བྱ་སྤྱོད་མཐའ་དག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བཀའ་དགོངས་དང་བཀོད་འདོམས་ལ་ཉན་དགོས།
★ ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་དགོས་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་དང་། དོན་གྲོས་ལམ་སྲོལ་དང་ཐབས་ཇུས་ཀྱི་གོ་རིམ་ཚགས་ཚུད་དུ་གཏོང་བ། འགོ་ཁྲིད་ཚན་ཁག་སྤྱི་ཡོངས་ཀྱི་ནུས་པ་ཡག་པོ་འདོན་པ་བཅས་བྱས་ཏེ། ཐབས་ཇུས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ཡིན་པ་དང་། ལག་བསྟར་བློ་ཐག་ཆོད་ཅིང་ནུས་ལྡན་ཡིན་པ། ལས་སྒྲུབ་ཁྲིམས་དང་མཐུན་ཞིང་ནུས་ཕྱོད་ཆེ་བ་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས། རྒྱུན་དུ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་ཀྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། རྩ་དོན་གྱི་རང་བཞིན། དམག་འཐབ་ཀྱི་རང་བཞིན་བཅས་ཤུགས་ཆེར་གཏོང་དགོས།
★ ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་དགོས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་ཆབ་སྲིད་ཀྱི་རྩ་དོན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ། ཁ་གསངས་ཕོད་པ་དང་དཔའ་དམ་གཤོམ་ཕོད་པ། ངོས་འཛིན་གཅིག་མཐུན་དང་ཁ་ཞེ་གཉིས་མེད། རྣམ་འགྱུར་གསལ་པོ་དང་གོམ་སྟབས་གཅིག་མཐུན་བཅས་བྱེད་ཐུབ་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཀྱི་དོན་རྟོགས་པ་དང་གཞུང་དྲང་བ་ཞིག་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
ཏང་གི་བསམ་བློ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།
★ རྒྱུན་རྣམ་ཅན་གྱི་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་པ།
★ རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་ལ་དམ་འཛིན་ཡག་པོ་བྱེད་དགོས་པ།
★ རྒྱུན་རྣམ་ཅན་གྱི་སྒྲོག་འགྲེལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ།
★ རྒྱུན་རྣམ་ཅན་གྱི་སྦྱོང་བརྡར་ལ་དམ་འཛིན་ཡག་པོ་བྱེད་དགོས་པ།
★ རྒྱུན་རྣམ་ཅན་གྱི་ཁྱབ་གདལ་གཏོང་བར་དམ་འཛིན་ཡག་པོ་བྱེད་དགོས་པ།
★ རྒྱུན་རྣམ་ཅན་གྱི་ཞིབ་འཇུག་གྲོས་བསྡུར་ལ་དམ་འཛིན་ཡག་པོ་བྱེད་དགོས་པ།
འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་
ཏན་ཏིག་རྒྱག་དགོས།
★ འགག་རྩར་དམ་འཛིན་བྱས་ཏེ་རིམ་ཁག་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ།
★ རྐང་འཛིན་པ་སྟོབས་ཆེར་བཏང་སྟེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ།
★ ཤེས་ཡོན་རྨད་བྱུང་ཅན་གཅིག་ཏུ་བསྡུས་ནས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ།
སྟོབས་ཤུགས་ཆེ་རུ་བཏང་ནས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་བཀོལ་སྤྱོད་ཡག་པོ་བྱེད་དགོས་པ།
“ཕན་འདོགས་པ་ལྔ”
★ ཏང་དང་རྒྱལ་ཁབ་ཀྱི་གསོན་ཤུགས་རྒྱུན་འཁྱོངས་ཐུབ་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱེད་པར་ཕན་འདོགས་པ་དང་།
★ སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་འདོགས་པ།
★ སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་དང་སྐུལ་འདེད་དང་། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་ཕན་འདོགས་པ།
★ སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་བསྒྲུབས་པ་དང་། མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པར་ཕན་འདོགས་པ།
★ མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་ལ་ཕན་འདོགས་པ་བཅས་སོ།
འགོ་ཁྲིད་ལས་བྱེད་པས“མཐའ་འཁྱོངས་དྲུག་དང་
མིག་དཔེ་དྲུག”གི་ནུས་པ་འདོན་དགོས།
★ གཅིག་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་མིག་དཔེ་འདོན་དགོས།
★ གཉིས་ནས་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་དམངས་ལ་སྲིད་བརྩོན་གྱི་མིག་དཔེ་འདོན་དགོས།
★ གསུམ་ནས་དམ་པ་དོན་གཉེར་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་འགན་འཁུར་ཕོད་པའི་མིག་དཔེ་འདོན་དགོས།
★ བཞི་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་འདོན་དགོས།
★ ལྔ་ནས་ཀུན་སྤྱོད་ལ་བརྟེན་ནས་རང་བཀུར་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་སྤྱོད་གཙང་གཞུང་དྲང་གི་མིག་དཔེ་འདོན་དགོས།
★ དྲུག་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་མིག་དཔེ་འདོན་དགོས།
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།