④
བུ་བཙའི་སྲིད་ཇུས་སྐོར།
བུ་བཙའི་སྲིད་ཇུས་གསར་པ་དོན་འཁྱོལ་བྱས་ནས་ཕན་འབྲས་
ཐོན་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག བུ་བཙའི་སྲིད་ཇུས་གསར་པ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
འདི་ལོའི་ཟླ་7པར《བུ་བཙའི་སྲིད་ཇུས་ལེགས་སུ་བཏང་ནས་མི་འབོར་ཡུན་རིང་དང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》ཡོང་བསྒྲགས་བྱས་ནས་ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་ལྷན་སྦྱར་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱ་རྒྱུའི་ཐབས་ཇུས་གལ་ཆེན་བཏོན་ཡོད། ཟླ་8པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་འབོར་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་རེད།
མིག་སྔར་རང་རྒྱལ་གྱི་ས་ཆ་མང་པོས་མི་འབོར་དང་འཆར་ལྡན་བུ་བཙའི་སྲོལ་ཡིག་ལ་གཅིག་རྗེས་གཉིས་མཐུད་ངང་བཟོ་བཅོས་བརྒྱབ་ཡོད། ཧྲང་ཧའེ་ཡིས་བུ་བཙའི་ངལ་གསོ་ཉིན་30ནས་ཉིན་60བར་རིང་དུ་བཏང་བ་དང་། མཚོ་སྔོན་གྱིས་སྐྱེས་པ་ཚོར་བཟའ་ཟླར་ལྟ་རྟོག་གི་ངལ་གསོ་ཉིན་15རིང་དུ་བཏང་བ་དང་། ཕྲུ་གུ་གསོ་བའི་ངལ་གསོ་རིང་དུ་བཏང་བ། ཕྲུ་གུ་བཙས་གསོའི་དུས་ཚོད་རིང་དུ་བཏང་བ། ཁ་གསབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བཀྲག་མདངས་འཚེར་སར་གྱུར་ཡོད།
⑤
ཐུན་མོང་འབྱོར་ཕྱུག་སྐོར།
“སྒོ་ངའི་བག་ལེབ”ཆེན་པོ་དང་ཡག་པོ་བཟོ་དགོས་ལ་བགོ་བཤའ་
ལུགས་མཐུན་དང་དྲང་གཞག་རྒྱག་དགོས།
ཚོགས་འདུའི་ཐོག ཐུན་མོང་ཐོག་འབྱོར་ཕྱུག་གི་དམིགས་ཚད་མངོན་འགྱུར་བྱེད་པར་དང་ཐོག་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་ནས“སྒོ་ངའི་བག་ལེབ”ཆེན་པོ་དང་ཡག་པོ་བཟོ་དགོས། དེ་རྗེས་ལུགས་མཐུན་གྱི་ལམ་ལུགས་བཀོད་སྒྲིག་བྱས་ནས“སྒོ་ངའི་བག་ལེབ”བགོ་བཤའ་ལུགས་མཐུན་དང་དྲང་གཞག་རྒྱག་དགོས། བགོ་བཤའ་རྒྱག་པའི་བྱེད་ནུས་དང་ནུས་པ་འདོན་སྤེལ་བྱེད་པ་དང་རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་རྒྱུ་ལྟར་བགོ་བཤའ་རྒྱག་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཁྲལ་བསྡུ་དང་། སྤྱི་ཚོགས་འགན་བཅོལ། སྤོ་སྒྱུར་གཏོང་སྤྲོད་སོགས་ཀྱི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། འདོད་མོས་ཡོད་ལ་འཇོན་ཐང་ཡོད་པའི་ཁེ་ལས་དང་སྤྱི་ཚོགས་ཀྱི་ཚོགས་སྤྱིས་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཧུར་ཐག་ཞུགས་པར་རྒྱབ་སྐྱོར་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།
མིག་སྔར་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་རྒྱུ་དེ་བས་གལ་འགངས་ཆེ་བའི་གནས་བབ་ཐོག་བཞག་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་པུའི་ཞིབ་འཇུག་པ་ཕུང་ཝུན་མོང་གིས་ཚོགས་འདུའི་ཐོག་བགོ་བཤའ་རྒྱག་པའི་བྱེད་ནུས་དང་ནུས་པ་འདོན་སྤེལ་བྱེད་དགོས་པའི་ནན་བཤད་བྱས་པ་དེས་ཡོང་འབབ་བགོ་བཤའ་ལུགས་མཐུན་དང་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བར་ཕན་པ་ཡོད་ཅེས་བཤད།
⑥
ནུས་རྒྱུ་མཁོ་སྤྲོད་སྐོར།
མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱས་
ནས་ལྗང་མདོག་ཐཱན་ཉུང་དར་སྤེལ་གཏོང་བ།
ཚོགས་འདུའི་ཐོག ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་པར་ཁེ་ལས་ཆེ་གྲས་དང་ལྷག་པར་དུ་གཞུང་ཁོངས་ཁེ་ལས་ཀྱིས་སྣེ་ཁྲིད་དེ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།
འདི་ལོ་ཚུན་དུ་རྒྱལ་སྤྱིའི་ཁྲོམ་རའི་ནུས་རྒྱུའི་རིན་གོང་ཤུགས་ཆེན་འཕར་བ་དང་རྒྱལ་ནང་གི་གློག་ཤུགས་དང་རྡོ་སོལ་མཁོ་སྤྲོད་བྱེད་ཚད་མུ་མཐུད་ཉུང་དུ་ཕྱིན་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ལས་དེ་གོང་ས་གནས་འགར་གློག་ཚོད་འཛིན་བྱེད་པའི་གནས་ཚུལ་ཐོན་ཡོད་པ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བྱ་ཐབས་ནུས་ལྡན་སྤྱད་དེ་ནུས་རྒྱུ་མཁོ་སྤྲོད་དང་ལྷག་པར་དུ་དམངས་ཀྱི་འཚོ་བའི་ནང་སྤྱོད་པའི་ནུས་རྒྱུ་འགན་ལེན་བྱས་པས་ནུས་རྒྱུ་མཁོ་སྤྲོད་མི་འདང་བའི་གནས་ཚུལ་ཞི་ལྷོད་དུ་ཕྱིན་ཡོད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནུས་རྒྱུ་ཞིབ་འཇུག་སུའོ་ཡི་མཐོ་རིམ་བློ་འདྲི་བ་ཧན་ཝུན་ཁོའོ་ཡིས་ནུས་རྒྱུ་མཁོ་སྤྲོད་དང་ལྷག་པར་དུ་དམངས་ཀྱི་འཚོ་བའི་ནང་སྤྱོད་པའི་ནུས་རྒྱུ་འགན་ལེན་བྱེད་པ་དེ་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་ཡོང་རྒྱུ་དང་འབྲེལ་བ་ཡོད་ལ་ཁྱིམ་ཚང་ཁྲི་སྟོང་མང་པོའི་འཚོ་བ་དང་ཡང་འབྲེལ་བ་ཡོད། གཞུང་ཁོངས་ཁེ་ལས་ནི་རང་རྒྱལ་གྱི་རྡོ་སོལ་དང་གློག་ཤུགས་ཐོན་སྐྱེད་ཀྱི“གཙོ་ཤུགས་དམག”ཡིན་པས་སྣེ་ཁྲིད་དེ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱེད་དགོས།